ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་རང་ཞིང་གི་ཚོགས་ཆེན་གཉིས། > སྒྲ་ལྡན།

ཡང་དག་སྲིད་ཇུས་སྒྲོག་པའི་ཕོ་ཉ། ༼ ཆེད་སྒྲིག ༽

སྤེལ་དུས། 2018-02-06 16:07:53   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། གཡང་འབུམ་རྒྱལ།

152027454038365590.jpg 

རྨ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཏང་ཨུའི་བསམ་པའི་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་རྫོང་དར་དམར་སྒྲོག་བཤད་ཚོགས་པའི་ཁོངས་མི་ཨོ་རྒྱན་ཚེ་རིང་གིས་དར་དམར་སྒྲོག་བཤད་ཚོགས་པའི་སྤྱིའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་འབྲེལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དྲིལ་སྒྲོག་བྱས་པའི་གནས་ཚུལ་སྐོར་གླེང་བཞིན་པ། 

677025616119810101.jpg

རྩེ་ཁོག་རྫོང་རྩེ་ཆུ་གྲོང་བརྡལ་གྱི་གྲོང་གཙོ་གཞོན་པ་དང་དར་དམར་སྒྲོག་བཤད་ཚོགས་པའི་ཁོངས་མི་སྒྲོལ་མ་སྐྱབས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་བཤད་བྱས་པའི་གནས་ཚུལ་ཞིབ་ཏུ་གླེང་བཞིན་པ། 

861530468751974084.jpg

རྩེ་ཁོག་རྫོང་དར་དམར་སྒྲོག་བཤད་ཚོགས་པས་གཞི་རིམ་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་བཤད་བྱེད་བཞིན་པ། 

684600630321766408.jpg

རྩེ་ཆུ་གྲོང་རྡལ་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོལ་བཤད་བྱེད་པར་ཆེད་དུ་བསྒྲིགས་པའི་སྐད་གཉིས་ཤར་སྦྱར་དང་བར་བཅུག་རི་མོའི་ལག་དེབ་སྣ་ཚོགས། 

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོལ་བྱེད་ཅེས་པའི་ལེ་ཚན་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་དཔའ་བརྟན་རྒྱལ། བཀྲ་ཤིས་དོན་འགྲུབ་བཅས་ཀྱིས་ཡུལ་དངོས་ནས་སྒྲ་བླངས་ཏེ་བཀོད་པའི་གནས་ཚུལ་ཆེད་རྩོམ་གྱི་ཁག་ཉེར་གསུམ་པ་སྟེ། ཁ་ཡིག་ལ་ཡང་དག་ཏང་སྲིད་སྒྲོག་པའི་ཕོ་ཉ་ཞེས་པར་གསན་རོགས།

སྙན་སྒྲོན་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཞི་རིམ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་སྒྲོག་བཤད་མཐའ་འཁྱོལ་བྱེད་པ་བྱ་བ་ཀུན་གྱི་གཙོ་གནད་དུ་བཟུང་སྟེ། ཆེད་དུ་རྫོང་དང་ཞང་གྲོང་གི་ལས་ཁུངས་ཁག་ཅིག་ནས་རྒྱ་བོད་ཡིག་རིགས་གཉིས་ལ་ཅུང་བྱང་ཆ་ལྡན་ཞིང་དྲིལ་སྒྲོག་གི་ནུས་པ་ལྡན་པའི་ལས་བྱེད་པ་བཅུ་ལྷག་བདམས་ཏེ་དར་དམར་སྒྲོག་བཤད་ཚོགས་པ་ཞེས་པ་ཞིག་བཙུགས་ནས་གཞི་རིམ་གྱི་ཞིང་གྲོང་དང་སློབ་གྲྭ དགོན་སྡེ་བཅས་སུ་སོང་སྟེ་དྲིལ་སྒྲོག་བྱ་བ་ལག་བསྟར་མཐའ་འཁྱོལ་བྱས། རྩེ་ཁོག་རྫོང་དྲིལ་སྒྲོག་པུའུ་བསམ་པའི་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཨོ་རྒྱན་ཚེ་རིང་ནི་དར་དམར་སྒྲོག་བཤད་ཚོགས་པའི་ཁོངས་མིའི་ཁྲོད་ཀྱི་གཅིག་རེད། ཁོས་དར་དམར་སྒྲོག་བཤད་ཚོགས་པའི་སྤྱིའི་གནས་ཚུལ་སྐོར་ནས་ང་ཚོར་འདི་ལྟར་བཤད།

ང་ཚོ་དར་དམར་སྒྲོག་བཤད་ཚོགས་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་རྗེས། ཚོགས་ཆེན་གྱི་དགོངས་དོན་རིམ་པ་སོ་སོར་སྒྲོག་བཤད་མཐའ་འཁྱོལ་བྱེད་པར་ཆེད་དུ་བཙུགས་པ་ཞིག་ཡིན། དར་དམར་སྒྲོག་བཤད་ཚོགས་པ་མི་བཅུ་ཡིན་གྲུབ་པ་དང་། སོ་སོར་རྫོང་དང་ཞང་དང་གྲོང་བརྡལ་བཅས་ལས་ཁུངས་རེ་འགའི་འགན་འཛིན་པ་གཞོན་པ་དང་གཞུང་ལས་ཁང་གི་འགན་འཛིན་པ་སོགས་ཀྱིས་གྲུབ། ང་ཚོ་གཞི་རིམ་དུ་སོང་ནས་སྒྲོག་བཤད་བྱེད་དུས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་འབྲེལ་ནས། གནད་འཁེལ་དབུལ་སྐྱོར་དང་ཁྲིམས་ལུགས་ཤེས་བྱ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་ནས་ཁ་གསལ་གོ་བདེའི་ངང་སྒྲོག་བཤད་བྱེད་ཀྱིན་ཡོད། སྒྲོག་བཤད་བྱེད་ཡུལ་གཙོ་བོ་ཡང་ཞང་གྲོང་དང་སློབ་གྲྭ དགོན་སྡེ། འཕྲོད་བསྟེན་སྡེ་ཁག་སོགས་ཡིན་པ་དང་། གལ་ཏེ་ང་ཚོ་ཞང་གྲོང་ཞིག་ཏུ་ཐོན་ཚེ་རྩེ་ཁོག་རྫོང་ཨུས་བཏོན་པའི་ཚོགས་ཆེན་བཅུ་དགུ་པ་དང་ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ཞེས་པའི་སྐད་གཉིས་ཤན་སྦྱར་དང་བར་བཅུག་རི་མོས་བརྒྱན་པའི་དེབ་ཆུང་འདིའི་ཁྲོད་ཀྱི་དམངས་ཕན་སྲིད་ཇུས་སྐོར་གཙོར་བཟུང་ནས་སྒྲོག་བཤད་བྱེད་པ་དང་། གལ་སྲིད་སློབ་གྲྭ་ཞིག་ཏུ་ཐོན་ཚེ་སློབ་གསོ་རྩ་བར་བཟུང་ནས་དེང་རབས་སློབ་གསོར་ཁ་ཕྱོགས་དགོས་པའི་སྐོར་ནས་སྒྲོག་བཤད་བྱེད་པ་དང་། དེ་བཞིན་འཕྲོད་བསྟེན་སྡེ་ཁག་ཏུ་སྒྲོག་བཤད་བྱེད་དུས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྲོད་བཏོན་པའི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་བ་འཐུས་ཚང་ཅན་དུ་གཏོང་དགོས་པའི་སྐོར་ནས་སྒྲོག་བཤད་བྱས་ཏེ་ད་ལྟའི་བར་ཞང་དང་གྲོང་བརྡལ་དགུ་དང་སློབ་གྲྭ་ཉེར་བདུན། དགོན་སྡེ་ཉེར་བཞི་བཅས་ལ་སོང་ནས་སྒྲོག་བཤད་བྱས་པ་ཡིན། རྗེས་མར་མུ་མཐུད་དུ་རང་ཉིད་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་བྱས་ཏེ་དར་དམར་སྒྲོག་བཤད་ཚོགས་པའི་སྒྲོག་བཤད་བྱ་བ་ལེགས་པོར་སྤེལ་རྒྱུ་ཡིན།

སྙན་སྒྲོན་པ། རྩེ་ཁོག་རྫོང་རྩེ་ཆུ་གྲོང་བརྡལ་མི་དམངས་སྲིད་གཞུང་གི་གྲོང་གཙོ་གཞོན་པ་སྒྲོལ་མ་སྐྱབས་ལ་མཚོན་ན་ཡང་ཐེངས་འདིར་རྩེ་ཁོག་རྫོང་དར་དམར་སྒྲོག་བཤད་ཚོགས་པར་བདམས་ཐོན་བྱུང་བའི་མི་སྣའི་གྲས་ཀྱི་གཅིག་རེད། ཁོས་ང་ཚོའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བཤད།

རང་ཉིད་ལ་མཚོན་ན་གཞི་རིམ་གྱི་བྱ་བའི་ལས་གནས་སུ་གནད་འཁེལ་དབུལ་སྐྱོར་ཕྱོགས་ཀྱི་བྱ་བ་སྒྲུབ་ཞིན་པའི་ལས་བྱེད་མི་སྣ་ཞིག་ཡིན། དེ་ཡིན་ན་ད་ཐེངས་རྩེ་ཁོག་རྫོང་དར་དམར་སྒྲོག་བཤད་ཚོགས་པའི་སྒྲོག་བཤད་བྱ་བའི་ཁྲོད་དུ་རང་གིས་ལས་བགོས་ལྟར་དུ་གཙོ་བོ་གནད་འཁེལ་དབུལ་སྐྱོར་བྱ་བའི་ཕྱོགས་ནས་སྒྲོག་བཤད་བྱས་པ་ཡིན། སྤྱིར་གནད་འཁེལ་དབུལ་སྐྱོར་བྱ་བ་འདི་ནི་ཉིས་སྟོང་བཅོ་ལྔ་ལོར་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ལག་བསྟར་བྱས་པ་ཞིག་རེད། དེ་བས་ང་རང་ཉིད་ཀྱིས་སྒྲོག་བཤད་བྱེད་དུས་གནད་འཁེལ་དབུལ་སྐྱོར་ཀྱི་བྱ་བའི་ཐད་ནས་གལ་བོ་ཆོས་ལ་ནན་ཏན་གྱི་ཚུལ་དུ་ཡང་བསྐྱར་རགས་བསྡུས་སྒོས་སྒྲོག་བཤད་བྱས་པ་ཡིན། ། སྒྲོག་བཤད་བྱེད་སྐབས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་འབྲེལ་ཏེ། གཅིག་ནས་ཅི་ཞིག་ལ་གནད་འཁེལ་དབུལ་སྐྱོར་ཟེར་བ་དང་། གཉིས་ནས་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་སྒྲུབ་དུས་གནད་དུ་འཁེལ་དགོས་པའི་བྱ་བ་དྲུག་ཡོད་པ་གང་དག་ཡིན་པ། གསུམ་ནས་ཁྱིམ་ཚང་ཞིག་གནད་འཁེལ་དབུལ་སྐྱོར་གྱི་བྱ་བའི་ཁྲོད་དུ་འཇོག་དགོས་ཚེ་དེ་འདེམས་ཐབས་ཀྱི་ཆ་ནས་ཡིག་ཆའི་དགོངས་དོན་ལྟར་ན་ལྟ་ཕྱོགས་ལྔ་དང་མི་ཆོག་པ་དྲུག་ཡོད་པ་གང་དག་ཡིན་པ། དེ་མིན་ཁྱིམ་ཚང་ཞིག་དང་ཡང་ན་སྡེ་བ་ཞིག་དབུལ་ཐར་བྱེད་དགོས་ན་དབུལ་ཐར་གྱི་ཚད་གཞི་སྣ་ཁ་དྲུག་ལ་ལོང་དགོས་པ་གང་དག་ཡིན་པ་བཅས་ཀྱི་ཐད་ནས་དྲིལ་སྒྲོག་བྱས་པ་ཡིན།

སྙན་སྒྲོན་པ། ཡང་དག་ཏང་སྲིད་སྒྲོག་པའི་ཕོ་ཉ་སྟེ། རྩེ་ཁོག་རྫོང་དར་དམར་སྒྲོག་བཤད་ཚོགས་པ་ཡིས་ནམ་རྒྱུན་ཁ་བ་དང་བུ་ཡུག་གི་ཁྲོད་ནས། རྩྭ་ཐང་དང་རི་ཀླུང་བརྒལ་ཏེ་རི་སྡེ་དང་ཁྱིམ་ཚང་རེ་རེར་སོང་ནས་ཏང་སྲིད་ཉི་མའི་འོད་སྣང་དམངས་ཀྱི་སེམས་སུ་དྲོད་ཀྱིས་བསྐྱིལ་བཞིན་འདུག

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི། རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་དཔའ་བརྟན་རྒྱལ། བཀྲ་ཤིས་དོན་འགྲུབ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་གྱི་ཁག་སྟེ། ཁ་ཡིག་ལ་ཡང་དག་ཏང་སྲིད་སྒྲོག་པའི་ཕོ་ཉ་ཞེས་པ་སྟེ། རྩེ་ཁོག་རྫོང་དར་དམར་སྒྲོག་བཤད་ཚོགས་པའི་གནས་ཚུལ་བཀོད་པ་དེ་ཡིན། ཁྱེད་ཚོས་གསན་པར་བཀའ་དྲིན་ཆེ།

  

གསར་འགོད་པ། གཡང་འབུམ་རྒྱལ། དཔའ་བསྟན་རྒྱལ། བཀྲ་ཤིས་དོན་འགྲུབ།
  རྩོམ་སྒྲིག་འགན་འཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ། 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།