ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

དཀའ་ཐུབ་རྒྱལ་གྱིས་ཕྱུགས་ལས་མཉམ་ལས་ཁང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་མངོན་འགྱུར་བྱུང་།

སྤེལ་དུས། 2018-06-09 09:35:39   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ཚེ་རིང་།

ཉན་མཁན་རྣམ་པ། ཐེངས་འདིའི《རླབས་ཆེ་བའི་བཅོས་སྒྱུར་དུས་རབས》ཞེས་པའི་བསྟུད་འགོད་གསར་འགྱུར་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བསོད་ནམས་ཚེ་རིང་དང་། ཤ་བོ་གསེར་མཚོ། རྟ་མགྲིན་སྐྱབས། སྐར་མ་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཏེ། ཁ་ཡིག་ལ《དཀའ་ཐུབ་རྒྱལ་གྱིས་ཕྱུགས་ལས་མཉམ་ལས་ཁང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་མངོན་འགྱུར་བྱུང》ཞེས་པ་དེ་གཏང་རྒྱུ་ཡིན།

སྙན་སྒྲོན་པ། མཚོ་སྔོན་ཞིང་ཆེན་མཚོ་ཤར་ཞོན་ཧྭ་རྫོང་རྐང་ཚ་བོད་རིགས་ཞང་རྐང་ཚ་སྡེ་བའི་སྡེ་མི་དཀའ་ཐུབ་རྒྱལ་གྱིས་ཉིས་སྟོང་བཅུ་བདུན་ལོར་མ་དངུལ་རང་གསོག་བྱས་ཤིང་། སྡེ་བའི་ནང་གི་ཁྱིམ་ཚང་བཞིར་མཉམ་འབྲེལ་བྱས་ཏེ་ཕྱུགས་ལས་མཉམ་ལས་ཁང་ཞིག་གཉེར་བ་དང་། ཞོ་དང་མར་ཆུར་ཕྱིར་འཚོང་བྱས་ནས་རང་ཁྱིམ་གྱི་ཡོང་འབབ་འཕར་བར་མ་ཟད། མཉམ་ལས་ཁང་ལ་ཞུགས་པའི་ཁྱིམ་ཚང་གཞན་པར་ཡང་ཁེ་ཕན་མི་ཉུང་བ་བསྐྲུན་ཡོད། དེའི་དབང་གིས་ཁོ་ཡང་ད་ལྟ་དབུལ་ཐར་ཕྱུག་འགྱུར་གྱི་མ་དཔེ་ཞིག་ཏུ་གྱུར་འདུག

སྙན་སྒྲོན་པ། དཀའ་ཐུབ་རྒྱལ་ལ་མཚོན་ན་སྔོན་ཆད་ཁྱིམ་ཚང་དབུལ་ཕོངས་ཡིན་པ་དང་། རང་ཁྱིམ་གྱི་ནོར་ལུག་བཅུ་ཁ་བོ་འཚོ་སྐྱོང་བྱས་ན་ཚེགས་ཆེ་ཞིང་ཡོང་འབབ་ཆེར་མེད། དེ་ལས་གཞན་པའི་དཔལ་འབྱོར་ཡོང་ཁུངས་ཅི་ཡང་མེད་སྟབས་རང་ཁྱིམ་གྱི་ལྟོ་རྒྱབ་ལའང་སེམས་ཁུར་ཡོད་པའི་ཚོད་དུ་འདུག ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ། དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་སྣ་ཚོགས་དངོས་འབེབ་བྱས་པས། དཀའ་ཐུབ་རྒྱལ་གྱི་བསམ་བློར་ཡང་འགྱུར་ལྡོག་བྱུང་སྟེ་དབུལ་ཐར་ཕྱུག་འགྱུར་གྱི་སྤོབས་པ་ཇེ་ཆེར་སོང་བས། གཉེན་ཉེ་བཟང་ས་སོགས་ལ་མ་དངུལ་བསྐྱིས་པ་དང་ས་གནས་རང་ནས་འབྲི་མོ་སྐོར་ཞིག་ཉོས་ཏེ་ཕྱུགས་ལས་མཉམ་ལས་ཁང་དེ་བཙུགས་པ་རེད། དེའི་ཐད་ནས་དཀའ་ཐུབ་རྒྱལ་གྱིས་བཤད་རྒྱུར།
༼ སྔོན་ཆད་ངེད་ཚང་ཁྱིམ་ཚང་ཧ་ཅང་མེད་པོ་ཡིན། ཁྱིམ་ན་ཟོག་ལུག་བཅུ་ཁ་མ་གཏོགས་མེད་པས། བཟའ་མི་ཚང་མའི་ཁ་རྒྱབ་ལའང་འདང་རྒྱག་ཡོད་ཀི། ཁ་སང་དེ་རིང་རྒྱལ་ཁབ་ཀྱིས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་སྣ་ཚོགས་དངོས་འབེབ་བྱས་པ་དང་བསྟུན་ནས། རང་ཉིད་ལའང་དབུལ་ཐར་གྱི་འདུན་པ་དྲག་པོ་ཞིག་སྐྱེས་སོང་། ཤ་ཉེ་དང་གྲོགས་པོ་རེ་འགར་མ་དངུལ་བསྐྱིས་ཏེ། ཉིས་སྟོང་བཅུ་བདུན་ལོར་སྒོར་མོ་ཁྲི་ཉི་ཤུ་ཙམ་བཏང་ནས་ཕྱུགས་ཁང་ལས་པ་དང་། ཁྱིམ་ཚང་ལྔས་མཉམ་འབྲེལ་བྱས་ནས་མར་ཆུར་དང་ཞོ་སོགས་ཕྱུགས་ཐོན་དངོས་རྫས་ཕྱིར་འཚོང་བྱེད་པའི་མཉམ་ལས་ཁང་འདི་བཙུགས་པ་ཡིན། ད་ལྟ་མཉམ་ལས་ཁང་འདིར་ཟོག་བརྒྱད་ཅུ་ལྷག་ཡོད་པ་དང་། འབྲི་མོ་ལྔ་བཅུ་ལྷག་ཡོད། འབྲི་མོ་རྣམས་གཙོ་བོ་མར་ཆུར་གྱི་འབྱུང་ཁུངས་ཡིན་ནས་ཕྱུགས་ཁང་ནས་རྩྭ་ཆུ་ཉོས་ཏེ་གསོས་པ་ཡིན། ད་སྐབས་ལོ་ཧྲིལ་བོར་ཁྱིམ་ཚང་ལྔ་བོར་ཆ་སྙོམས་སྒོར་ཁྲི་གཉིས་རེ་བགོ་བཤའ་བྱེད་རྒྱུ་ཡོད་ཀི། དེ་ལས་ར་སྤྲོད་བྱེད་ཐུབ་རང་ཉིད་ཀྱིས་བརྩོན་པ་བྱས་ན་དབུལ་བོ་ཡིན་ཡང་ཕྱུག་པོར་འགྱུར་མི་ཐུབ་པ་ཞིག་མ་རེད་འདོད་ཀི། ༽

སྙན་སྒྲོན་པ། དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག དཀའ་ཐུབ་རྒྱལ་བཟའ་ཟླ་གཉིས་ཀྱིས་ཕྱུགས་ཁང་གསར་དུ་ལས་ནས་འབྲི་མོ་ལྔ་བཅུ་གསོ་སྐྱོང་བྱེད་བཞིན་ཡོད་ཅིང་། ལས་ལ་བརྩོན་པའི་དཀའ་ཐུབ་རྒྱལ་བཟའ་ཟླ་གཉིས་ཀྱིས་ལྷད་མེད་པའི་ཞོ་དང་མར་ཆུར་སྤུས་དག་ཕྱིར་འཚོང་བྱས་སྟབས། ཐག་ཉེ་རིང་གི་མི་ཚང་མའི་ཡིད་ཆེས་ཐོབ་ཅིང་། ཚོང་ལམ་ཡང་སྔར་ལས་ཇེ་ཡངས་སུ་སོང་ཡོད་པ་དང་། ཡོང་འབབ་ཀྱང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བརྩོན་པའི་འབྲས་བུ་ལས་ཁོ་ཚང་གི་འཚོ་བའང་སྐྱིད་དང་དྲོད་ཀྱིས་ཁེངས་འདུག དཀའ་ཐུབ་རྒྱལ་གྱི་ཆུང་མ་དོན་གྲུབ་མཚོ་ཡིས་བཤད་རྒྱུར།
༼ ངེད་གཉིས་ཀྱིས་མར་དང་ཞོ་འཚོང་བཞིན་ཡོད། འབྲི་ལྔ་བཅུ་ཡོད། དགུན་ཁར་འོ་མ་རྒྱ་མ་སུམ་ཅུ་ཙམ་ཡོད་ཀི དབྱར་ཁར་འོ་མ་རྒྱ་མ་རྒྱ་ཙམ་ཡོད་ཀི སྨན་སོགས་ཀྱི་ལྷད་བསྲེས་མེད་པས། ཚང་མས་ཁྱོད་ཚང་གི་མར་ངོ་མ་རེད་ཟེར་ནས་དྲིས་ནས་ཉོ་རུ་ཡོང་གི། ཞོ་ཡིན་ནའང་ལྷད་མེད་ཀི་ཟེར་ནས་ཉོ་ཀི། ད་བར་གྱི་འཚོ་བར་མེད་ཀི། ངོ་མ་བདེ་སྐྱིད་རེད། ད་སྐབས་སྐྱིད་ཀྱང་སྐྱིད་ལ་སྐྱིད་པོའང་བྱས་ནས་བསྡད་ཡོད། ༽

སྙན་སྒྲོན་པ། དཀའ་ཐུབ་རྒྱལ་བཟའ་ཟླ་གཉིས་ཀྱིས་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་དབུལ་ཐར་ལམ་བུ་འཚོལ་ཞིབ་བྱས་ཏེ། ད་ལྟ་དགའ་འོས་པའི་ཡོང་འབབ་ཐོབ་པ་དང་། འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་འཚོ་བ་མངོན་འགྱུར་བྱུང་བ་འདིས་གཞན་ལའང་དཔེ་སྟོན་གྱི་ནུས་པ་ཙམ་ཐོན་སྲིད་པར་གདོན་མི་ཟ།

607533201902264475.jpg

དཀའ་ཐུབ་རྒྱལ་གྱིས་ཕྱུགས་ལས་མཉམ་ལས་ཁང་གི་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ།

66025610289398334.jpg

དཀའ་ཐུབ་རྒྱལ་གྱི་ཆུང་མ་དོན་གྲུབ་མཚོ་ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

17718684162330200.jpg

དཀའ་ཐུབ་རྒྱལ་གྱི་ཕྱུགས་ལས་མཉམ་ལས་ཁང་གི་ཟུར་ཞིག

གསར་འགོད་པ། བསོད་ནམས་ཚེ་རིང་དང་། ཤ་བོ་གསེར་མཚོ། རྟ་མགྲིན་སྐྱབས། སྐར་མ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།