ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

ཁེ་ལས་རང་སྟོབས་རང་སྤེལ་གྱིས་ཁྱིམ་གཞི་སྐྱིད་ལ་བཀོད།

སྤེལ་དུས། 2018-06-15 15:58:59   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐལ་བཟང་རྣམ་རྒྱལ།

228754468735461641.jpg
གསར་འགོད་པས་ཁེ་ལས་པ་གྲགས་པ་རྒྱལ་མཚན་ལ་བཅར་འདྲི་བྱེད་ཀྱིན་པ།


ཉན་མཁན་རྣམ་པ། ཞོལ་ནས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ་དང་རིན་ཆེན་འཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར། ཁེ་ལས་རང་སྟོབས་རང་སྤེལ་གྱིས་ཁྱིམ་གཞི་སྐྱིད་ལ་བཀོད་ཅེས་པ་གཏང་རྒྱུ།

ཉེ་ལམ།། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་ནས་རྒྱུས་ལོན་པ་ལྟར་ན། ཧི་ནན་རྫོང་གིས་ཉིས་སྟོང་བཅུ་བདུན་ལོར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་ནས་བཟུང་ཁེ་ལས་རང་སྟོབས་རང་སྤེལ་གྱི་རླབས་རྒྱུན་ཆེ་རུ་འཕྱུར་ལ། ཁེ་ལས་ཀྱི་དཀའ་ཚེགས་ལས་ཁྱིམ་ཚང་མང་པོ་སྔར་ལས་འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་གོམ་ཁ་ལ་ཕྱོགས་འདུག

གསར་འགོད་པས་རྫོང་འདིར་བོད་སྤོས་བཟོ་གྲྭ་གཉེར་བའི་ཁེ་ལས་པ་གྲགས་པ་རྒྱལ་མཚན་ལ་བཅར་འདྲི་ཞིག་བྱས་པ་ན། ཁོས་བཤད་རྒྱུར།
གྲགས་པ་རྒྱལ་མཚན།ལོ་སུམ་ཅུ་ལྷག་གི་སྔོན་ལ།ངས་སྒོར་མོ་སྟོང་དྲུག་རང་གི་ཚོང་བརྟེན་བྱས་ནས་ལྷ་ས་ལ་སོང་པ་ཡིན། སྐབས་དེར་དཀའ་ངལ་མང་པོ་མྱངས་ཤིང་སེམས་ཚེགས་ཀྱང་ཆེ་བ་རེད།ཆུང་མ་བླངས་ནས་ཁྱིམ་ཚང་ཞིག་སྐྱོང་བའི་ནུས་པ་མི་འདུག སྐབས་དེར་སྨན་སྣ་ངོས་འཛིན་གྱི་ཕྱོགས་ནས་ལྷ་སའི་རི་ཀླུང་མང་པོར་སོང་ཞིང་། ཐེངས་ཤིག་ཀོང་པོ་སྨན་ལུང་གི་ནགས་རྫོབས་ཁྲོད་ཀྱང་བརྒལ་བ་ཡིན། རྗེས་སུ་ས་དེའི་མི་རྣམས་ཀྱིས་དེ་རུ་གཅན་གཟན་མང་བས་ཉེན་ཁ་ཆེ་ནི་རེད་ཟེར། རང་གིས་དེ་དུས་མ་ཤེས།
གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ནས་ཉིས་སྟོང་བཅུ་གསུམ་ལོའི་བར། གྲགས་པ་རྒྱལ་མཚན་གྱིས་བོད་ལྗོངས་སུ་བོད་སྨན་རྒྱུ་ཆ་ཉོ་འཚོང་གི་ལས་ཀ་གཉེར་ཞིང་། ལས་ཀ་དེའི་ཁྲོད་དུ་སྨན་སྣ་ངོས་འཛིན་གྱི་ཤེས་བྱ་རེག་པས། དེ་ནི་ཁོས་ཕྱིས་སུ་བོད་སྤོས་བཟོ་གྲྭ་གཉེར་བའི་མཐུན་རྐྱེན་དུ་གྱུར། ཁོས་མུ་མཐུད་དུ་བཤད་རྒྱུར།
གྲགས་པ་རྒྱལ་མཚན།ཉིས་སྟོང་བཅུ་སུམ་ལོར་ཕྱིར་རང་གི་ཕ་ཡུལ་དུ་ཡོང་ནས་བོད་སྤོས་ལས་པའི་མགོ་བརྩམས་པ་ཡིན།ད་ལྟ་ང་སྔོན་ཆད་དང་བསྡུར་ན་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད། བྱིས་པ་གསུམ་ཡོད། ཚང་མར་སློབ་ཡོན་སྟེར་རྒྱུར་ཡང་དཀའ་ངལ་སྤུ་ཙམ་མེད། ད་བར་ང་ཁང་བ་དང་ཚོང་ཁང་གི་མ་རྩ་སོགས་བསྡོམས་ན་སྒོར་མོ་ཁྲི་ལྔ་བརྒྱ་ལྷག་ཡོད་རྒྱུ་རེད།

ཁེ་ལས་པ་གྲགས་པ་རྒྱལ་མཚན་གྱི་བོད་སྤོས་བཟོ་གྲྭ་འདིའི་ནང་དུ་མི་རིགས་རང་གི་ལག་ཤེས་ཤེས་སྲོལ་རྒྱུན་བཟོ་ལས་སྲོག་ཤིང་ཏུ་བཟུང་ཞིང་། ས་ཁུལ་གྱི་སྨན་རྩྭ་རིགས་སྣ་མང་གི་ཐོན་ཁུངས་ལེགས་ཆ་བེད་སྤྱོད་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་དཀྱིལ་སྙིང་ལ་བཟུང་ནས། བོད་སྤོས་རིགས་སྣ་ཚོགས་བཟོས་ཤིང་། ད་ལྟ་གོམ་གང་མདུན་སྤོས་ཀྱིས་བོད་ཇའི་ཐོན་ལས་ཤིག་ལ་ཡང་ཚོད་ལྟ་བྱེད་ཀྱིན་ཡོད།
“ངའི་མིང་ལ་འཕགས་པ་སྐྱིད་ཟེར། ང་གྲགས་པའི་ཆུང་མ་ཡིན། ང་ལ་མཚོན་ན་བཟའ་ཚང་གང་བོ་འཛོམས་ནས། ཁྱོ་གས་ཚོང་ལས་གཉེར་ཞིང་། རང་གིས་ཁྱིམ་ལས་ལ་བརྩོན་ནས་བསྡད་ན་དཀའ་ཚེགས་ཡོད་རུང་སེམས་དྲོ་ཀི”

ཁེ་ལས་པ་གྲགས་པ་རྒྱལ་མཚན་གྱི་འགྱུར་ལྡོག་ལས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་འགོར་བའི་རིང་གི་ཁྱིམ་ཚང་ཕལ་བ་ཞིག་གི་ཕྱུག་འགྱུར་གྱི་གནས་ཚུལ་ཤེས་ཐུབ་ལ། ཧི་ནན་རྫོང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྗེས།དུས་རབས་གསར་བའི་མང་ཚོགས་རྣམས་ཁེ་ལས་རང་སྟོབས་རང་སྤེལ་གྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བྱེད་པའི་དོན་སྙིང་གིས་ཕྱུག་འདུག

རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ་དང་རིན་ཆེན་འཚོ།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།