ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

སྐལ་བཟང་རྡོ་རྗེ་ཡིས་ཚད་ལྡན་བཟོ་སྐྲུན་གྱི་འཕེལ་རྒྱས་ལམ་བུ་འཚོལ་བསྙེག་བྱས།

སྤེལ་དུས། 2018-06-07 09:44:12   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཉན་མཁན་རྣམ་པ། ཐེངས་འདིའི《རླབས་ཆེ་བའི་བཅོས་སྒྱུར་དུས་རབས》ཞེས་པའི་བསྟུད་འགོད་གསར་འགྱུར་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བསོད་ནམས་ཚེ་རིང་དང་། ཤ་བོ་གསེར་མཚོ། རྟ་མགྲིན་སྐྱབས། སྐར་མ་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཏེ། ཁ་ཡིག་ལ《སྐལ་བཟང་རྡོ་རྗེ་ཡིས་ཚད་ལྡན་བཟོ་སྐྲུན་གྱི་འཕེལ་རྒྱས་ལམ་བུ་འཚོལ་བསྙེག་བྱས》ཞེས་པ་དེ་གཏང་རྒྱུ་ཡིན།

སྙན་སྒྲོན་པ། མཚོ་སྔོན་ཐོ་ལུང་འཛུགས་སྐྲུན་བཟོ་སྐྲུན་ཀུང་ཟི་ནི་ཕ་ཡུལ་མཚོ་ཤར་དཔའ་ལུང་གསེར་ལྗོངས་ཞང་ནས་ཡིན་པའི་ཚོང་བདག་སྐལ་བཟང་རྡོ་རྗེ་ཡིས་ཉིས་སྟོང་བཅོ་ལྔ་ལོར་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་དྲུག་བཏང་ནས་དངོས་སུ་བཙུགས་པ་དང་། ཉིས་སྟོང་བཅོ་ལྔ་ལོར་བཟོ་སྐྲུན་འགན་ལེན་གྱི་ཐོབ་ཐང་ལོན་པར་མ་ཟད། བདེ་འཇགས་ཐོན་སྐྱེད་ཀྱི་ཆོག་མཆན་དཔང་ཡིག་ཀྱང་བླངས། ཚན་རིག་ཅན་དང་། ཚད་ལྡན་ཅན། གཞི་རྒྱ་ཅན། ཆེད་ལས་ཅན་ལ་ཁ་ཕྱོགས་པའི་བཟོ་སྐྲུན་ཀུང་ཟི་དེ་བཙུགས་ནས་ཡུན་རིང་འགོར་མེད་ཀྱང་། རྒྱུ་སྤུས་དང་མྱུར་ཚད་སོགས་ཕྱོགས་གང་ཅིའི་ཐད་ནས་དཔའ་ལུང་ཙམ་དུ་མ་ཟད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་སུ་ཤུགས་རྐྱེན་མི་དམན་པ་ཐོན་འདུག

སྙན་སྒྲོན་པ། ཀུང་ཟི་དེས་གཙོ་བོ་ཁང་བའི་འཛུགས་སྐྲུན་དང་དོ་དམ་བྱ་བ་གཉེར་བཞིན་ཡོད་ཅིང་། བཟོ་སྐྲུན་གྱི་སྤུས་ཚད་སྲོག་ཏུ་བཟུང་ཡོད། ལག་རྩལ་གསར་བ་དང་རྒྱུ་ཆ་གསར་བ། སྒྲིག་ཆས་གསར་བ་བཀོལ་ནས། ཁྲིམས་མཐུན་དང་ཚད་ལྡན་ཅན་གྱི་ལས་རིམ་ལྟར་འཛུགས་སྐྲུན་བྱེད་པ་ཡིན་ལ། གན་རྒྱ་བརྩི་སྲུང་དང་རྣམ་དག་ཞབས་ཕྱི་བྱེད་པ་གཙིགས་སུ་བཟུང་ཡོད། ཀུང་ཟི་དེའི་སྤྱི་གཉེར་བ་སྐལ་བཟང་རྡོ་རྗེ་ཡིས་བཤད་རྒྱུར།
༼ ང་རང་ནི་སྔོན་ཆད་དགེ་རྒན་ཞིག་ཡིན། ཕ་ཡུལ་དཔའ་ལུང་གསེར་ལྗོངས་ས་ཆའི་ཡིན། ཉིས་སྟོང་བཅོ་ལྔ་ལོར་འཛུགས་སྐྲུན་བཟོ་སྐྲུན་ཀུང་ཟི་བཙུགས་པ་ཡིན། ཀུང་ཟི་འདིའི་ནང་ལས་བཟོ་བ་བརྒྱ་དང་དྲུག་ཅུ་ཡོད། དེའི་ནང་རིམ་པ་དང་པོའི་ལས་བཟོ་བ་བཅུ་གཉིས་ཡོད། རིམ་པ་གཉིས་པའི་ལས་བཟོ་བ་བཅོ་ལྔ་ཡོད། འབྲིང་རིམ་ལག་རྩལ་མི་སྣ་ཉེར་གསུམ་ཡོད། ལས་གནས་དཔང་ཡིག་བླངས་ཡོད་པ་སུམ་ཅུ་ཡོད། དེ་བས་ད་ལྟ་བཟོ་སྐྲུན་ལས་གཞི་གང་ཡིན་ཡང་ལས་ཐུབ་པ་རེད། ཡོང་སྒོ་ཡང་ལོ་རེ་བཞིན་ཇེ་བཟང་རེད། ༽

སྙན་སྒྲོན་པ། ཀུང་ཟི་དེས་ལོ་གཉིས་ཀྱི་དུས་ཚོད་ནང་ཆི་ལེན་རྫོང་ཆ་ཚང་སློབ་ཆུང་དང་པོའི་སློབ་ཁྲིད་ཐོག་ཁང་དང་དཔའ་ལུང་རྫོང་གི་སྤྱི་གཞུང་གླ་གཏོང་ཁང་བའི་ལས་གཞི། དཔའ་ལུང་རྫོང་ཕྱོགས་བསྡུས་རིག་གནས་ཞབས་ཕྱི་ལྟེ་གནས་ཀྱི་ལས་གཞི། དཔའ་ལུང་རྫོང་གི་སློབ་གྲྭའི་བསྒྱུར་བཀོད་ལས་གཞི། རྫོང་མཁར་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་ལས་གཞི། དཔའ་ལུང་རྫོང་མཐོ་སྒང་མཛེས་པའི་ཞིང་གྲོང་གི་འཛུགས་སྐྲུན་ལས་གཞི་སོགས་འཛུགས་སྐྲུན་བྱས་པ་དང་། བཟོ་སྐྲུན་ཚད་ལྡན་གྱི་ཚད་བརྒྱ་ཆའི་བརྒྱར་བསླེབ་ཡོད། ཀུང་ཟི་དེའི་ལས་བཟོ་བ་རིན་ཆེན་གྱིས་བཤད་རྒྱུར།
༼ ཉིས་སྟོང་བཅུ་དྲུག་ལོར་ཚོང་བདག་སྐལ་རྡོའི་ཀུང་ཟི་ལ་བྱ་བ་ལས་པར་ཡོང་། ང་སྔོན་ཆད་ནས་ཚོང་ལས་ཕྱོགས་ལ་ཞུགས་པའི་འདུན་པ་ཡོད་རྐྱེན། ཚོང་བདག་སྐལ་རྡོ་ལ་རོགས་རམ་བྱེད་པའི་ཞོར་དུ་སློབ་སྦྱོང་བྱས་པ་ཡིན། བྱ་བ་འདི་འདྲ་ཞིག་ལས་ན་རང་གི་ཕ་ཡུལ་དང་ཁྱིམ་ཚང་ལ་བཀོལ་ཆོད་ཀི ང་དང་ལས་ཁུངས་ནང་གི་ལས་བཟོ་བ་ཚང་མ་ཁོར་ཡིད་ཆེས་ཡོད། ཀུང་ཟིའི་མ་འོངས་པར་ཡང་ང་ཚོ་ཡིད་ཆེས་ཡོད། དེ་བས་ཚོང་བདག་སྐལ་བཟང་རྡོ་རྗེ་དང་མཉམ་དུ་ལས་བཟོ་བ་ཚང་མས་ཤུགས་རེས་བྱས་ཏེ་ཀུང་ཟི་འདི་དར་སྤེལ་གཏོང་རྒྱུ་ཡིན། ༽

སྙན་སྒྲོན་པ། ཚོང་བདག་སྐལ་བཟང་རྡོ་རྗེ་ཡིས་འཛུགས་སྐྲུན་བཟོ་སྐྲུན་གྱི་ཞོར་ལ་དབུལ་ཕོངས་སྡེ་བའི་ངལ་རྩོལ་པར་བྱ་བ་བཀོད་སྒྲིག་བྱེད་པ་དང་། ནད་ལྗིད་མོ་ཕོག་པའི་ནད་པར་རོགས་རམ་བྱེད་པ་སོགས་གཞན་ཕན་དགེ་སྒྲུབ་ཀྱི་ལས་ཀྱང་ཆགས་མེད་དུ་སྤེལ་བཞིན་ཡོད།
ཚོང་བདག་སྐལ་བཟང་རྡོ་རྗེ་ལ་རྒྱུས་མངའ་ཆེ་བའི་ཚོང་གྲོགས་སངས་རྒྱས་ཀྱིས་བཤད་རྒྱུར།
༼ ང་ཉིས་སྟོང་བཅུ་གསུམ་ལོར་དཔའ་ལུང་རྫོང་དུ་ཡོང་ནས་སྐལ་བཟང་རྡོ་རྗེ་ངོ་ཤེས་པ་ཡིན། བྱ་བ་ཅི་ཞིག་ལས་ཀྱང་ཁ་ཚང་བོ་ཆགས་མེད་དུ་ལས་པའི་མི་ནན་ཏན་ཞིག་ཡིན་ལ། དཔའ་ལུང་ས་ཆ་འདི་ནས་མི་ཅུང་འདང་ཆེན་ཡིན། ཁོ་མི་སྙིང་རྗེ་ཅན་ཞིག་ཀྱང་ཡིན། ཁོས་ཉིས་སྟོང་བཅོ་ལྔ་ལོར་ཀུང་ཟི་འདི་བཙུགས་ནས། ས་ཕྱོགས་འདིའི་སློབ་མ་དང་ཁྱིམ་ཚང་མེད་པར་རོགས་སྐྱོར་འདྲ་བྱས། སློབ་མ་མཐར་ཕྱིན་ནས་བྱ་བ་རྙེད་མེད་པར་བསྡད་ཡོད་པ་དག་ཀྱང་ཁོའི་ཀུང་ཟིའི་ནང་བླངས་ནས་ལག་རྩལ་སྦྱོང་དུ་བཅུག་སྟེ་འཚོ་བའི་ཁ་གསབ་ཐད་རོགས་རམ་བྱས། ནད་པ་སྨན་རིན་སྟེར་རྒྱུ་མེད་པ་དག་ལ་རོགས་སྐྱོར་བྱས། ཁོས་ལོ་གཅིག་ལ་སྒོར་ཁྲི་ཉི་ཤུ་ནས་སུམ་ཅུས་རོགས་སྐྱོར་བྱེད་ཀྱིན་འདུག ༽

སྙན་སྒྲོན་པ། མི་འགྱངས་པར་ཀུང་ཟི་དེས་གྲོང་སྲིད་སྤྱི་སྤྱོད་བཟོ་སྐྲུན་དང་ཆུ་བེད་བཟོ་སྐྲུན་གྱི་ཐོབ་ཐང་བརྩོན་ལེན་བྱེད་རྒྱུ་ཡིན་པ་དང་། དེ་ལྟར་བྱས་ན་བཟོ་སྐྲུན་གྱི་ལས་གཞི་གང་ཡིན་ཡང་དང་ལེན་བྱས་ཆོག་པ་རེད།

尕总.jpg

མཚོ་སྔོན་ཐོ་ལུང་འཛུགས་སྐྲུན་བཟོ་སྐྲུན་ཀུང་ཟིའི་སྤྱི་གཉེར་བ་སྐལ་བཟང་རྡོ་རྗེ་ཡིས་ཀུང་ཟིའི་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ།

328965684971447162.jpg

མཚོ་སྔོན་ཐོ་ལུང་འཛུགས་སྐྲུན་བཟོ་སྐྲུན་ཀུང་ཟིའི་ལས་བཟོ་བ་རིན་ཆེན་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

906085670799161295.jpg

སྐལ་བཟང་རྡོ་རྗེའི་ཚོང་གྲོགས་སངས་རྒྱས་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

433552794850744813.jpg

མཚོ་སྔོན་ཐོ་ལུང་འཛུགས་སྐྲུན་བཟོ་སྐྲུན་ཀུང་ཟིས་འཛུགས་སྐྲུན་བྱས་པའི་སློབ་ཁྲིད་ཐོག་ཁང་།

གསར་འགོད་པ། བསོད་ནམས་ཚེ་རིང་དང་། ཤ་བོ་གསེར་མཚོ། རྟ་མགྲིན་སྐྱབས། སྐར་མ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།
 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།