ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

སྡེ་མི་དབང་ཕྱུག་གི་འགྱུར་ལྡོག

སྤེལ་དུས། 2018-06-01 12:24:46   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་གསེར་མཚོ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི«རླབས་ཆེ་བའི་བཅོས་སྒྱུར་དུས་རབས»ཞེས་པའི་ལེ་ཚན་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཤ་བོ་གསེར་མཚོ་དང་བསོད་ནམས་ཚེ་རིང་། རྟ་མགྲིན་སྐྱབས། སྐར་མ་འཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ཁ་ཡིག་ལ་སྡེ་མི་དབང་ཕྱུག་གི་འགྱུར་ལྡོག་ཅེས་པ་གཏང་རྒྱུ།

དབང་ཕྱུགསྔོན་ཆད་ཁྱིམ་ཚང་གི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད། དེ་དུས་མགོ་ལོག་སོགས་ལ་ཞོར་ལས་སུ་སོང་ཞིང་དཀའ་སྡུག་མང་པོ་མྱངས་མྱོང་། རྗེས་ནས་སྦྱིན་བདག་འཇིགས་བྱེད་ཟེར་བ་ཞིག་གི་རྗེས་ལ་སོང་ནས་བླ་བྲང་སོགས་སུ་ལས་ཀ་ལས་མྱོང་། སྐབས་དེར་ཚེ་གང་བོར་འདི་ལྟར་ལས་ཀ་ལས་ན་དཀའ་གི་བསམ་ནས་ཚོང་ལས་ཀྱི་ཕྱོགས་ལ་འཁོར་བ་ཡིན། སྔོན་ལ་བླ་བྲང་ནས་ཟི་ལིང་བར་གྱི་དངོས་ཟོག་སྐྱེལ་འདྲེན་ཀུང་ཟི་ཞིག་ཕྱེས་ཏེ་ད་ལྟ་དངོས་ཟོག་སྐྱེལ་བཞིན་པའི་སྒང་ཡིན་ལ། དེའི་རྗེས་ནས་ཟི་ལིང་བོད་མིའི་ཁྲོམ་དུ་བོད་ཆས་ཚོང་ཁང་ཞིག་གཉེར་བ་ཡིན། ད་ལྟ་ཡོང་སྒོ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་འདུག་ལ། ལོ་རེར་ཡོང་འབབ་སྒོར་འབུམ་གཉིས་ཙམ་ཡོད།

སྙན་སྒྲོན་པ། ཁོ་ནི་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་ཞང་ཡར་ག་སྡེ་བའི་སྡེ་མི་དབང་ཕྱུག་རེད། དབང་ཕྱུག་ནི་སྔོན་ཆད་ལག་ཏུ་འཇོར་དང་ལྕགས་ཁེམ་འཛིན་པའི་ལས་ཀ་བ་དཀྱུས་མ་ཞིག་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཡོ་ལང་ཁྲོད་ནས་བསམ་བློར་འགྱུར་ལྡོག་བྱུང་སྟེ། རང་གི་བློ་གྲོས་དང་བརྩོན་པར་བརྟེན་ནས་ཚོང་ལས་ཀྱི་ལམ་དུ་ཞུགས་པའི་ན་གཞོན་ཞིག་རེད། སྔོན་ཆད་སེན་འགོ་ཁྲག་དང་སེན་རྟིང་རྣག་བྱས་ཏེ་ཞིང་ལས་དང་ཞོར་ལས་གཉེར་བའི་ལས་ཀ་བ་དབང་ཕྱུག་དེ་ད་ལྟ་དངོས་ཟོག་སྐྱེལ་འདྲེན་ཀུང་ཟི་དང་བོད་ཆས་ཚོང་ཁང་གི་སྦྱིན་བདག་དབང་ཕྱུག་ཏུ་གྱུར་ཡོད། དབང་ཕྱུག་གི་གྲོགས་པོ་མཁའ་འབུམ་ཚེ་རིང་གིས་བཤད་རྒྱུར།
མཁའ་འབུམ་ཚེ་རིང་། དབང་ཕྱུག་ངེད་གཉིས་ལ་མཚོན་ན་སྔོན་ཆད་ནས་གྲོགས་པོ་ཡིན་ཞིང་ཞོར་ལས་སོགས་ལ་མཉམ་དུ་སོང་བ་ཡིན་པས་ཆ་རྒྱུས་ཡོད། སྔོན་ཆད་ང་ཚོ་ཞོར་ལས་ལ་སོང་ནས་སྒོར་མོ་བཙལ་བ་ཡིན་ལ། དེ་དུས་ཁོས་ཀྱང་དཀའ་སྡུག་མང་པོ་མྱངས་མྱོང་། རྗེས་ནས་ཁོ་ཚོང་ལས་ལ་ཞུགས་པ་རེད། ང་རང་ཉིད་ད་རུང་སྔོན་ཆད་དང་འདྲ་བར་སྡེ་བའི་ནང་ན་བསྡད་ཡོད། ད་ལྟ་ཁོས་ཟི་ལིང་དུ་དངོས་ཟོག་སྐྱེལ་འདྲེན་ཀུང་ཟི་དང་བོད་ཆས་ཚོང་ཁང་ཞིག་ཕྱེས་ཡོད་པས། སྡེ་མི་རྣམས་ཀྱི་མིག་དཔེ་བལྟ་ས་དང་སློབ་སྦྱོང་བྱེད་ས་ཡིན།

སྙན་སྒྲོན་པ། ཕྱུག་འགྱུར་གྱི་ལམ་ཁ་སྙེག་བཞིན་པའི་དབང་ཕྱུག་ལ་མཚོན་ན། སྡེ་མི་ཀུན་གྱི་བསྟོད་བསྔགས་བྱེད་ས་དང་ན་གཞོན་ཚོའི་མིག་དཔེར་ལྟ་ས་རུ་གྱུར་ཡོད་ལ། མ་འོངས་པར་རང་ས་གནས་ཀྱི་ཕྱུག་འགྱུར་སྣེ་འཁྲིད་མཁན་དུ་འགྱུར་བར་གདོན་མི་ཟ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཤ་བོ་གསེར་མཚོ་དང་བསོད་ནམས་ཚེ་རིང་། རྟ་མགྲིན་སྐྱབས། སྐར་མ་འཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ཁ་ཡིག་ལ་སྡེ་མི་དབང་ཕྱུག་གི་འགྱུར་ལྡོག་ཅེས་པ་དེ་ཡིན།

IMG_6636.JPG

དབང་ཕྱུག་ལ་བཅར་འདྲི་བྱེད་བཞིན་པ།

IMG_6637.JPG

དབང་ཕྱུག་གི་གྲོགས་པོ་མཁའ་འབུམ་ཚེ་རིང་ལ་བཅར་འདྲི་བྱེད་བཞིན་པ།

གསར་འགོད་པ། ཤ་བོ་གསེར་མཚོ། བསོད་ནམས་ཚེ་རིང་། རྟ་མགྲིན་སྐྱབས། སྐར་མ་འཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།