ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་བོད་ལུགས་ས་གདན་འགྲེམ་སྟོན།

2018ལོའི་ཀྲུང་གོའི༼ མཚོ་སྔོན ༽ བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་ཆེན་གྱི་བྱ་དགའ་གནང་བའི་ཚོགས་འདུ་བསྡུས།

སྤེལ་དུས། 2018-06-04 22:04:22   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཐུབ་བསྟན།

 

2018ལོའི་ཟླ6པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་གཙོ་སྒྲུབ་གནང་ཞིང་ཀྲུང་གོའི་བོད་ལུགས་ས་གདན་མཐུན་ཚོགས་ཀྱིས་འགན་སྒྲུབ་གནང་པའི2018ལོའི་ཀྲུང་གོའི༼ མཚོ་སྔོན ༽བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་བྱ་དགའ་གནང་བའི་ཚོགས་འདུ་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་བསྡུས་ཤིང་། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཐན་ཅིན་ཁྲིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་གཞོན་པ་ཧྥིན་ཀྲི་ཀང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཐིན་ཀྲང་ཧྲང་ཡུས་ལུང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ཕྱོགས་སོ་སོའི་སྐུ་མགྲོན་རྣམས་ཞུགས་ཡོད།

ཚོགས་འདུ་ལས་ལས་ཁུངས་དང་སྡེ་ཚོགས། སྡེ་ཁག མི་སྒེར་སོ་སོར་བྱ་དགའ་གཟེངས་རྟགས་གནང་ཞིང་། དེ་ལས་འཐབ་ཇུས་མཉམ་ལས་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག་དང་མཛའ་བརྩེའི་བྱ་དགའ་ཐོབ་མཁན་གཅིག བྱས་རྗེས་འབུར་ཐོན་གྱི་བྱ་དགའ་ཐོབ་མཁན་བཅུ། མཉམ་ལས་ཟླ་གྲོགས་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་བཅོ་ལྔ། མཉམ་ལས་ལས་ཁུངས་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་ཉེར་གཉིས། ཡིད་རྟོན་ཟླ་གྲོགས་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་ལྔ། གསར་འགྱུར་སྨྱན་བྱད་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་བཅུ་གསུམ། སྨྱད་བྱད་གསར་བ་མཉམ་བསྲེས་ཀྱི་བྱ་དགའ་ཐོབ་མཁན་བཞི། ཇུས་འགོད་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག ཇུས་འགོད་གསར་གཏོད་ཀྱི་བྱ་དགའ་ཐོབ་མཁན་གཅིག སྲོལ་རྒྱུན་དང་དེང་རབས་མཉམ་བསྲེས་ཀྱི་བྱ་དགའ་ཐོབ་མཁན་གཅིག ལག་ལེན་ཁྱད་ཆོས་ཅན་གྱི་བྱ་དགའ་ཐོབ་མཁན་གསུམ། དར་ཁྱབ་ཁ་ཕྱོགས་ཅན་གྱི་བྱ་དགའ་ཐོབ་མཁན་གཅིག འགྲེམ་སྟོན་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག ཉོ་སྒྲུབ་འགྲན་རྩོད་ནུས་ཤུགས་ཅན་གྱི་བྱ་དགའ་ཐོབ་མཁན་གཉིས། ཀྲུང་གོའི་ས་གདན་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཉིས། རྒྱ་གར་གྱི་ས་གདན་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག དབྱི་ལིང་གི་ས་གདན་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག ཨ་ཧྥུ་ཧན་གྱི་ས་གདན་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག ཕཱ་ཁི་སི་ཐན་གྱི་ས་གདན་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག ནེ་པཱ་ལའི་ས་གདན་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག འཇར་མན་གྱི་ས་གདན་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་པའི་ས་གདན་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག རྒྱལ་ཁབ་གཞན་དག་གི་ས་གདན་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག སྲོལ་རྒྱུན་ཇུས་འགོད་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག གསར་གཏོད་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག ཁོར་སྲུང་ས་གདན་རྩེར་སོན་གྱི་བྱ་དགའ་ཐོབ་མཁན་གཅིག ལོ་འཁོར་ཧྲིལ་བོའི་ས་གདན་ཇུས་འགོད་པའི་བྱ་དགའ་ཐོབ་མཁན་གཉིས། དེ་མིན་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ནས་ཐོན་པའི་དང་བླངས་པ་བཅོ་བརྒྱད་ལ་བྱ་དགའི་གཟེངས་རྟགས་གནང་།

བྱ་དགའ་གནང་བའི་ཚོགས་འདུ་འདི་བརྒྱུད་ནས་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་མུ་མཐུད་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྟེགས་བུར་བསྐྱོད་པར་ནུས་པ་མི་དམན་པ་ཐོན་ངེས་ལ། དེ་མིན་འབྲེལ་ཡོད་ལས་ཁུངས་དང་སྡེ་ཚོགས། སྡེ་ཁག མི་སྒེར་སོ་སོར་སྐུལ་ལྕག་གི་ནུས་པ་ངེས་ཅན་ཐོན་ནས་སྤུས་དག་ཅིང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་ནུས་བླ་ལྷག་ཐོན་ངེས་རེད།

ཚོགས་འདུར་ཕེབས་པའི་འགོ་ཁྲིད་ལྷན་རྒྱས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐན་ཅིན་ཁྲིན་གྱིས་བྱ་དགའ་གནང་བཞིན་པ།

བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་དང་མི་སྒེར།

བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་དང་མི་སྒེར།

བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་དང་མི་སྒེར།

བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་དང་མི་སྒེར།

བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་དང་མི་སྒེར།

བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་དང་མི་སྒེར།

དང་བླངས་སློབ་མས་སེམས་འདུན་བརྗོད་བཞིན་པ།

བྱ་དགའ་གནང་བཞིན་པ།

བྱ་དགའ་གནང་བཞིན་པ།

བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་དང་མི་སྒེར།

བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་དང་མི་སྒེར།

བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་དང་མི་སྒེར།

བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་དང་མི་སྒེར།

བྱ་དགའ་ཐོབ་མཁན་གྱི་ལས་ཁུངས་དང་མི་སྒེར།

 

གསར་འགོད་པ། ལྕགས་ཐར་ཚེ་རིང་། དབང་རྒྱལ་ཚེ་རིང་། ཐུབ་བསྟན།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།