ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས། > ནང་དོན་གསར་ཤོས།

འཐུས་མི་མིན་ཧེ་དང་ཀྲང་ཡུང་ལིས། པད་རྒྱལ་བཀྲ་ཤིས་བཅས་ཀྱིས་རྒྱལ་ཁབ་ཀྱིས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཚན་རྩལ་གསར་གཏོད་བྱ་བར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།

སྤེལ་དུས། 2018-03-20 10:13:38   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་གསོག་ཚད་དང་ཐོན་ལས་རྨང་གཞི་སོགས་ཕྱོགས་གང་ཐད་ནས་ཀྱང་དཔེ་མཚོན་རང་བཞིན་དང་ཚབ་བྱེད་ཐབས་མེད་པའི་རང་བཞིན་ལྡན་པས། ད་ཡོད་ཀྱི་ཐོན་ཁུངས་གསར་སྤེལ་ཆ་རྐྱེན་དང་བཟོ་སྐྲུན་ཅན་གྱི་འཆར་འགོད་འདུ་ཤེས། དོ་དམ་རྣམ་པ་དང་ཐོན་ལས་འདུས་ཚོགས་སོགས་ཕྱོགས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྣེ་ཁྲིད་བྱས་ཚེ། རང་རྒྱལ་གྱི་ཚྭ་མཚོའི་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་གཏེར་ཁའི་ཐོན་ཁུངས་ཕན་ནུས་མཐོ་བའི་སྒོ་ནས་བཀོལ་སྤྱོད་བྱེད་པའི་ཐད་དཔེ་སྟོན་གྱི་ནུས་པ་འདོན་སྤྲོད་བྱེད་ངེས། དེར་བརྟེན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་མིན་ཧེ་དང་ཀྲང་ཡུང་ལིས། པད་རྒྱལ་བཀྲ་ཤིས་བཅས་ཀྱིས་རྒྱལ་ཁབ་ཀྱིས་གཙོ་བོར་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཚན་རྩལ་གསར་གཏོད་བྱ་བར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། མིག་སྔར་ཚྭ་འདམ་གཞོང་ས་ཁུལ་གྱི་ཚྭ་མཚོ་མི་འདྲ་བའི་རང་བྱུང་ཐོན་ཁུངས་གཞིར་བཟུང་ནས། ལྕགས་རིགས་ལིས་བཙོ་སྦྱང་བྱེད་པའི་བཟོ་རྩལ་མི་འདྲ་བ་བཀོལ་སྤྱོད་བྱས་ཏེ་ཏུན་ཁྲི་རིམ་པའི་ཐན་སྐྱུར་ལིས་ཐོན་སྐྱེད་བྱེད་ས་མང་པོ་བཙུགས་ན་ཡང་། ཚྭ་མཚོའི་ལྕགས་རིགས་ལིས་བཙོ་སྦྱང་བྱེད་པའི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་མི་འདང་བའི་རྐྱེན་གྱིས། ད་བར་འཛུགས་སྐྲུན་བྱས་ཡོད་པའི་ཐོན་སྐྱེད་བྱེད་སའི་ཐོན་སྐྱེད་ཚད་གཞི་མི་ལོངས་པ་དང་། བཟོ་ལས་ཅན་གྱི་འཁོར་སྐྱོད་ཁྲོད་ད་དུང་སྒྲིག་ཆས་གཏན་འཇགས་འཁོར་སྐྱོད་དང་ཐོན་རྫས་ཀྱི་རྒྱུ་སྤུས་སྐོར་རིམ་གཏན་འཇགས། ལིས་བཙོ་སྦྱང་བྱེད་ཚད་མཐོར་འདེགས་བྱེད་པ་སོགས་ཀྱི་གནད་འགག་ལག་རྩལ་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ཐད་ནས་ད་དུང་ཅཱ་དང་ལིས། མཱེ་སོགས་ཐོན་ཁུངས་མ་རྒྱུ་ཁ་དགར་བའི་དོ་སྙོམས་ཆོས་ཉིད་ཐད་ཀྱི་ཞིབ་འཇུག་བྱེད་ཚད་མི་འདང་བ་དང་། ཚྭ་མཚོའི་ཁོར་ཡུག་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་པ་སོགས་ཀྱི་གནད་འགག་གནད་དོན་མང་པོ་ཡོད་ཟེར།

དེར་དམིགས་ནས། འཐུས་མི་གསུམ་པོས་རྒྱལ་ཁབ་ཀྱི་ཚན་རྩལ་དང་ཐོན་ལས་སྡེ་ཁག་གིས་གོང་རིམ་འཆར་འགོད་ལ་སྔར་ལས་ཤུགས་བསྣན་ནས། གཙོ་བོར་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་མ་ཟད། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་དེ་སྐོར་ཐེངས་དང་པོའི་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ཁྲོད་བཞག་སྟེ། སྒོ་འབྱེད་དང་མཉམ་སྤྱོད། ཕན་མཐོ། མཉམ་འབྲེལ་གྱི་གསར་གཏོད་སྟེགས་བུ་རུ་འཛུགས་སྐྲུན་བྱེད་པ་དང་། དེ་དང་མཉམ་དུ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་རྒྱུན་མཐུད་ངང་ལག་རྩལ་གཅིག་བསྡུས་དང་དཔེ་སྟོན་གསར་སྤེལ་བྱེད་པ་དེ་ཚན་རྩལ་ཆེད་དོན་དུ་བརྩིས་ནས་རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་ལས་འགན་གཙོ་བོའི་ཁྲོད་བཞག་སྟེ། རྒྱལ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་ཐད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རང་རྒྱལ་གྱི་ཚྭ་མཚོ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ལག་རྩལ་གྱི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱེད་རྒྱུའི་གྲོས་གཞི་བཏོན།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།