ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས། > ནང་དོན་གསར་ཤོས།

ཝང་གོ་ཧྲིན་དང་ཝང་ཅན་ཅོན་གཉིས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་འཐུས་ཚབ་ཚོགས་པ་དང་མཉམ་དུ་ཡོད་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་བྱས།

སྤེལ་དུས། 2018-03-21 09:43:50   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་གོ་ཧྲིན་དང་། ཚོགས་གཙོ་གཞོན་པ་ཝང་ཅན་ཅོན་དང་ཀྲང་ཀོང་རོང་གསུམ་མཚོ་སྔོན་འཐུས་ཚབ་ཚོགས་པའི་སྡོད་ས་རུ་སོང་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་འཐུས་ཚབ་ཚོགས་པ་དང་མཉམ་དུ་ཡོད་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་བྱས།

ཝང་གོ་ཧྲིན་དང་ཝང་ཅན་ཅོན་གཉིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚོགས་ཆེན་གཉིས་ཀྱི་འཁྲབ་གཏོང་ཁང་དུ་སོང་ནས། རྩོམ་སྒྲིག་པ་དང་གསར་འགོད་པར་འཚམས་འདྲི་བྱས་པ་མ་ཟད། མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཀྱི་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་དང་ཞིང་ཆེན་ནང་ཁུལ་གྱི་སྨྱན་བྱད་གཙོ་བོའི་རྩོམ་སྒྲིག་པ་དང་གསར་འགོད་པ་བཅས་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་། སྨྱན་བྱད་སོ་སོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་བྱ་བའི་ཐད་ནས་ཁས་ལེན་གང་ལེགས་བྱས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་ཚང་མར་འཚམས་འདྲི་དང་བཀའ་དྲིན་ཞུས།

ཝང་གོ་ཧྲིན་གྱིས་བཤད་རྒྱུར། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་འགོ་རྩོམ་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་གལ་ཆེན་ཡིན་པས། དོན་སྙིང་གལ་ཆེན་ལྡན་ཞིང་ཤུགས་རྐྱེན་ཟབ་མོ་ཐེབས་ཐུབ། གྲོས་ཚོགས་སྐབས་སུ། ང་ཚོས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སེམས་གཏིང་ནས་དགའ་ཞེན་དང་བརྩི་བཀུར་བྱེད་པའི་སྣང་ཚུལ་དངོས་སུ་མཐོང་མྱོང་ལ། མཚོ་སྔོན་གྱི་འཐུས་མི་དང་ཨུ་ཡོན་ཚོས་འགན་སྒྲུབ་ནན་མོ་བྱེད་པ་དང་འགན་ཁུར་བའི་བསམ་པས། གླེང་ཕྱོགས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་པ་དང་། དྲིལ་སྒྲོག་གི་གཙོ་གནད་འབུར་ཐོན་བྱས་ཏེ། དུས་ལྟར་འཐུས་མི་དང་ཨུ་ཡོན་ཚོའི་སེམས་གཏམ་མཚོ་སྔོན་དུ་བསྒྲགས་པ་དང་། ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཡོངས་སུ་བརྒྱུད་སྒྲོག་བྱས་ལ། མཚོ་སྔོན་གྱི་འདོད་བློ་སྒྲོག་སྤེལ་དང་མཚོ་སྔོན་གྱི་སྣང་བརྙན་མངོན་མཚོན་བྱས་ནས། སྟོབས་ཤུགས་སྔར་ལས་གཅིག་སྒྲིལ་བྱས་པ་དང་། སྤྱི་ཚོགས་ཀྱི་གྲུབ་འབྲས་བཟང་བོ་བླངས་ཟེར།

ཝང་གོ་ཧྲིན་གྱིས་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པ་དང་ཞིང་ཆེན་ནང་ཁུལ་གྱི་གསར་འགྱུར་སྨྱན་བྱད་ཀྱིས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་མཚོ་སྔོན་ནས་བརྒྱུད་སྒྲོག་ཡང་དག་བྱེད་པ་དང་། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ། རང་རྟོན་བཞི་ཇེ་དྲག་ཏུ་གཏོང་བ། བྱེད་ཐབས་སྔར་ལས་གསར་གཏོད་བྱེད་པ། མཚོ་སྔོན་གྱི་གཏམ་རྒྱུད་བཤད་པ། ཏང་ལ་དགའ་ཞེན་དང་གཙོ་འཛིན་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བྱེད་པའི་དབྱངས་རྟ་གཙོ་བོ་མཚོན་པར་བྱེད་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྗེས་སུ་འབྲངས་པའི་ལག་ལེན་གསོན་པོ་དྲིལ་སྒྲོག་བཟང་བོ་བྱེད་པ་བཅས་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཞུམ་མེད་ཡར་བརྩོན་གྱི་གླེང་ཕྱོགས་ཀྱི་སྣང་ཚུལ་བསྐྲུན་རྒྱུའི་རེ་བ་བཏོན།

ཐིན་ཅཱ་ཚེ་དང་ཝང་ཡུས་པའོ་གཉིས་ཀྱིས་མཉམ་དུ་འཚམས་འདྲི་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།