ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

དུང་དཀར་མཉམ་ལས་ཁང་གིས་འབྲི་མོ་དགུན་ཁར་རྩེབས་པ་རྒྱུན་ལྡན་ཅན་དུ་གྱུར་བའི་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན།

སྤེལ་དུས། 2018-06-15 10:29:49   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐལ་བཟང་རྣམ་རྒྱལ།

306124866782531931.jpg
རྩེ་ཁོ་རྫོང་དུང་དཀར་མཉམ་ལས་ཁང་གི་འགོ་བ་བསོད་བྷ་རྒྱལ་ལ་བཅར་འདྲི་བྱེད་ཀྱིན་པ།

517014233307185644.jpg
དུང་དཀར་མཉམ་ལས་ཁང་གི་ཕྱུགས་རྫི་གཡང་སྐྱབས་རྒྱལ་ལ་བཅར་འདྲི་བྱེད་ཀྱིན་པ།

ཉན་མཁན་རྣམ་པ། ཞོལ་ནས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་དང་རིན་ཆེན་འཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར། དུང་དཀར་མཉམ་ལས་ཁང་གིས་འབྲི་མོ་དགུན་ཁར་རྩེབས་པ་རྒྱུན་ལྡན་ཅན་དུ་གྱུར་བའི་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་ཞེས་པ་དེ་གཏང་རྒྱུ།

རྒྱུས་ལོན་པ་ལྟར་ན། རྩེ་ཁོག་རྫོང་ན་ཐོན་ལས་དབུལ་སྐྱོར་གྱི་ཕྱོགས་ནས་མཉམ་ལས་ཁང་མང་པོ་བཙུགས་ཡོད་ལ། དེའི་ནང་དུང་དཀར་མཉམ་ལས་ཁང་ཟེར་བ་ཞིག་གིས་རྒྱལ་ཁབ་ཀྱི་དམིགས་ཚད་ལྟར་ལེགས་འགྲུབ་བྱུང་ཞིང་། ཚན་རིག་དང་མཐུན་པའི་དངོས་གཉེར་མཉམ་ལས་བྱས་ཏེ། ད་ལྟ་དུང་དཀར་སྡེ་བ་ཡོངས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད་ཟེར།

དུང་དཀར་སྡེ་བ་ནི་རྩེ་ཁོག་རྫོང་དང་སྤྱི་ལེ་གསུམ་གྱི་མཚམས་ན་ཡོད་ཅིང་། སྡེ་བར་ཁྱིམ་ཚང་བརྒྱ་དང་བཅུ་བཞི། མི་གྲངས་ལྔ་བརྒྱ་ང་བཞི་ཡོད་ལ། མཉམ་ལས་ཁང་གི་ནང་ཞུགས་ཚད་བརྒྱ་ཆའི་བརྒྱ་རེད། དུང་དཀར་སྡེ་བའི་སྐྱེ་ལྡན་ཕྱུགས་ལས་མཉམ་ལས་ཁང་འདི་ཉིས་སྟོང་བཅུ་གཉིས་ལོར་བཙུགས་པ་ནས་ད་ལྟའི་བར་དུ་དཀའ་ངལ་གྱི་གོ་རིམ་སྣ་ཚོགས་ཁྱད་དུ་གསད་དེ་ད་ལྟ་གྲུབ་འབྲས་ཀྱང་གང་མང་ཞིག་བླངས་འདུག དུང་དཀར་སྐྱེས་ལྡན་ཕྱུགས་ལས་མཉམ་ལས་ཁང་གི་འགན་འཛིན་པ་བསོད་བྷ་རྒྱལ་གྱིས་བཤད་པ་ལྟར་ན།
བསོད་བྷ་རྒྱལ།མཉམ་ལས་ཁང་འདི་འཛུགས་དུས་མང་ཚོགས་ཀྱི་ཁ་མི་འཆམ་པ་སོགས་གཞི་བྱས་ཏེ་དཀའ་ལས་མང་པོ་མྱངས་པ་ཡིན། ད་ལྟ་ང་ཚོས་འབད་པ་ཆེན་པོས་རྒྱལ་ཁབ་ཀྱི་རེ་བ་ལྟར་སྒྲུབ་པས་འབྲི་མོ་ཚང་མ་དགུན་རྩེབས་བྱེད་ཀིན་ཡོད། འབྲི་མོ་དགུན་ཁར་རྩེབས་ན་དགུན་ཁར་འོ་མ་དཀོན་པས་རིན་གོང་མཐོ་བ་རེད། ང་ལོ་ལྔ་བཅུ་ལ་བུད་ཡོད་མོད། ད་རག་བར་དུ་འབྲི་དགུན་རྩེབས་བྱས་པ་ཞིག་རིག་མ་མྱོང་། བེའུ་ཚང་མ་ཡང་བེའུ་ཆེ་བ་ཞིག་ལ་བརྒྱ་མ་བརྒྱ་དང་ལྔ་བཅུ་ཡོད།རྒྱུན་ལྡན་གྱི་བེའུ་ལས་ལྗིད་ཚད་ལྡབ་གསུམ་རེད།དེ་བས་འདི་ལ་དཀའ་སྡུག་ཤིན་ཏུ་ལྕི་མོད་གྲུབ་འབྲས་རེག་ན་ང་ཚོ་ཡང་ཤིན་ཏུ་དགའ་ཡོད།

སྤྱིར་ཡ་རུ་ཞིག་ལ་སྒོར་ཆིག་སྟོང་ལྔ་བརྒྱའི་རིན་ཡས་མས་ཀྱི་གོང་ལས་མི་བྲིན་མོད། མཉམ་ལས་ཁང་འདིའི་ནང་དུ་ཡ་རུ་ཞིག་ལ་སྒོར་སྟོང་ཚོ་བཞི་ལྷག་ལ་འབུད་པས། རྒྱུན་ལྡན་གྱི་བེའུ་ལས་ལྡབ་གཉིས་ལྷག་ལས་མཐོ། མཉམ་ལས་ཁང་འདིས་འབྲི་མོ་དགུན་ཁར་རྩེབས་པ་དང་ལོ་རེར་རྩེབས་པ་སོགས་ཀྱིས་འོ་མའི་ཐོན་ཚད་མང་ཞིང་། ཡ་རུའི་རིན་གོང་མཐོ་བ་སོགས་ཀྱི་དབང་གིས། ན་ནིང་ལོ་མཇུག་ལ་སྒོར་ཁྲི་དོན་བདུན་ལྷག་བགོ་བཤའ་བརྒྱབས་ལ།རྩེ་ཁོག་རྫོང་གི་མཉམ་ལས་ཁང་ཨང་དང་པོར་བདམས་འདུག ང་ཚོས་མཉམ་ལས་ཁང་འདིའི་ཕྱུགས་རྫི་གཡང་སྐྱབས་རྒྱལ་ལ་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར།
གཡང་སྐྱབས་རྒྱལ། ང་བཟའ་མི་བཞི་ཡོད། ནོར་བདུན་ཡོད། ནོར་བདུན་པོ་མཉམ་ལས་ནང་བཞག་ཡོད། ད་ལྟ་འབྲི་ལོ་རེར་རྩེབས་ནས་ནོར་བདུན་པོ་ནོར་ཉེར་གཅིག་ལ་འཕེལ་ཡོད། འདིའི་ནང་སྡུག་ཅུང་ཙམ་འདག་མོད་བཟའ་ཉོག་གི་ཁ་རྒྱབ་སོས་ཤིང་བགོ་བཤའ་མང་བས། སེམས་ཤིན་ཏུ་སྐྱིད་ཀི

རྩེ་ཁོག་རྫོང་དུང་དཀར་མཉམ་ལས་ཁང་གིས་ཕྱུགས་ལས་ཐོན་ལས་ཚན་རིག་ཅན་གྱི་རྣམ་པ་སྤྱད་དེ།ཁྱིམ་ཚང་རེ་རེ་ཡི་ཡོང་སྒོ་ལ་འཕར་སྣོན་བྱུང་པ་མ་ཟད། དབྱར་དགུན་ཚང་མར་ཁྲོམ་རའི་སྟེང་ལ་འོ་མ་སོགས་འདོན་སྤྲོད་བྱེད་ཐུབ་ཀྱི་ཡོད་པས། ས་གནས་ཁྲོམ་རའི་དཔལ་འབྱོར་གྱི་སྟེང་ལ་ཕྱུགས་ལས་ཐོན་རྫས་ཀྱི་མཁོ་སྤྲོད་ཐད་ནས་སྐུལ་ཁྲིད་ཀྱི་ནུས་བ་མི་དམན་པ་ཐོན་ཡོད།

རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ་དང་རིན་ཆེན་འཚོ།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
 



 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།