ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས། > ནང་དོན་གསར་ཤོས།

ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཁ་ཤས་ཀྱིས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་རྟེན་འབྲེལ་ཞུས།

སྤེལ་དུས། 2018-03-20 10:13:49   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཏུང་ཞོ་ཡན།

བསྟུད་མར་ཉིན་འགའི་རིང་ལ། ཕྱི་རྒྱལ་གྱི་འགོ་ཁྲོད་པ་ཁ་ཤས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་མཁན་ལའོ་ཨར་ཁ་སི་ཐི་ལོ་ཡིས་བཤད་རྒྱུར། ངས་ཁུ་པ་མི་དམངས་དང་ཁུ་པ་གུང་ཁྲན་ཏང་། ཁུ་པ་སྲིད་གཞུང་བཅས་ཀྱི་ཚབ་བྱས་ཏེ། ཁྱེད་ལ་ཆེས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་ཡིན། ཁུ་པ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་བཤེས་ཟབ་མོ་དང་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་རྨང་གཞིའི་སྟེང་། ཁུ་པ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་ཟེར།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ཡིས་བཤད་རྒྱུར། ཁྱེད་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པ་ལས་ཀྲུང་གོ་མི་དམངས་ཀྱིས་ཁྱེད་ཀྱི་རླབས་ཆེན་མཛད་རྗེས་ཁས་བླངས་པ་དང་། ཁྱེད་ཀྱི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལ་གོང་བཀུར་བྱས་པ་གང་ལེགས་སྒོས་མཚོན་ཡོད། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་དང་ཀྲུང་གོ་གཉིས་ཀྱི་མཛའ་བཤེས་ལ་ཧ་ཅང་གཅེས་སྤྲས་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།

ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་བཤད་རྒྱུར། ཁྱེད་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པ་ལས་ཀྲུང་གོ་དང་ཀྲུང་གོ་མི་དམངས་ཀྱིས་ཁྱེད་ཀྱི་འགོ་ཁྲིད་ནུས་པ་དང་རླབས་ཆེན་དམིགས་འབེན་ལ་ཡིད་ཆེས་བརྟན་པོ་བཅངས་པ་གང་ལེགས་སྒོས་མཚོན་ཡོད། ཧྥི་ལི་ཕིན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་སྔར་ལས་རྒྱ་བསྐྱེད་པར་ང་ལ་ཡིད་ཆེས་ཡོད་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་བཤད་རྒྱུར། ཁྱེད་ཀྱི་བྱ་བ་བདེ་བླག་ཡིན་པ་དང་། མཛའ་མཐུན་གྱི་ཀྲུང་གོ་མི་དམངས་རྒྱུན་ཆད་མེད་པར་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་སྨོན་འདུན་ཞུས་པ་ཡིན། ཨེ་ཅིབ་ཕྱོགས་ཀྱིས་ཨེ་ཅིབ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་བཟང་བོར་གཟེངས་བསྟོད་ཆེན་པོ་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

གཞན་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ས་ལི་མན་དང་ཁོ་ཝེ་ཐི་ཡི་ཨེ་སྨིས་ཨེར་ས་པ་ཧི། ཅེ་ཁིའི་ཙུང་ཐུང་ཙེ་མན། ནེ་ཀྲི་ཡའི་ཙུང་ཐུང་དབྱི་སོ་ཧྥུའུ། ཅ་ནའི་ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏོ། དབྱི་རག་གི་ཙུང་ཐུང་མཱ་སུའུ་མུའུ་སོགས་ཀྱིས་ཀྱང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།