ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

བྱམས་སེམས་དྲོད་ཀྱིས་བསྐྱངས་པའི་བྱམས་སྐྱོང་བྱིས་པའི་སློབ་གྲྭ།

སྤེལ་དུས། 2018-06-04 10:37:37   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཉན་མཁན་རྣམ་པ། ཐེངས་འདིའི《རླབས་ཆེ་བའི་བཅོས་སྒྱུར་དུས་རབས》ཞེས་པའི་བསྟུད་འགོད་གསར་འགྱུར་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བསོད་ནམས་ཚེ་རིང་དང་། ཤ་བོ་གསེར་མཚོ། རྟ་མགྲིན་སྐྱབས། སྐར་མ་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཏེ། ཁ་ཡིག་ལ《བྱམས་སེམས་དྲོད་ཀྱིས་བསྐྱངས་པའི་བྱམས་སྐྱོང་བྱིས་པའི་སློབ་གྲྭ》ཞེས་པ་དེ་གཏང་རྒྱུ་ཡིན།

སྙན་སྒྲོན་པ། བྱིས་པ་ནི་མེས་རྒྱལ་དང་མི་རིགས་ཀྱི་མ་འོངས་པའི་རེ་བ་ཡིན་ཞིང་། མི་རིགས་རང་གི་འཚོ་གཞེས་ཀྱི་རྟེན་དུ་གྱུར་བའི་སྲོལ་རྒྱུན་རིག་གནས་ཀྱི་བདག་པོ་ཡིན། བྱིས་པའི་སློབ་གསོ་གཙིགས་འཛིན་བྱེད་པར་དུང་བ་ཟབ་པའི་མི་བུ་ནི་རིན་ཆེན་གསེར་ལས་ཀྱང་རིན་ཐང་གཞལ་མེད་དུ་མངོན། ཞོན་ཧྭ་རྫོང་གི་མངའ་ཁོངས་སུ་མིང་ལ་ཐུབ་བསྟན་དངོས་གྲུབ་ཞེས་སུ་འབོད་ཅིང་བྱམས་སེམས་ཀྱིས་ཀུན་ནས་ཕྱུག་པའི་དགེ་སློང་ཞིག་གིས་རང་ཉིད་ཀྱི་རྩོལ་བ་ཁོ་ནར་བརྟེན་ནས་བྱམས་སྐྱོང་བྱིས་པའི་སློབ་གྲྭ་གསུམ་བཙུགས་ཏེ། ས་དེ་གའི་བོད་རིགས་བྱིས་པ་དག་ལ་སློབ་སྔོན་གྱི་མི་གཞི་གསོ་སྐྱོང་བྱེད་པར་འབད་འབུངས་ཧུར་ལེན་བྱེད་བཞིན་འདུག

སྙན་སྒྲོན་པ། ཐུབ་བསྟན་དངོས་གྲུབ་ཀྱིས་ཉིས་སྟོང་བདུན་ལོ་ནས་བཟུང་སྔ་གཞུག་ཏུ་བིས་མདོ་བོད་རིགས་ཞང་དཀྱིལ་འཁོར་སྡེ་བ་དང་། ཀ་རིང་བོད་རིགས་ཞང་ཡར་ག་སྡེ་བ། ཀ་རིང་བོད་རིགས་ཞང་ཆུ་བཟང་སྡེ་བ་བཅས་སུ་བྱམས་སྐྱོང་བྱིས་པའི་སློབ་གྲྭ་གསུམ་བཙུགས་ནས། དབུལ་ཕོངས་ས་ཆའི་བྱིས་པའི་སློབ་སྔོན་སློབ་གསོར་ཐུགས་ཁུར་བྱེད་པའི་སྤྱི་ཚོགས་ལས་རིགས་ཁག་གི་སྦྱིན་བདག་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱིས་པ་དག་གི་ཟ་མ་དང་གྱོན་གོས། སློབ་སྦྱོང་གི་མཁོ་ཆས་སོགས་རིན་མེད་འདོན་སྤྲོད་བྱེད་བཞིན་ཡོད། ཐུབ་བསྟན་དངོས་གྲུབ་ཀྱིས་མཚམས་སྦྱོར་བྱེད་རྒྱུར།
༼ སྔོན་ཆད་སློབ་འབྲིང་གི་དགེ་རྒན་འབྲུག་བྷེ་ཟེར་བ་ཞིག་གིས་རང་གི་ས་ཆར་ཆད་པ་བྱིས་སྐྱོང་ཁང་འདི་ཆད་པ་དང་། ད་བར་བྱིས་པའི་སློབ་གསོ་ཉག་ཕྲ་བ་དང་། མི་རིགས་གཞན་དང་བསྡུར་ན་རྗེས་ལུས་རེད། ཞིང་ལས་ས་ཆའི་མི་མང་བོ་ཞོར་ལས་ལ་སོང་ན་བྱིས་པ་གཉོར་བར་དཀའ་ཁག་ཡོད་པས་བྱིས་སྐྱོང་ཁང་འཛུགས་པའི་འདུན་པ་སྐྱེས་པ་ཡིན། འཛུགས་ཡུན་ནི་རང་གི་ཚེ་ཅི་བརྟན་བར་དུ་འཛུགས་པའི་འཆར་གཞི་ཡོད། བྱིས་སྐྱོང་ཁང་འདི་ཉིས་སྟོང་བདུན་ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བཙུགས་པ་ཡིན། ཉིས་སྟོང་དགུའི་ལོར་སྲིད་གཞུང་གི་ཆོག་མཆན་བཀོད་ནས། ཉིས་སྟོང་དགུ་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ལེགས་འགྲུབ་བྱུང་ནས། སློབ་མ་སློབ་མ་དགུ་བཅུ་བསྡུས་པ་ཡིན། ད་བར་དུ་བསྡོམས་པས་ལོ་བཅུ་གཅིག་འགོར་སོང་། སློབ་གྲྭ་འདིར་བྱིས་པ་ཉིས་བརྒྱ་དང་ཞི་བཅུ་མཐར་ཕྱིན། ད་སྔ་བྱིས་པ་རེ་བཞི་ཡོད། དཀྱིལ་འཁོར་བྱམས་སྐྱོང་བྱིས་པའི་སློབ་གྲྭ་འདིའི་ནང་དགེ་རྒན་གསུམ་དང་ཇ་མ་གཅིག ང་དང་བཅས་པའི་མི་ལྔ་ཡོད། དེ་ཚང་མའི་ཟླ་ཕོགས་ངས་སྟེར་གྱིན་ཡོད། ༽

སྙན་སྒྲོན་པ། གནའ་དེང་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་བྱིས་པའི་གཡའ་བྲལ་གྱི་སེམས་སུ་བོད་རང་གི་རྩམ་དྲི་མ་ཡལ་བའི་གོམས་སྲོལ་ཆགས་པར་བྱས་པ་དང་བསམ་པ་ཡར་ལྡན་དུ་སྐུལ་བཞིན་ཡོད། ཐུབ་བསྟན་དངོས་གྲུབ་ཀྱིས་བཤད་རྒྱུར།
༼ ངས་རང་གི་མི་རིགས་ཀྱི་རིག་གནས་དང་པོར་བཟུང་ཡོད། གཉིས་པ་མི་རིགས་གཞན་པའི་སློབ་གསོ་མྱོང་བཞིན་ཡོད། དེ་རང་གི་འདུན་པ་ཡིན། ད་རུང་མ་འོངས་པ་ན་གང་ལ་དཀའ་ཁག་ཡོད་ན་རང་གི་ནུས་པ་ཡོད་ཚད་ཀྱིས་སྒྲུབ་རྒྱུའི་རེ་བའང་ཡོད་ལ། སྤོབས་པ་ཡང་ཡོད། དེར་མུ་མཐུད་དུ་བློ་གཏོང་གཏོང་བཞིན་ཡོད།༽

སྙན་སྒྲོན་པ། ཐུབ་བསྟན་དངོས་གྲུབ་ཀྱིས་སོ་སྐྱེ་ཕལ་བའི་བློ་ཡུལ་ལས་འགོངས་པའི་བླ་མེད་བྱམས་བརྩེ་ཡིས་བྱིས་པ་དག་བདེ་ཐང་ངང་འཚར་ལོངས་འབྱུང་བར་རྩེ་གཅིག་ཏུ་གཞོལ་བས། ས་དེ་གའི་མང་ཚོགས་དང་བྱིས་སྐྱོང་ཁང་གི་དགེ་རྒན། ས་ཕྱོགས་གཞན་པའི་མི་སུ་ཡིན་ཡང་ ཐུབ་བསྟན་དངོས་གྲུབ་ཀྱི་བྱམས་སྐྱོང་བྱིས་པའི་སློབ་གྲྭ་གླེང་ཚེ་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མི་འདུག

བྱམས་སྐྱོང་བྱིས་པའི་སློབ་གྲྭའི་འཛིན་གྲྭ་ཆུང་བའི་དགེ་རྒན་ཀུན་བཟང་མཚོ་ཡིས་བཤད་རྒྱུར།
༼ ཨ་ཁུ་དངོས་གྲུབ་ཀྱིས་འདི་ལྟར་སྒེར་སེམས་མེད་པར་ཡོད་ཚད་བྱིས་པའི་ཆེད་དུ་འབུལ་བའི་བླ་མེད་བྱ་སྤྱོད་ལ་ནམ་ཡང་རྗེས་སུ་ཡི་རང་བྱེད་བཞིན་ཡོད། རང་ཉིད་འདི་འདྲའི་བྱམས་སེམས་ཀྱིས་ཁེངས་པའི་བྱིས་སྐྱོང་ཁང་གི་དགེ་རྒན་ཞིག་ཏུ་གྱུར་བར་དགའ་སྤྲོ་ཚད་མེད་སྐྱེས་ཡོད། རྗེས་ཕྱོགས་མུ་མཐུད་དུ་བྱིས་པའི་སློབ་གསོའི་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན། ༽

སྙན་སྒྲོན་པ། ཐུབ་བསྟན་དངོས་གྲུབ་ཀྱིས་མི་ལོ་བཅུ་གཅིག་རིང་ལ་སློབ་གསོ་བསྒྲུབས་པའི་ཉམས་མྱོང་དང་སྤོབས་པ། མ་འོངས་པའི་མདུན་ལམ་བཅས་ལ་བལྟས་ན། རྒྱལ་ཁབ་ཀྱི་སྲིད་ཇུས་དང་བསྟུན་ནས་བྱམས་སྐྱོང་བྱིས་པའི་སློབ་གྲྭ་དེ་སྔར་ལས་ཇེ་བཟང་ཇེ་ལེགས་སུ་འགྲོ་བར་ཁོ་རང་འདུན་པ་ཆེན་པོས་ཁེངས་འདུག

590019479204974329.jpg

ཐུབ་བསྟན་དངོས་གྲུབ་ཀྱིས་བྱམས་སྐྱོང་བྱིས་པའི་སློབ་གྲྭའི་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ།

384179298678116601.jpg

བྱམས་སྐྱོང་བྱིས་པའི་སློབ་གྲྭའི་དགེ་རྒན་གྱིས་བྱིས་པར་སློབ་ཁྲིད་བྱེད་བཞིན་པ།

189473830083864131.jpg

དཀྱིལ་འཁོར་བྱམས་སྐྱོང་བྱིས་པའི་སློབ་གྲྭའི་དགེ་སློབ་ལྷན་རྒྱས།


གསར་འགོད་པ། བསོད་ནམས་ཚེ་རིང་དང་། ཤ་བོ་གསེར་མཚོ། རྟ་མགྲིན་སྐྱབས། སྐར་མ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།
 

 

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།