ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས། > ནང་དོན་གསར་ཤོས།

ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཁ་ཤས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

སྤེལ་དུས། 2018-03-21 10:47:04   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཏུང་ཞོ་ཡན།

ཉིན་འགའི་རིང་ལ། ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཁ་ཤས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྲཡི་འགན་ཁུར་བས་སྔ་གཞུག་ཏུ་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

སི་རི་ལན་ཁའི་ཙུང་ཐུང་ཞི་ལི་སེ་ན་ཡིས་བཤད་རྒྱུར། ཁྱེད་རང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པར་ངས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན། ཁྱེད་ཀྱིས་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག སི་རི་ལན་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་ཡིད་ཆེས་བརྟན་པོ་བཅངས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་ང་ལ་ཡིད་ཆེས་ཡོད་ཟེར།
རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་བཤད་རྒྱུར། འཛམ་གླིང་གི་མི་གྲངས་ཆེས་མང་པའི་རྒྱལ་ཁབ་གཉིས་ཡིན་པའི་ཆ་ནས་རྒྱ་གར་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དེ་མིའི་རིགས་ཞི་བདེ་དང་འཕེལ་རྒྱས། དར་རྒྱས་ཡོང་བར་བྱེད་པར་དོན་སྙིང་གལ་ཆེན་ལྡན། ངས་ཁྱེད་དང་མཉམ་དུ་ན་ནིང་ཞ་མིན་ཐུག་འཕྲད་ལས་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་རྨང་གཞིར་བཟུང་སྟེ། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

ཐེ་གོའི་ཙུང་ལི་པཱ་ཡུས་ཀྱིས་བཤད་རྒྱུར། ཁྱེད་རང་འདེམ་ཤོག་ཡོངས་ཀྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་བདམས་པ་ལས་ཁྱེད་ཀྱི་ཁྱད་འཕགས་འགོ་ཁྲིད་ནུས་པར་ཧ་ཅང་ཡིད་ཆེས་བྱེད་པར་མཚོན་ཡོད། ཁྱེད་ཀྱི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོ་མུ་མཐུད་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེད་ཨར་ཏི་མུའུ་ཧ་མེས་ཏོ་ཧྥུའུ་ཡིས་བཤད་རྒྱུར། ཐུའུ་ཁུའུ་མན་སི་ཐན་གྱིས་འདྲ་མཉམ་དང་ཕན་ཚུན་བར་བརྩི་འཇོག གཉིས་ཕན་བཅས་ཀྱི་རྩ་དོན་རྨང་གཞིའི་སྟེང་བཙུགས་པའི་ཕྱོགས་གཉིས་ཀྱི་མཉམ་ལས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཁྱེད་ཀྱི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་སླེབས་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་མུའུ་ལ་ཐུའུ་ཡིས་བཤད་རྒྱུར། ཁྱེད་རང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་ངས་སེམས་གཏིང་ནས་རྟེན་འབྲེལ་ཞུས་པ་ཡིན། ཁྱེད་ཀྱིས་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཚན་རྩལ་ཡར་ཐོན་ཐད་ནས་མུ་མཐུད་དུ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་བྱེད་པའི་ཐད་ནས་ཀྱང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

གཞན་བུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་མ་ཧྥུ་ས། པི་ལི་ཧྲིའི་རྒྱལ་བོ་ཧྥེ་ལི་ཕུའུ། ཝུ་ར་ཀུའེ་ཡི་ཙུང་ཐུང་པ་སི་ཁི་སི། ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་བེ་ཉི་སོགས་ཀྱིས་ཀྱང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།