ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་བོད་ལུགས་ས་གདན་འགྲེམ་སྟོན།

2018ལོའི་ཀྲུང་གོ༼ མཚོ་སྔོན ༽ བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་ཚོགས་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་དུ་བསྡུས།

སྤེལ་དུས། 2018-06-02 14:39:21   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

 

ཟླ6པའི་ཚེས2ཉིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཀྲུང་གོ་བོད་ལུགས་ས་གདན་མཐུན་ཚོགས། ཀྲུང་གོ་ཚོང་ལས་སྐུལ་སྤེལ་ཚོགས་པའི་མཚོ་སྔོན་ཡན་ལག་ཚོགས་པ། ཀྲུང་གོ་ཟས་རིགས་ནང་ཕྱི་འདྲེན་ཚོང་ཚོགས།    ཀྲུང་གོ་ཁྱིམ་སྤྱོད་འཁེལ་ཐག་ཐོན་རྫས་ལས་རིགས་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་གནང་བའི2018ལོའི་ཀྲུང་གོ༼ མཚོ་སྔོན ༽བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་ཚོགས་འགོ་རྩོམ་པའི་མཛད་སྒོ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་སུ་བསྡུས།  

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་བང་ཅན་ཅུན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་རིན་ཧྭོང་པིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།  

ཐེངས་འདིའི་འགྲེམ་ཚོགས་ཀྱིས“ལྗང་མདོག་ལྡན་པའི་ས་གདན་འཐག་ནས། རྒྱུད་གཅིག་ལམ་གཅིག་ལ་སྦྲེལ་ཟམ་བསྐྲུན”ཞེས་པ་བརྗོད་གཞི་རུ་བཟུང་ཡོད་ཅིང་། རྒྱལ་ཁབ་ཉེར་དགུ་ནས་ཡོང་བའི་ཁེ་ལས་པ242དང་། རྒྱལ་ནང་གི་ཁེ་ལས་པ103བཅས་ཐེངས་འདིའི་འགྲེམ་ཚོགས་སྟེང་ཞུགས་ཡོད། འགྲེམ་ཚོགས་ཡུལ་དངོས་སུ་ཀྲུང་གོའི་སྤུས་ལེགས་ས་གདན་འགྲེམ་ཁུལ་དང་།  རྒྱལ་སྤྱིའི་སྤུས་ལེགས་ས་གདན་འགྲེམ་ཁུལ།  ས་གདན་ཉམས་ཞིབ་ཁུལ་བཅས་འགྲེམ་ཁུལ་གསུམ་དུ་བགོས་ཡོད་ལ།  འགྲེམ་ཁུལ་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ལྔ་ཁྲི་ལྷག་ཡོད། སྔོན་དཔག་བྱས་པ་ལྟར་ན། ཚོང་འགྲུལ་སྡེ་ཁག་དང་ལྟད་མོ་བ་སོགས་ཐེངས་འདིའི་འགྲེམ་ཚོགས་ལ་དོ་སྣང་བྱེད་མཁན་མི་གྲངས་ཁྲི30ལས་བརྒལ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན།  ད་ལོའི་འགྲེམ་ཚོགས་ཀྱིས་སྔར་ལྟར་རྒྱལ་ནང་གི་ཚོགས་ཞུགས་ཚོང་འགྲུལ་སྡེ་ཁག་སྲ་བརྟན་དང་ཁྱབ་བརྡལ་དུ་གཏོང་བའི་རྨང་གཞིའི་སྟེང་། རྒྱལ་ཕྱིའི་ཚོགས་ཞུགས་ཚོང་འགྲུལ་སྡེ་ཁག་གི་གཞི་རྒྱ་ཆེ་རུ་བཏང་ཡོད་དེ། ཕཱ་ཁི་སི་ཐན་དང་། ནེ་པ་ལ།  རྒྱ་གར། དབྱི་ལིང་།  ཨ་ཧྥུའུ་ཧན་སོགས་སྲོལ་རྒྱུན་གྱི་ཚོགས་ཞུགས་རྒྱལ་ཁབ་མུ་མཐུད་དུ་ད་ལོའི་འགྲེམ་ཚོགས་སུ་ཞུགས་པ་ལས་གཞན། ད་དུང་ཀྲི་ལིས་དང་པཱོ་ལིས་ཝེ་ཡཱ། ཨི་ཀཱ་ཏོ་ཨར། པིས་ལུའུ་སོགས་རྒྱལ་ཁབ་དུ་མའི་ས་གདན་ཚོང་འགྲུལ་སྡེ་ཁག་གསར་དུ་གདན་འདྲེན་ཞུས་ཡོད་པ་དང་། ཁོ་ཚོས་སྤུས་ལེགས་ཀྱི་མིས་འཐག་ས་གདན་དང་། ས་གདན་འགེལ་རིས།  ས་གདན་གྱི་མ་བཅོས་རྒྱུ་ཆ་སོགས་བསྣམས་ནས་ཐེངས་འདིའི་འགྲེམ་ཚོགས་སུ་ཞུགས་ཡོད།

ཀྲུང་གོ༼ མཚོ་སྔོན ༽བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་གྱི་གལ་ཆེའི་ཚོང་དོན་བྱ་འགུལ་ཞིག་ཡིན་ལ།  2004ལོར་ཐོག་མའི་འགྲེམ་ཚོགས་སྤེལ་བ་ནས་ད་ལྟའི་བར་གྱི་ལོ་ངོ་བཅོ་ལྔའི་རིང་། འགྲེམ་ཚོགས་སུ་ཞུགས་མཁན་གྱི་ཚོང་འགྲུལ་སྡེ་ཁག་མང་ནས་མང་དུ་འཕར་བཞིན་ཡོད་ལ། ལོ་རེ་རེའི་འགྲེམ་ཚོགས་ཀྱི་སྐབས་སུ།  རྒྱལ་སྤྱིའི་སྒང་གི་ས་གདན་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་གཙོ་གྲས་ཁག་དང་། ས་གདན་འཛད་སྤྱོད་ཀྱི་རྒྱལ་ཁབ་གཙོ་གྲས་ཁག དེ་མིན་ད་དུང་རྒྱལ་ནང་གི་ས་གདན་ཁེ་ལས་གྲགས་ཅན་སོགས་མཚོ་སྔོན་དུ་འཛོམས་ཡོད་པས། འགྲེམ་ཚོགས་ཀྱི་རྒྱལ་སྤྱི་རང་བཞིན་དང་།  སྒོ་འབྱེད་རང་བཞིན།  ཆེད་ལས་རང་བཞིན་སོགས་མུ་མཐུད་ནས་འབུར་དུ་ཐོན་ཡོད་ལ།  རྒྱལ་ཁབ་ཕྱི་ནང་ལ་ཤུགས་རྐྱེན་མི་དམན་པ་བཞག་དང་འཇོག་བཞིན་ཡོད།

འགོ་རྩོམ་མཛད་སྒོའི་སྟེང་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་བང་ཅན་ཅུན་གྱིས་འགོ་རྩོམ་མཛད་སྒོ་ཁྱབ་སྒྲོག་བྱེད་པ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་བང་ཅན་ཅུན་དང་། ཀྲུང་ཧྭ་མི་དམངས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་རིན་ཧྭོང་པིན། ཀྲུང་གོ་ཚོང་ལས་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཁྲིན་ཀྲིག་བཅས་ཀྱིས་ས་གདན་གྱི་མཚོན་བྱེད་རི་མོར་གྱུར་བའི་སྡོང་ཕྲུག་ལ་ཆུ་གཏོར་ནས་འགྲེམ་ཚོགས་དངོས་སུ་མགོ་རྩོམ་པ།

JIU_2952.jpg

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་བང་ཅན་ཅུན་སོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ས་གདན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

JIU_2972.jpg

 མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་བང་ཅན་ཅུན་སོགས་ཀྱིས་ཞིང་ཆེན་ནང་ཁུལ་གྱི་ས་གདན་ལ་རྒྱུས་ལོན་བྱེད་བཞིན་པ།

མདོ་འཛིན་པ་ནོར་བཟང་རྒྱ་མཚོ་དང་ཚེ་བརྟན་སྒྲོལ་མ་གཉིས་ཀྱིས་ཐེངས་འདིའི་འགོ་རྩོམ་མཛད་སྒོར་མདོ་འཛིན་བྱེད་བཞིན་པ།

རིག་རྩལ་འཁྲབ་སྟོན་གྱིས་མཛད་སྒོའི་དབུ་བསུ་བ།

སྙན་མོ་དབྱངས་ཀྱི་མཆོད་པ།

ས་གདན་གྱི་རྒྱུ་སྤུན་ལ་འགྲོགས་པའི་གར་གྱི་སྟངས་སྟབས།

ས་གདན་གྱི་རྒྱུ་སྤུན་ལ་འགྲོགས་པའི་གར་གྱི་སྟངས་སྟབས། 

ས་གདན་འགྲེམ་སྟོན་གྱི་ཡུལ་དངོས།

ཡུལ་དངོས་སུ་འཐག་འཐག་བཞིན་པ།

བོད་ལུགས་ས་གདན་གྱིས་བོད་ཁྱིམ་མཛེས་པར་བརྒྱན་པ།

གདང་ལ་དཔྱངས་བའི་ས་གདན་ཀྱི་སྤུན།

 

ཡུལ་དངོས་སུ་བལ་བསེད་ནས་ས་གདན་གྱི་རྒྱུ་ཆར་གྲ་སྒྲིག་བྱེད་བཞིན་པ།

ཡུལ་དངོས་སུ་སྐུད་པ་འཁེལ་ནས་ས་གདན་གྱི་རྒྱུ་ཆར་གྲ་སྒྲིག་བྱེད་བཞིན་པ།

གསར་འགོད་པ།   ལྕགས་ཐར་ཚེ་རིང་།   དབང་རྒྱལ་ཚེ་རིང་།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།