ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

བིས་མདོ་བོད་རིགས་ཞང་གིས་དབུལ་སྐྱོར་རོགས་དངུལ་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་།

སྤེལ་དུས། 2018-06-05 09:01:18   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་གསེར་མཚོ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི«རླབས་ཆེ་བའི་བཅོས་སྒྱུར་དུས་རབས»ཞེས་པའི་ལེ་ཚན་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཤ་བོ་གསེར་མཚོ་དང་བསོད་ནམས་ཚེ་རིང་། རྟ་མགྲིན་སྐྱབས། སྐར་མ་འཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ཁ་ཡིག་ལ་བིས་མདོ་བོད་རིགས་ཞང་གིས་དབུལ་སྐྱོར་རོགས་དངུལ་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་ཞེས་པ་གཏང་རྒྱུ་ཡིན།

སྙན་སྒྲོན་པ། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གནད་འགག་གི་ལོ་ཡང་ཡིན་ཞིང་། གནད་འཁེལ་དབུལ་སྐྱོར་ནི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གཞི་རྩའི་དགོས་མཁོ་རེད།

ཉེ་སྔོན། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བིས་མདོ་བོད་རིགས་ཞང་སྲིད་གཞུང་གིས་རི་མང་སྡེ་བ་རུ་དབུལ་སྐྱོར་རོགས་དངུལ་བསྐྱི་བའི་བྱ་འགུལ་སྤེལ་བཞིན་པ་ཐོས་པས། ང་ཚོ་བཅར་འདྲི་ཚན་ཆུང་ཞང་སྲིད་གཞུང་གི་ལས་བྱེད་མི་སྣ་དང་མཉམ་དུ་རི་མང་སྡེ་བར་སོང་ནས་དེའི་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན། བིས་མདོ་བོད་རིགས་ཞང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་རྒྱབ་སྐྱོར་ལ་བརྟེན་ནས་དབུལ་སྐྱོར་རོགས་དངུལ་བརྩོན་ལེན་བྱས་ཏེ་མང་ཚོགས་ཀྱིས་དངུལ་རྩའི་ལས་ཁུངས་ནས་དངུལ་བསྐྱིས་ཚེ་བསྐྱི་བུན་མཐོ་བ་དང་འགྲོ་ལུགས་མང་བ། དངུལ་བསྐྱི་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། དེའི་སྐོར་ནས་རི་མང་སྡེ་བའི་སྡེ་དཔོན་སྟག་ཕྲུག་གིས་བཤད་རྒྱུར།
སྟག་ཕྲུག】ན་ནིང་ལོར་སྒོར་ཁྲི་བཅུ་བྱིན་པ་དང་། ད་ལོར་སྒོར་ཁྲི་སུམ་ཅུ་བྱིན་པ་རེད། དངུལ་བསྐྱི་བའི་བསྐྱི་བུན་ཡང་དངུལ་ཁང་ལས་དམའ། ད་བར་སྡེ་མི་དག་གིས་རང་རང་གིས་བྱ་བ་ཞིག་བསྒྲུབ་བསམ་ན་མ་དངུལ་ལ་འདང་རྒྱག་བྱེད་དགོས་པ་མ་རེད། ད་ལོར་ན་ནིང་གི་སྒོར་ཁྲི་བཅུའི་སྟེང་སྒོར་ཁྲི་སུམ་ཅུ་བྱིན་པས། ན་ནིང་གི་སྒོར་མོ་འདིས་འཕེལ་རྒྱས་ལ་སོང་ཡོད་པའི་མི་དག་བོས་ཏེ་རྩ་འཛུགས་ཡོད་པའི་སྒོ་ནས་རིམ་པ་རེ་རེ་བཞིན་སྟེར་བཞིན་ཡོད། ན་ནིང་གི་སྒོར་ཁྲི་བཅུ་བོ་ཁྱིམ་ཚང་བཅུ་ལ་བྱིན་པ་དང་། ལ་ལས་རྩེ་ཁོག་ཏུ་ཟ་ཁང་ཕྱེས་ཡོད་པ་དང་། ལ་ལས་ཞང་ཐོག་ཏུ་ཚོང་ཁང་ཕྱེས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པས། སྒོར་མོ་འདི་མེད་དུས་དང་བསྡུར་ན་གནམ་ས་བླ་འོག་བརྗེ་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

སྙན་སྒྲོན་པ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དྲོན་མོའི་ཉི་ཟེར་འོག་དང་། རིམ་པ་སོ་སོའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག དབུལ་སྐྱོར་རོགས་དངུལ་འདིས་ས་གནས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སོགས་ཇེ་ལེགས་སུ་སོང་ཡོད་པར་མ་ཟད། མི་རིགས་མཐུན་སྒྲིལ་དང་སྡེ་བ་ཕན་ཚུན་བར་གྱི་མཐུན་སྒྲིལ་ཡང་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད། དེའི་སྐོར་ནས་སྡེ་དཔོན་སྟག་ཕྲུག་གིས་མུ་མཐུད་དུ་བཤད་རྒྱུར།
སྟག་ཕྲུག】ད་བར་རྒྱལ་ཁབ་ཀྱིས་རིམ་པ་རེ་རེ་བཞིན་ཁང་བ་དང་མ་མཐའི་འཚོ་བའི་འགན་སྲུང་། དཀའ་ཁག་ཅན་གྱི་ཁྱིམ་ཚང་སོགས་ཐད་ལ་རོགས་སྐྱོར་མང་པོ་བྱས་པས་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད། ཞང་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་འོག་སྡེ་བའི་ནང་ཁུལ་གྱི་མཐུན་སྒྲིལ་དང་སྡེ་བ་ཕན་ཚུན་བར་གྱི་མཐུན་སྒྲིལ། མི་རིགས་བར་གྱི་མཐུན་སྒྲིལ་སོགས་ཕྱོགས་གང་ཅིའི་ཐད་ནས་ཇེ་བཟང་རེད། ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ཡང་ཇེ་བཟང་ནས་ཇེ་བཟང་རེད། ཕྱོགས་གང་ཅིའི་ཐད་ནས་སྔོན་ཆད་དང་བསྡུར་ཐབས་མི་འདུག འདི་ཐམས་ཅད་གཙོ་བོ་རྒྱལ་ཁབ་ཀྱི་རོགས་རམ་ལ་རག་ལས་པ་དང་། ཕྱོགས་གཞན་ཞིག་ནས་རང་གི་ནུས་པ་ལ་བརྟེན་ནས་འབད་བརྩོན་བྱས་པར་རག་ལས་པ་རེད།

སྙན་སྒྲོན་པ། རི་མང་སྡེ་བར་མཚོན་ན་སྔོན་ཆད་སྡེ་བའི་གཞུང་རྒྱུ་མེད་པ་དང་མང་ཚོགས་ཀྱིས་ཚོང་ལས་སོགས་གཉེར་ཏེ་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གཏང་བསམ་ནའང་མ་དངུལ་གྱིས་མི་འདང་བ་སོགས་ཀྱི་གནད་དོན་མང་པོ་ཡོད་པས། བིས་མདོ་བོད་རིགས་ཞང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གནད་དོན་འདི་དག་ལ་དམིགས་ནས་དབུལ་སྐྱོར་རོགས་དངུལ་བརྩོན་ལེན་བྱས་ཏེ་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པ་རེད། དེའི་སྐོར་ནས་རི་མང་སྡེ་བའི་སྡེ་མི་ཀླུ་རྒྱལ་ཚེ་རིང་གིས་བཤད་རྒྱུར།
ཀླུ་རྒྱལ་ཚེ་རིང་།】ན་ནིང་ནས་བཟུང་རྒྱལ་ཁབ་དང་ཞང་སྲིད་གཞུང་གིས་འཚོ་བའི་རོགས་དངུལ་ང་ཚོའི་སྡེ་བའི་ནང་ཁྱེར་ཡོང་སྟེ་ཚོང་ལས་སོགས་གཉེར་ནས་འཚོ་བ་ཇེ་ལེགས་སུ་གཏོང་བའི་ཐད་རོགས་རམ་བྱས་པས་བཀའ་དྲིན་སྐུ་དྲིན་ཆེ་གི ན་ནིང་ནས་བཟུང་རྒྱལ་ཁབ་དང་ཞང་སྲིད་གཞུང་གིས་རོགས་དངུལ་སྡེ་བའི་ནང་ཁྱེར་ཡོང་བས་སྡེ་མི་ཚང་མའི་ལག་ལ་ཐོན་ཐུབ་ཀི དེས་ན་ཚང་མས་ཀྱང་རང་རང་གི་ནུས་ཚོད་ཀྱིས་བྱ་བ་རེ་བསྒྲུབ་ཐུབ་པ་རེད། ན་ནིང་ནས་ད་ལོའི་བར་མི་ཆེ་ཆུང་ཚང་མའི་འཚོ་བའང་རྒྱལ་ཁབ་ཀྱི་དྲིན་ལ་བརྟེན་ནས་ཇེ་བཟང་དུ་སོང་འདུག དེ་བས་རྒྱལ་ཁབ་ལ་བཀའ་དྲིན་ཆེ་ཞུ།

སྙན་སྒྲོན་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སྐྱོར་བྱ་བའི་ཐད་ལ་སྔར་ལས་ལྷག་པའི་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ས་གནས་སོ་སོས་ཀྱང་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་སྣ་ཚོགས་སྤེལ་བཞིན་ཡོད་། བིས་མདོ་བོད་རིགས་ཞང་གི་དབུལ་སྐྱོར་རོགས་དངུལ་འདིས་ཀྱང་ངེས་པ་དོན་གྱིས་དཀའ་ཁག་ཅན་གྱི་མང་ཚོགས་རྣམས་དབུལ་ཐར་བྱེད་པའི་ཐད་དུ་མཐུན་རྐྱེན་ཧ་ཅང་གལ་ཆེན་ཞིག་བསྐྲུན་ཡོད་པ་དང་། རི་མང་སྡེ་བའི་མང་ཚོགས་རྣམས་ཀྱིས་དབུལ་སྐྱོར་རོགས་དངུལ་ལ་རྒྱབ་བཅོལ་ཞིང་། རང་ཉིད་ཀྱི་བརྩོན་འགྲུས་དང་རྔུལ་ཁྲག་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་བསྙེག་བཞིན་པའི་སྒང་རེད།

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཤ་བོ་གསེར་མཚོ་དང་བསོད་ནམས་ཚེ་རིང་། རྟ་མགྲིན་སྐྱབས། སྐར་མ་འཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ཁ་ཡིག་ལ་བིས་མདོ་བོད་རིགས་ཞང་གིས་དབུལ་སྐྱོར་རོགས་དངུལ་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་ཞེས་པ་དེ་ཡིན།

IMG_6640.JPG

རི་མང་སྡེ་བའི་སྡེ་དཔོན་སྟག་ཕྲུག་ལ་བཅར་འདྲི་བྱེད་བཞིན་པ།

IMG_6638.JPG

རི་མང་སྡེ་བའི་སྡེ་མི་ཀླུ་རྒྱལ་ཚེ་རིང་ལ་བཅར་འདྲི་བྱེད་བཞིན་པ།

IMG_6639.JPG

དབུལ་སྐྱོར་རོགས་དངུལ་བསྐྱི་བཞིན་པའི་ཡུལ་དངོས།

གསར་འགོད་པ། ཤ་བོ་གསེར་མཚོ། བསོད་ནམས་ཚེ་རིང་། རྟ་མགྲིན་སྐྱབས། སྐར་མ་འཚོ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།