ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

རྩེ་ཁོག་རྫོང་བོད་སྨན་ཁང་གི་གཞི་རྒྱ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་།

སྤེལ་དུས། 2018-06-15 15:49:06   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐལ་བཟང་རྣམ་རྒྱལ།

756636413848914417.jpg

གསར་འགོད་པས་རྩེ་ཁོག་རྫོང་བོད་སྨན་ཁང་གི་འགོ་བ་འབྲུག་རྩེ་རྒྱལ་ལ་བཅར་འདྲི་བྱེད་ཀྱིན་པ།

86428248386681723.jpg

གསར་འགོད་པས་འགོ་གཙོ་གཞོན་པ་མགོན་པོ་དོན་འགྲུབ་ལ་བཅར་འདྲི་བྱེད་ཀྱིན་པ།

 ཉན་མཁན་རྣམ་པ། ཞོལ་ནས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་དང་རིན་ཆེན་འཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར། རྩེ་ཁོག་རྫོང་བོད་སྨན་ཁང་གི་གཞི་རྒྱ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་ཞེས་པ་གཏང་རྒྱུ།

ཉེ་ལམ། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དྲིལ་སྒྲོག་པུའུ་ལས་རྒྱུས་ལོན་པ་ལྟར་ན། རྩེ་ཁོག་རྫོང་བོད་སྨན་ཁང་ནི་ཉེ་བའི་ལོ་འདི་དག་གི་རིང་ལ་སྨན་ཁང་འཛུགས་བསྐྲུན་དང་ཚན་ཁག་དབྱེ་བགོས། སྨན་བཅོས་ནུས་པ་སོགས་ཕྱོགས་ནས་ནུས་པ་བླ་ལྷག་ཐོན་ཏེ། རྨ་ལྷོ་ཁུལ་གཙོ་བྱས་ཏེ་མཚོ་ལྷོ་དང་མགོ་ལོག ཟི་ཁྲོན་སོགས་ཕྱོགས་སོ་སོ་ནས་ནད་པ་མང་པོ་བུང་བ་སྤྲིན་བཞིན་འདུ་ནས། ནད་རིགས་སྣ་ཚོགས་ཀྱི་སྨན་བཅོས་ལ་ནུས་པ་ཆེན་པོ་ཐོན་ཞིང་ལྷག་ཏུ་དཔྱད་བཅོས་དང་སྨན་ལུམས་ཐད་ཁྱད་ཆོས་འབུར་ཐོན་ཡིན་པས། རྒྱ་ཆེའི་ནད་པ་རྣམས་ཀྱིས་དགའ་བསུ་འཐོབ་སྟེ། སྨན་ཁང་གི་ཡོང་སྒོ་ཡང་བླ་ལྷག་གིས་འཕར་སོང་ཟེར། དེའི་སྐོར་ནས་རྫོང་བོད་སྨན་ཁང་གི་གླིང་གཙོ་འབྲུག་རྩེ་རྒྱལ་གྱིས་བཤད་རྒྱུར།
འབྲུག་འབུམ་རྒྱལ།སྨན་ཁང་འདི་དང་ཐོག་གཅིག་དགུ་དོན་ལྔ་ལོར་བཙུགས་ཤིང་། དོན་བརྒྱད་ལོར་བཅོས་སྒྱུར་སྒོ་འབྱེད་བྱས་པ་དང་བསྟུན། བོད་ཀྱི་གསོ་རིག་མཁས་ཅན་ཨ་ལགས་འཇམ་དབྱངས་ལགས་སྨན་ཁང་འདིར་ཕེབས་ནས་ཕྱག་ལས་གནངས་ཤིང་། རིམ་གྱིས་འཕེལ་རྒྱས་སུ་སོང་བ་རེད། སྔོན་ཆད་ཞིང་ཆེན་ཡོངས་ཀྱི་སྨན་ཁང་མཐའ་མ་ཡིན་མོད། ད་ལྟ་ཡང་རྩེ་རུ་འཕགས་ཡོད།

སྔོན་ཆད་སྨན་ཁང་འདི་ལ་ཁོང་ནད་ཚན་ཁག་གཅིག་པུ་མ་གཏོགས་མེད་ལ། ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་སྲིད་གཞུང་གི་རྒྱབ་སྐྱོར་འོག་འཛུགས་སྐྲུན་གང་ལེགས་བྱས་ཏེ།སྨན་ལུམས་ཚན་ཁག་དང་དཔྱད་བཅོས་ཚན་ཁག སྨན་སྦྱོར་ཚན་ཁག་སོགས་ཚན་ཁག་བདུན་ལ་འཕར་ཞིང་། སྨན་ལུམས་དང་དཔྱད་བཅོས་ནི་སྨན་ཁང་འདིའི་ཁྱད་ཆོས་གཙོ་བོ་རེད། སྨན་ཁང་འདིའི་ཡོན་ཀྲང་གཞོན་པ་མགོན་པོ་དོན་འགྲུབ་ཀྱིས་བཤད་རྒྱུར།
མགོན་པོ་དོན་འགྲུབ།སྨན་ལུམས་ཀྱི་སྨན་གཙོ་བོ་ལུམས་ཆུ་ཚན་རྒྱས་པ་ཡིན་ལ།དེ་ནི་ང་རང་གི་ལྷ་ས་ན་བཞུགས་པའི་དགེ་རྒན་གྱི་ཕྱག་རྒྱུན་ཡིན་པས་སྨན་ཁང་གཞན་ན་མེད། དེ་མིན་ལུམས་སྨན་དག་སྡེབས་སྦྱོར་བྱེད་དུས་ཀྱང་སྨན་སྙལ་བའི་དུས་ཚོད་ཉིན་བཅོ་ལྔ་སོགས་བྱས་ཏེ། སྲོལ་རྒྱུན་དང་ཚན་རིག་ཟུང་འབྲེལ་བྱས་ན་སྨན་ནུས་ཆེན་པོ་ཐོན་ཐུབ།

བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་འགོར་བའི་རིང་ལ།རྩེ་ཁོག་རྫོང་བོད་སྨན་ཁང་འདི་སྔོན་ཆད་ཀྱི་སྨན་པ་བཞི་ནས་ད་ལྟའི་ལས་བཟོ་བ་བརྒྱ་དང་བཅུ་ལྷག་ལ་འཕར་ཞིང་། ཉིས་སྟོང་བཅུ་བཞི་ལོའི་ཡོང་སྒོ་སྒོར་ཁྲི་བདུན་ནས་ད་ལྟའི་ལོ་རེར་ཡོང་སྒོ་སྒོར་ཁྲི་སྟོང་ལྷག་ལ་འཕར་ཡོད་ལ། སྨན་བཅོས་སྒྲིག་ཆས་ཕྱོགས་ནས་ཀྱང་འཕེལ་རྒྱས་བླ་མེད་བྱུང་ཡོད།

                                                                                                                                                                 རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ་དང་རིན་ཆེན་འཚོ།
                                                                                                                                                                              རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
                                                                                                                                                                                       ལྟ་སྐུལ་བ། དབྱངས་ཅན།
                                                                                                                                                                                           སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།