ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་རང་ཞིང་གི་ཚོགས་ཆེན་གཉིས། > སྒྲ་ལྡན།

འཐུས་མི་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་མཆོག་ལ་བཅར་འདྲི་བྱས་པ།—མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་འབྲེལ་མཚམས་སུ་ཡོད་པའི་རང་ཞིང་གི་དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་འཚོ་བར་རོགས་སྐྱོར་གང་ལེགས་བྱེད་དགོས།

སྤེལ་དུས། 2018-01-29 16:58:17   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

ཉིན་འདི་འགར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་རྣམས་ཀྱིས་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ཟབ་མོ་བྱེད་བཞིན་ཡོད།

སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དུ་རང་ཞིང་གི་འཕེལ་རྒྱས་ཀྱི་སྤྱིའི་ཁོར་ཡུག་དང་བྱེ་བྲག་གི་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། རྗེས་ཕྱོགས་ཀྱི་ལོ་ལྔ་ནི་གོམ་པ་གཉིས་སུ་དབྱེ་ནས་བཀོད་སྒྲིག་བྱས་ཡོད། གོམ་པ་དང་པོ་ནི་ཉིས་སྟོང་ཉི་ཤུ་ལོའི་བར་དུ། རྒྱལ་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱས་ཏེ། རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཕོངས་ལས་ཐར་བ་དང་། དབུལ་ཕོངས་སྡེ་བ་ཡོངས་རྫོགས་དབུལ་ཕོངས་ལས་ཐར་བ། དབུལ་ཕོངས་རྫོང་ཐམས་ཅད་ཀྱི་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་པ་བཅས་བྱ་དགོས་ཞེས་ནན་གྱིས་བསྟན་ཡོད།

རང་རེའི་ལས་ཁུངས་ཀྱི་གསར་འགོད་པས་འཐུས་མི་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་མཆོག་ལ་བཅར་འདྲི་བྱེད་སྐབས། ཁོང་གིས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཡོད་པའི་རང་ཞིང་གི་དཀའ་ཁག་ཅན་གྱི་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བར་དོ་སྣང་ཆེན་པོ་བྱེད་བཞིན་འདུག
 

180863762518406461.jpg

འཐུས་མི་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་མཆོག

གསར་འགོད་པ། ཕྱུག་ལོ། ལྷ་རྒྱལ་བཀྲ་ཤིས།

ལྟ་སྐུལ་པ། དབྱངས་ཅན།

སྤྱིའི་ལྟ་སྐུལ་པ། རྣ་བྷ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།