ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས། > ནང་དོན་གསར་ཤོས།

ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་བཏབ།

སྤེལ་དུས། 2018-03-21 10:33:30   ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་བཏབ།

ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྱབ་རྒྱ་མུ་མཐུད་དུ་ཆེར་བསྐྱེད་གཏོང་དགོས་པའི་སྐོར་གྱི་གནད་དོན་ལ་དམིགས་ནས་བཤད་རྒྱུར། ཀྲུང་གོའི་སྒོ་འབྱེད་ཀྱིས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་ཏཱ་ཝོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་ཞུགས་ནས་གསུངས་བཤད་གནང་སྐབས་བསྟན་པ་བཞིན། ཀྲུང་གོས་མུ་མཐུད་དུ་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཚོང་རྫས་ནང་འདྲེན་གྱི་སྤྱིའི་ཁྲལ་འཇལ་ཚད་ཇེ་དམའ་རུ་བཏང་ནས། ཞབས་ཞུའི་ལས་རིགས་ཇེ་ལྷོད་དུ་གཏང་རྒྱུ་ཡིན་ལ། ཁྱོན་ཡོངས་ནས་བཟོ་སྐྲུན་ལས་རིགས་གློད་གྲོལ་བྱས་ནས། ཕྱིའི་ཚོང་ཟོག་བར་གྱི་བཀག་རྒྱའི་རྩིས་ཐོ་ཇེ་ཉུང་དུ་གཏོང་རྒྱུ་ཡིན། མི་གྲངས་དུང་ཕྱུར་བཅུ་གསུམ་གྱིས་གྲུབ་པའི་ཁྲོམ་ར་འདི་ཉིད་རིམ་གྱིས་ཀྲུང་ཕྱིའི་ཁེ་ལས་དང་བཟོ་སྐྲུན་ལས་རིགས། ཁེ་ལས་བཅས་ཀྱིས་འགྲན་རྩོད་བྱས་ཆོག་པ་ངང་གཉེར་ཆོག་པའི་ཁྲོམ་རར་བསྒྱུར་རྒྱུ་ཡིན་པ་དང་། ཀྲུང་གོའི་འཛད་སྤྱོད་པར་གདམ་ག་མང་པོ་ཞིག་སྤྲད་དེ། ཀྲུང་གོའི་ཐོན་རྫས་དང་ཞབས་ཞུ་རིམ་བཞིན་འཕར་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཙུང་ལི་ལིས་ཁི་ཆང་གིས་སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ལ་བཅོས་སྒྱུར་ཇི་ལྟར་བྱེད་མིན་སྐོར་གྱི་གནད་དོན་ལ་དམིགས་ནས་གསུངས་རྒྱུར། བཅོས་སྒྱུར་ནི་འབུར་ཐོན་གནད་ས་ཁྲོམ་ར་དང་རིང་དུ་གྱེས་པར་བྱེད་པ་དང་མང་ཚོགས་དང་ཉེ་བར་བཅར་རྒྱུ་དེ་ཡིན། མང་ཚོགས་ཀྱི་འདོད་བློ་དང་རེ་བ་ཚང་མ་བཅོས་སྒྱུར་ཁ་ཕྱོགས་སུ་འཛིན་འོས་ཟེར།

ཙུང་ལི་ལིས་ཁི་ཆང་གིས་དམངས་གཉེར་ཁེ་ལས་པས་རྒྱུ་ནོར་ལ་སྲུང་སྐྱོབ་ཕན་ལྡན་བྱེད་མི་ཐུབ་པར་སེམས་ཁྲལ་བྱེད་པའི་གནད་དོན་སེལ་ཐབས་སྐོར་ལ་དམིགས་ནས་གསུངས་རྒྱུར། ཐོན་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལ་སྲུང་སྐྱོབ་བྱེད་པའི་རྨང་རྡོ་ཡིན་ལ། ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པའང་ཡིན། ཐོན་དབང་ལ་སྲུང་སྐྱོབ་བྱེད་པར་ཅིས་ཀྱང་གན་རྒྱ་ལ་བརྩི་མཐོང་བྱེད་དགོས་ཤིང་། གན་རྒྱའི་སྙིང་སྟོབས་དར་སྤེལ་དུ་གཏོང་དགོས་པ་ལས། གན་རྒྱ་ཤོག་ལུད་ཅིག་ཏུ་གཏན་ནས་བརྩི་མི་རུང་ཟེར།

ཙུང་ལི་ལིས་ཁི་ཆང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བའི་གནད་དོན་ལ་དམིགས་ནས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་འཕེལ་རྒྱས་ཀྱི་རྒྱལ་ཁབ་སྟོབས་ལྡན་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་རྒྱུ་ནི། རྒྱལ་ཁབ་གཉིས་དང་འཛམ་གླིང་ཧྲིལ་བོར་མཚོན་ན་དོན་བཟང་ཞིག་ཡིན་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་དང་སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིག་ཧི་བཅས་གོང་གསལ་བྱ་འགུལ་ལ་ཞུགས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།