ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

ལོ་ལོན་གྱི་འཚོ་བ་སྤྲོ་གསེང་དང་གནས་སྐོར་གྱིས་སྐྱེལ་བའི་ཧི་ནན་རྫོང་རྒན་བཀུར་ཁང་གི་གནས་ཚུལ།

སྤེལ་དུས། 2018-06-15 10:45:56   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐལ་བཟང་རྣམ་རྒྱལ།

156491782243510064.jpg
གསར་འགོད་པས་ཧི་ནན་རྫོང་རྒན་བཀུར་ཁང་གི་འགོ་བ་ཚེ་རིང་དོན་འགྲུབ་ལ་བཅར་འདྲི་བྱེད་ཀྱིན་པ།

519638230795939349.jpg

གསར་འགོད་པས་ཧི་ནན་རྫོང་རྒན་བཀུར་ཁང་གི་ཞབས་ཞུ་མ་སྒྲོལ་མ་ལ་བཅར་འདྲི་བྱེད་ཀྱིན་པ།

830377248206292183.jpg
གསར་འགོད་པས་ལོ་བརྒྱད་བཅུ་ཅན་གྱི་ཨ་ནེ་ཞིག་ལ་བཅར་འདྲི་བྱེད་ཀྱིན་པ།

82134239237977395.jpg

གསར་འགོད་པས་རྒན་པོ་མགོ་དཀར་ལ་བཅར་འདྲི་བྱེད་ཀྱིན་པ།

710799210706788781.jpg

རྒན་གསོ་ཁང་ནང་གི་རྒན་པ་རྣམས་རྩེད་མོ་ལ་གཡེང་བའི་རྣམ་པ།

 ཉན་མཁན་རྣམ་པ། ཞོལ་ནས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་དང་རིན་ཆེན་འཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར། ལོ་ལོན་གྱི་འཚོ་བ་སྤྲོ་གསེང་དང་གནས་སྐོར་གྱིས་སྐྱེལ་བའི་ཧི་ནན་རྫོང་རྒན་བཀུར་ཁང་གི་གནས་ཚུལ་ཞེས་པ་དེ་གཏང་རྒྱུ།
མདོ་འཛིན་པ། ཉན་མཁན་རྣམ་པ། ད་ལྟ་ང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གི་རྒན་བཀུར་ཁང་ན་ཡོད། ཧི་ནན་རྫོང་གི་རྒན་བཀུར་ཁང་འདི་ཉིས་སྟོང་དྲུག་ལོར་བཙུགས་ཤིང་།ཉིས་སྟོང་བཅུ་གསུམ་ལོར་ཞིང་ཆེན་དམངས་སྲིད་ཅུའུ་ཡིས་མ་དངུལ་སྒོར་ཁྲི་ཚོ་སུམ་བརྒྱ་ལྔ་བཅུ་ལྷག་གི་འགྲོ་གྲོན་བཏང་ནས་ཁང་བ་ཉིས་ཐོག་ཅན་ཞིག་འགྲུབ་ནས། ལོ་ལོན་རྒན་པ་ལྔ་བཅུ་ལྷག་ལ་ཞབས་ཞུ་བ་ཉི་ཤུ་ཙམ་གྱིས་ཞབས་གཡོག་སྒྲུབ་ཀྱིན་མཆིས་ལ། གཞན་རྒན་གསོ་ཁང་འདིར་རྒན་གསོ་ཁང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཀྱང་དུ་མ་ཞིག་ཡོད་ཀི གཤམ་ནས་ང་ཚོས་རྒན་བཀུར་ཁང་གི་འགོ་བ་ཚེ་རིང་དོན་འགྲུབ་ལ་བཅར་འདྲི་ཞིག་བྱེད།
མདོ་འཛིན་པ། ཁྱོད་བདེ་མོ། རྒན་བཀུར་ཁང་འདིའི་ནང་གི་རྒན་པ་རྣམས་ཀྱིས་བཤད་ན། ཁོ་ཚོའི་རྒན་བཀུར་ཁང་འདི་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད་ཟེར་གི ཁྱོས་དེའི་སྐོར་ནས་ཅིག་བཤད་ན།
ཚེ་རིང་དོན་འགྲུབ།ངེད་ཚོའི་རྒན་བཀུར་ཁང་འདི་ལ་ཁྱད་ཆོས་ཤིག་ཡོད་པ་ནི་རྒན་པ་རྣམས་རྒྱ་སྲང་སོགས་ཕྱི་རུ་འགྲོ་འདོད་ན།ཕྱིར་ནམ་ཡོང་སོགས་གསལ་བོར་བྲིས་རྗེས་སོང་ཆོག ཉིས་སྟོང་བཅུ་བཞི་ལོ་ནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ནས་རྒན་པ་རྣམས་ཁམས་གཡེང་དང་སྤྲོ་གསེང་གཏོང་གི་ཁྲིད་པ་ཡིན།ད་ལོ་ཡང་དེ་ལྟར་གནས་སྐོར་ལ་འགྲོ་བའི་འཆར་གཞི་ཡོད། དབྱར་ཁ་སྦྲ་གུར་རྒྱབ་ནས་རྩྭ་ཐང་ནས་ཁམས་གཡེང་དུ་བཅུག་པ་ཡིན། དེ་མིན་ད་དུང་རྒྱལ་ཁབ་ཀྱི་དུས་ཆེན་ཚང་མ་རོལ་དུ་བཅུག་པ་ཡིན།
མདོ་འཛིན་པ། ཨ་ཁུ་ཁྱོད་ཀྱིས་མིང་ལ་ཅི་ཟེར། ཁྱོད་ཚོ་ད་བར་དུ་གནས་སྐོར་ལ་ས་ཆ་གང་དག་ལ་སོང་པ་ཡིན།
མགོ་དཀར། ངའི་མིང་ལ་མགོ་དཀར་ཟེར། བླ་མཚོའི་མཚོ་ཁ་དང་།མཚོ་སྔོན་པོ།སྐུ་འབུམ་སོགས་ལ་སོང་པ་ཡིན།དེ་ངོ་མ་བསོར་གི གཅིག་ནས་སྤྲོ་གསེང་གཏོང་ཐུབ་ཀི གཉིས་ནས་མཇལ་སྐོར་བྱེད་ཐུབ་ཀི
མདོ་འཛིན་པ། ཨ་ནེ་ཚེ་སྐྱིད་ཁྱོད་བདེ་མོ། ལོ་དུ་ཡིན། ཁྱོད་རྒན་བཀུར་ཁང་འདིའི་ནང་ལ་ནམ་ཡོང་ནི་ཡིན།
ལོ་བརྒྱད་བཅུར་སོན་པའི་ཨ་ནེ། ང་དང་ཐོག་ནས་ཡོང་ནི་ཡིན། ལོ་བཅུ་གཅིག་ཙམ་འགོར་ཡོད་ཀི་ཟེར་གི ང་བྱིས་པ་སྐྱེས་མེད། འདིའི་ནང་ངོ་མ་བསོར་གི ཟ་རྒྱུ་འཐུང་རྒྱུའི་ལས་ཀ་མ་གཏོགས་མེད་ཀི
མདོ་འཛིན་པ། ཁྱོད་རྒན་གསོ་ཁང་འདིའི་ཞབས་ཞུ་བ་ཡིན་ནམ། མིང་ལ་ཅི་ཟེར།
སྒྲོལ་མ། ངའི་མིང་ལ་སྒྲོལ་མ་ཟེར། དུས་རྒྱུན་ལོ་ལོན་གཉོར་ན་དཀའ་ཚེགས་ཆེ་གི ཡིན་རུང་ལོ་ལོན་རྒན་པ་ལོ་བརྒྱད་བཅུ་དགུ་བཅུ་ཅན་ཏག་ཏག་རེད། ངས་རང་གི་ཕ་མ་གཉོར་གཉོར་བྱས་ནི་ཡིན། ང་རང་གི་ཕ་མ་ལོ་བརྒྱད་བཅུ་དགུ་བཅུ་ལ་བསྡད་མ་མྱོང་། དེ་བས་གཉོར་ན་དཀའ་ཚེགས་ཆེ་རུང་རང་ཉིད་སེམས་སྐྱིད་ཀི

སྙན་སྒྲོན་པ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་ལ།ཏང་དང་རྒྱལ་ཁབ་ཀྱིས་དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་སྤེལ་ཏེ་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ལ་སོང་པ་དང་བསྟུན་ནས།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་རྒན་བཀུར་ཁང་གི་ལོ་ལོན་རྣམས་ཀྱི་འཚོ་བ་དང་ཞབས་ཞུ་ལོ་རེ་ནས་ལོ་རེར་ཇེ་རྒྱས་ཇེ་ལེགས་སུ་གྱུར་ཏེ།རྒན་པ་རྣམས་བདེ་སྐྱིད་དང་བག་ཡངས་ཀྱི་ཀློང་ན་འཚོ་བ་རོལ་བཞིན་ཡོད་པ་མ་ཟད།ད་དུང་ས་གནས་དེའི་ཉེ་འཁོར་གྱི་ཡུལ་མི་ཀུན་ལ་རྒན་པ་ལ་བཀུར་བའི་ཞབས་ཞུའི་སྣང་བརྙན་ཡག་པོ་ཞིག་ཆགས་སུ་བཅུག་འདུག


                                                                                                                                                                                     རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། རིན་ཆེན་འཚོ།
                                                                                                                                                                                             རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
                                                                                                                                                                                                    ལྟ་སྐུལ་བ། དབྱངས་ཅན།
                                                                                                                                                                                                       སྤྱིའི་ལྟ་སྐུལ་བ། རྣ་བྷ།
 


 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།