ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

དམངས་ཀྱི་བསམ་པའི་ལོངས་སྤྱོད་དུ་གྱུར་བའི་བཱ་ཡན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ།

སྤེལ་དུས། 2018-06-05 11:28:11   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཉན་མཁན་རྣམ་པ། ཐེངས་འདིའི《རླབས་ཆེ་བའི་བཅོས་སྒྱུར་དུས་རབས》ཞེས་པའི་བསྟུད་འགོད་གསར་འགྱུར་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བསོད་ནམས་ཚེ་རིང་དང་། ཤ་བོ་གསེར་མཚོ། རྟ་མགྲིན་སྐྱབས། སྐར་མ་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཏེ། ཁ་ཡིག་ལ《དམངས་ཀྱི་བསམ་པའི་ལོངས་སྤྱོད་དུ་གྱུར་བའི་བཱ་ཡན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ》ཞེས་པ་དེ་གཏང་རྒྱུ་ཡིན།

སྙན་སྒྲོན་པ། གླུ་གར་ལ་དགའ་ཞིང་དུང་བའི་ན་གཞོན་སྐོར་ཞིག་གིས་རང་མོས་ཀྱིས་བཙུགས་པའི་དཔའ་ལུང་བཱ་ཡན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་མཛད་སྒོ་གང་རུང་དང་། སྒེར་གྱི་གཉེན་སྟོན་སོགས་ཀྱི་སྟེང་གླུ་གར་སྣ་ཚོགས་འཁྲབ་སྟོན་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་འཕེལ་དུ་གཏོང་བ་དང་དམངས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ནུས་པ་ཆེན་པོ་འདོན་བཞིན་ཡོད་པ་དང་། སྤྱི་ཚོགས་དང་ཡུལ་མི་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

ཚོགས་གཙོ་རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར།
༼ ཉིས་སྟོང་བཅུ་གཅིག་གི་སྐབས་སུ་ས་གནས་ཀྱི་གླུ་བ་གླུ་མ་སྐོར་ཞིག་མཉམ་དུ་འཛོམས་ནས་ ལོ་མགོ་ཚེ་མགོར་གཞི་རིམ་ལ་སྐོར་བ་བྱས་ནས་འཁྲབ་སྟོན་བྱེད་དུ་སོང་། དེ་བས་རྫོང་དྲིལ་སྒྲོག་ལས་ཁུངས་དང་ས་གནས་མང་ཚོགས་ཀྱི་དགའ་བསུ་དང་རྒྱབ་སྐྱོར་ཐོབ། ཐོག་མར་འཁྲབ་སྟོན་དུ་འགྲོ་དུས་རང་རང་གི་མ་དངུལ་རང་རང་གིས་བཏང་བ་ཡིན། ཉིས་སྟོང་བཅུ་གསུམ་ལོར་མཚོ་སྔོན་བརྙན་འཕྲིན་ཁང་གི་དགོང་ཚོགས་སྟེང་མཚོ་ཤར་ཀྱི་ཚབ་བྱས་ནས་ཞུགས། ཚང་མའི་རྒྱབ་སྐྱོར་འོག གླུ་ཡག་པོ་ཞིག་འཁྱོངས་ཐལ། དེ་ནས་གླུ་བ་གླུ་མ་དག་གི་སེམས་ཤུགས་ཇེ་ཆེར་སོང་། མང་ཤས་ཀྱིས་ལས་ཀ་བསྐྱུར་ནས་སྒྱུ་རྩལ་ནང་ཞུགས་པའི་རྣམ་པ་བྱུང་། ཉིས་སྟོང་བཅོ་ལྔ་ལོར་ལོ་སར་དགོང་ཚོགས་བ་ཡན་སྐྱིད་ལ་གཞི་འཛོམས་ཞེས་པ་ཞིག་འཚོགས། སྐབས་དེར་གླུ་བ་དང་གླུ་མ་མང་བོ་དེར་ཞུགས། ས་ཕྱོགས་གང་ཡིན་གྱི་དགའ་བསུ་ཆེན་པོ་ཐོབ་ཐལ། དེ་བས་ཉིས་སྟོང་བཅོ་ལྔ་ལོར་སྲིད་གཞུང་གི་ཆོག་མཆན་ཁ་ཚང་ལོན་ཐལ། མཛད་སྒོ་ལ་སོགས་པའི་སྟེང་དུ་འགྲོ་བར་ཚོགས་པ་ཁ་ཚང་འགྲོ་བའི་འཁྲབ་སྟོན་བཞི་བཅུ་ལྔ་བཅུ་ཙམ་ཡོད་པ་རེད། ཚོགས་པ་གཅུག་པུ་བསྐྱངས་ན་འཁྲབ་སྟོན་མང་བོ་མེད་ཀི ཡོང་སྒོ་ཕྱོགས་ནས་ཅུང་དཀའ་བས། འོག་ཁང་ཚོང་ཁང་དང་སྟེང་ཇ་ཁང་ཡིན་ལ། ཞོར་དུ་བོད་ཟས་ཡོད་པ་ཞིག་གཉེར་བ་ཡིན། ༽

སྙན་སྒྲོན་པ། དཔའ་ལུང་བཱ་ཡན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དེ་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་གྱི་སྣེ་ཁྲིད་འོག ཉིས་སྟོང་བཅོ་ལྔ་ལོར་དངོས་སུ་བཙུགས་པ་དང་། རྒྱལ་ཁབ་ཀྱི་ཆོག་མཆན་དཔང་ཡིག་མ་ལུས་པ་བླངས་ཏེ་དཔའ་ལུང་ས་ཆའི་མི་རིགས་རིག་གནས་ཀྱི་མིང་བྱང་གསར་བ་ཞིག་ཏུ་གྱུར་འདུག

ཚོགས་པ་དེའི་གླུ་བ་ཀུན་བཟང་རྣམ་རྒྱལ་གྱིས་བཤད་རྒྱུར།
༼ མི་རིགས་གང་ཡིན་ཡང་རིག་རྩལ་གྱི་ལམ་འདི་ནས་རང་གི་དགའ་ཕྱོགས་འདི་ངོམས་ཐུབ་པར་མ་ཟད། མི་རིགས་ཀྱི་རིག་གནས་འདི་ངོམ་ཐུབ་རྒྱུ་རེད། ནང་སྒོས་སུ་སྐད་ཡིག་སློབ་གསོའི་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཨེ་ཐེབས་བསམ་ནས་ཚོགས་པ་འདི་བཙུགས་ནི་རེད།
ངེད་ཚོ་ཚོགས་པ་འདིའི་སྒྲིག་ལམ་དང་ལོ་རེ་རེའི་འཁྲབ་སྟོན་ཆུ་ཚད་ཇེ་བཟང་ནས་ཇེ་ལེགས་རེད། ཚོགས་པ་འདིར་བརྟེན་ནས་གླུ་ལེན་གར་རྩེད་ལ་དགའ་བའི་ན་གཞོན་མང་བོ་ཞིག་ལམ་འདིར་ཞུགས། རིག་གནས་ཀྱི་ཕྱོགས་ལའང་ཤུགས་རྐྱེན་ཇེ་ཆེར་སོང་། ཚོགས་པ་འདི་བཙུགས་ནས་བཟང་ཆ་གང་མང་མང་ཞིག་ཡོད་ཀི ༽

སྙན་སྒྲོན་པ། ཚོགས་པ་དེ་ཡུན་རིང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱ་ཆེད། ཚོགས་གཙོ་རྡོ་རྗེ་ཚེ་བརྟན་གྱིས་ཚོང་ཁང་དང་ཇ་ཁང་། ཟ་ཁང་བཅས་གཞི་གཅིག་ཅན་གྱི་ཚོང་ལས་ཤིག་གཉེར་ནས་ཚོགས་པའི་འགྲོ་སོང་ལ་ཁ་གསབ་བྱེད་བཞིན་ཡོད།

བཱ་ཡན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དེ་དཔའ་ལུང་བོད་རིགས་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཅིག་ཏུ་གྱུར་འདུག་ཅིང་། མི་རྣམས་ཀྱི་དཔལ་འབྱོར་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། བསམ་པའི་འཚོ་བའི་རེ་བའང་སྔར་ལས་ཇེ་ཆེར་འགྲོ་བཞིན་པས། བ་ཡན་དམངས་ཁྲོད་གླུ་གར་ཚོགས་པར་ཡང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་འབྱུང་སྲིད་པ་བསྙོན་མེད་རེད།

523927685661004275.jpg

དཔའ་ལུང་བཱ་ཡན་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ། 

788712544320431908.jpg

དཔའ་ལུང་བཱ་ཡན་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་གླུ་བ་ཀུན་བཟང་རྣམ་རྒྱལ་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ། 

139665208863309875.jpg

དཔའ་ལུང་བཱ་ཡན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱེད་བཞིན་པ། 

301319481020279007.jpg

དཔའ་ལུང་བཱ་ཡན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། 

གསར་འགོད་པ། བསོད་ནམས་ཚེ་རིང་དང་། ཤ་བོ་གསེར་མཚོ། རྟ་མགྲིན་སྐྱབས། སྐར་མ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།