ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་རང་ཞིང་གི་ཚོགས་ཆེན་གཉིས། > གསར་འགྱུར།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ།

སྤེལ་དུས། 2018-02-01 16:04:34   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

168606012662332151.jpg

དེ་རིང་སྟེ་ཟླ་གཉིས་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་སྟེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

671367157737448291.jpg

དེ་རིང་སྟེ་ཟླ་གཉིས་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་སྟེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

254020421895553156.jpg

དགའ་བསུའི་ཐལ་མོ་རྡེབ་བཞིན་པ།

466669513404303023.jpg

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ།

11104341672972299.jpg

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ།

80938473467351291.jpg

གྲོས་ཚོགས་རྒྱལ་ཁའི་ངང་གྲོལ།

528639819238195123.jpg

གྲོས་ཚོགས་རྒྱལ་ཁའི་ངང་གྲོལ།

དེ་རིང་སྟེ་ཟླ་གཉིས་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་སྟེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

གྲོས་ཚོགས་ལ་འཐུས་མི་སུམ་བརྒྱ་དང་གོ་གཉིས་ཞུགས་དགོས་པ་དང་། འཐུས་མི་སུམ་བརྒྱ་དང་གྱ་གསུམ་དངོས་སུ་ཚོགས་ཐོག་ཏུ་འབྱོར་བས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་གོ་ཧྲིན་དང་། ཀྲང་ཀོང་རུང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཝང་ཅན་ཅུན་དང་། པད་མ། རིན་ཆེན་རྒྱལ། རྡོ་རྗེ་རབ་བརྟན། ལིའུ་ཉིང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། ཆུའུ་ཞིན་ཡུང་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཀྲང་ཀོང་རུང་གིས་ཚོགས་ཆེན་ལ་འགོ་འཛིན་བྱས།

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་ཨུ་ཡོན་དང་། ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་གདམ་མིའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཉིས་སྟོང་བཅུ་བདུན་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅུ་བདུན་ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་བཅོ་བརྒྱད་ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་གྱིས་གཏམ་བཤད་གནང་།

ཝང་གོ་ཧྲིན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་དམངས་ཆེན་གྱི་འཐུས་མི་ཡོངས། རང་ཞིང་གི་རྒྱལ་ཁབ་ལས་ཁུངས་སྐབས་གསར་པའི་འགོ་ཁྲིད་ལས་འགན་འཁུར་རྒྱུ་མིན་པའི་བློ་མཐུན་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་བླ་མེད་གུས་འདུད་ཞུས། ཁོས་བསྟན་དོན། ལོ་ལྔའི་རིང་ལ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམ་དུ་དམིགས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་ནུས་སྣ་ཚོགས་ལག་བསྟར་གང་ལེགས་བྱས་ཏེ། རང་ཞིང་གི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། གྲོས་ཚོགས་ནས་ང་རང་མཚོ་སྔོན་ཞིང་ཆེན་ དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་དང་ཝང་ཅན་ཅུན་སོགས་རང་ཞིང་གི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་པ་དང་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལ་བདམས་པ་ནི་འཐུས་མི་རྣམ་པ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཡིད་ཆེས་བྱས་པ་ཡིན་པས། ང་ཚོར་ལས་འགན་ལྕི་བ་དང་འགན་འཁྲི་གཟི་བརྗིད་ལྡན་པའི་ཚོར་སྣང་སྐྱེས། ང་ཚོས་ཆབ་སྲིད་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོས་དཔེ་སྟོན་བཟང་བོ་བྱེད་རྒྱུ་ཡིན་པ་དང་། དམིགས་འབེན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བར་དཔེ་སྟོན་བཟང་བོ་བྱེད་རྒྱུ་ཡིན་ལ། ཁག་ཁུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས་དོན་དངོས་ཀྱི་བྱ་བ་བསྒྲུབ་པར་དཔེ་སྟོན་བཟང་བོ་བྱེད་རྒྱུ་ཡིན་ཞིང་། ཁྱོན་ཡོངས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པར་དཔེ་སྟོན་བཟང་བོ་བྱེད་རྒྱ་ཡིན་པ་དང་། སྒྲིག་སྲོལ་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས་སྤྱོད་གཙང་རང་གཅུན་བྱེད་པར་དཔེ་སྟོན་བཟང་བོ་བྱེད་རྒྱུ་ཡིན། ང་ཚོས་མངག་བཅོལ་སྟོང་སད་དུ་གཏན་ནས་མི་གཏོང་བ་དང་འགན་འཁྲི་དང་ལེན་བཟང་བོ་བྱས་ཏེ། སྒེར་སེམས་མེད་པར་མཚོ་སྔོན་ལ་དགའ་ཞེན་བཅངས་ནས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་ལ་བྱས་རྗེས་འཇོག་རྒྱུ་མ་ཟད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བརྟེན་ནས་མཚོ་སྔོན་གསར་བའི་ལས་དོན་སྣ་ཚོགས་སྔར་ལས་གོང་འཕེལ་དུ་གཏོང་རྒྱུ་ཡིན་ཟེར།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། ང་ཚོས་ངེས་པར་དུ་ཛ་དྲག་ཆེ་པའི་འདུ་ཤེས་བཞི་ལ་བརྟེན་ནས་ཡང་དག་པའི་མདུན་སྐྱོད་ཁ་ཕྱོགས་སྲུང་འཛིན་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་སྒྲེང་ཞིང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། དངོས་འབེབས་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཆབ་སྲིད་འཛུགས་སྐྲུན་གོ་གནས་གལ་ཆེན་དུ་འཇོག་དགོས་ལ། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ། ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱེད་དགོས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་དེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཤིང་། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོབ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་བྱེད་པར་མ་ཟད། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་བྱེད་པ་སྲུང་འཛིན་བྱས་ཏེ། སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་ཡི་རེ་བ་གལ་ཆེན་དངོས་འབེབས་བཟང་བོ་བྱེད་པ་དང་། ཟུང་སྦྲེལ་དང་སྒྱུར་སྤོར་ཐད་ལ་ཤུགས་སྐྱེད་པ་དང་ཕན་འབྲས་ངོ་མ་ཐོབ་པར་བརྩོན་ལེན་བྱེད་དགོས་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་འབད་བརྩོན་བྱེད་དགོས་ཟེར། 

ཝང་གོ་ཧྲིན་གྱིས་བཤད་རྒྱུར། ང་ཚོས་ངེས་པར་དུ་རིགས་སོ་སོའི་མང་ཚོགས་ལ་འཚོ་བ་སྔར་ལས་བཟང་པོ་རོལ་ཏུ་འཇུག་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམངས་ཚིས་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྱབ་ཆེ་ཞིང་རིམ་པ་མང་བ་དང་། ལམ་ལུགས་ཅན་གྱི་ཕྱོགས་སུ་འཕེལ་བར་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས། མངོན་གསལ་སྲིད་གཞུང་འཛུགས་སྐྲུན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་མུ་མཐུད་དུ་གསར་འཛུགས་བྱས་ནས། རི་སྔར་ལས་ལྗང་བ་དང་ཆུ་སྔར་ལས་གཙང་བ། མཁའ་དབུགས་སྔར་ལས་བཟང་བའི་རབ་མཛེས་མཚོ་སྔོན་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྔར་ལས་ཕུན་སུམ་ཚོགས་པའི་དངོས་པོ་དང་རིག་གནས་འཚོ་བ་དང་། སྔར་ལས་འཐུས་སྒོ་ཚང་བའི་དམངས་གཙོའི་ཁེ་དབང་། སྔར་ལས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག སྔར་ལས་བཟང་བའི་སྐྱེ་ཁམས་ཁོར་ཡུག་བཅས་ལྡན་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ནང་གནས་སྒུལ་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། ཧུར་ཐག་སྒོས་ལས་སྐྲུན་ལས་ཞུགས་བྱེད་པ། ལས་བརྩོན་དང་བློ་གྲོས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བཟང་བོ་གསར་གཏོད་བྱེད་དགོས། ང་ཚོས་ངེས་པར་དུ་བསམ་བློ་བཅིངས་འགྲོལ་ཆེན་པོ་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་བ་གསར་གཏོད་བྱེད་དགོས། ལྟ་བ་གསུམ་དང་སྒྱུར་བ་བཞི། སྒོ་འབྱེད་མཉམ་བསྲེས། བཅོས་སྒྱུར་ཟབ་སྤེལ་བཅས་ཀྱི་ཁྲོད་བསམ་བློ་བཅིངས་འགྲོལ་བྱེད་དགོས། སློབ་སྦྱོང་ཆེན་པོ་དང་སྒྲོག་འགྲེལ་ཆེན་པོ། རྟོག་ཞིབ་ཆེན་པོ་བཅས་བྱེད་པའི་གྲུབ་འབྲས་བཀོལ་སྤྱོད་བྱེད་པ་དང་ཟུང་འབྲེལ་དང་། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་བྱ་འགུལ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ། མི་འགྱང་བར་སྤེལ་རྒྱུ་ཡིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་འགུལ་དང་ཟུང་འབྲེལ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་མིག་རྒྱ་དང་བསམ་རྒྱ་སྔར་ལས་རྒྱ་བསྐྱེད་དེ། ཞིང་ཆེན་ཡོངས་ཀྱི་ལས་དོན་སྣ་ཚོགས་དབྱར་མཚོ་རྒྱས་པ་བཞིན་དུ་འཕེལ་རྒྱས་སུ་གཏོང་དགོས། ང་ཚོས་ངེས་པར་དུ་ཁྲིམས་སྐྱོང་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས་ལ། ཁྲིམས་ལྟར་ཁྱོན་ཡོངས་ནས་ཞིང་ཆེན་བཅོས་སྐྱོང་བྱེད་པའི་བྱ་བ་སྔར་ལས་གོ་གནས་འབུར་ཐོན་དུ་བཞག་སྟེ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བརྩི་བ་དང་ཁྲིམས་སློབ་པ། ཁྲིམས་བཀོལ་སྤྱོད་བྱེད་པ་བཅས་ཀྱི་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། བཅའ་ཁྲིམས་དང་ཚུལ་བཞིན་སྐྱོང་བ་གཉིས་མཉམ་དུ་འཛིན་དགོས་ལ། རྩ་ཁྲིམས་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་ནུས་ཡོད་སྒོས་སྤེལ་ཞིང་། བདེ་འཇགས་དང་གོ་རིམ་ལྡན་ཞིང་གསོན་ཤུགས་རྒྱས་པའི་སྤྱི་ཚོགས་ཁོར་ཡུག་སྔར་ལས་བསྐྲུན་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས། ང་ཚོས་ངེས་པར་དུ་གཟབ་ནན་གྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ལག་ལེན་མཐར་ཕྱིན་བྱེད་པའི་ལག་བསྟར་ཞིབ་ཕྲ་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱེད་ཐབས་རབ་དང་རིམ་པ་ནན་ཏན་སྒོས་ལག་བསྟར་བྱས་ནས། ལངས་ཕྱོགས་གསལ་བའི་སྒོ་ནས་དོན་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཏན་ཏིག་སྒོས་བྱ་བ་སྒྲུབ་པའི་དྲང་ཕྱོགས་ཀྱི་ནུས་ཚད་ཆགས་པར་བྱས་ནས། ཉིན་རེ་རེ་དམ་འཛིན་བྱེད་པ་དང་བྱ་བ་རེ་རེ་བཟང་བོར་བསྒྲུབ་སྟེ། ཡར་རྒྱས་གོང་འཕེལ་གྱི་མཚོ་སྔོན་གསར་བ་གསར་གཏོད་བྱེད་དགོས་ཟེར། 

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྲ་བརྟན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་བརྗེ་བ་དེ་འགོ་ཚུགས་ས་རུ་བྱེད་པ་དང་། འགན་སྒྲུབ་ནུས་པ་འཛུགས་སྐྲུན་ཐད་ཤུགས་སྣོན་པ། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་འགན་འཁྲི་སྣ་ཚོགས་ཕྲག་ཏུ་བླངས་ནས། དམངས་འཐུས་ཚོགས་ཆེན་བྱ་བའི་ཁྲིམས་ལུགས་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱེད་དགོས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱི་ཏང་ཙུའུ་ཡིས་རང་རྟོགས་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ནས། དམངས་འཐུས་ཚོགས་ཆེན་རྩ་འཛུགས་ཁྲོད་ཀྱི་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྐབས་གསར་བའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་རང་འགུལ་གྱིས་རིགས་སོ་སོའི་མང་ཚོགས་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། བརྟན་བརླིང་དང་ཕན་འབྲས་ལྡན་པའི་སྒོ་ནས་འཐུས་མིའི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཤེས་རིག་དང་སྟོབས་ཤུགས་འབུལ་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་དམངས་འཐུས་ཚོགས་ཆེན་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བསྒྱུར་བྱས་ནས། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་ཁྲིམས་ཁང་། ཞིབ་དཔྱོད་ཁང་གིས་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་གཏན་ཁེལ་ལག་བསྟར་ནན་མོ་བྱེད་པ་དང་། རང་རྟོགས་སྒོས་དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་དམངས་འཐུས་ཚོགས་ཆེན་གྱི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཧུར་ཐག་གིས་དམངས་འཐུས་ཚོགས་ཆེན་གྱི་བྱ་བར་ཁོར་ཡུག་དང་ཆ་རྐྱེན་ལེགས་པོ་བསྐྲུན་དགོས་ཟེར།

ཁོང་ཡུང་དང་ཧན་ཅན་ཧྭ། ཝང་ལིས་མེན། ཡཱང་ཧྥིན་ཁྲུན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། མཱ་ཁྲང་ཆིན། ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧེ་དབྱིན། ཝང་ཞོན། ཁྲིན་མེན་གོ། ཡན་པད། ངག་དབང་བསོད་ནམས། ཁྲིན་ཏིན་ལུས་བཅས་ཀྱང་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། སུའུ་ཉིན། དབང་མོ། ཚའོ་ཝུན་ཧུའུ། ཚའོ་ཧུང་བཅས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་རྒྱལ་ཁའི་ངང་གྲོལ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།