ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

རྨ་ལྷོ་ཁུལ་གྱིས་རོང་འབྲོག་པའི་དཔལ་འབྱོར་འཕེལ་རྒྱས་ཐབས་ལམ་སྒྱུར་ནས་གྲུབ་འབྲས་མངོན་གསལ་བླངས།

སྤེལ་དུས། 2018-07-08 10:40:22   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

 125313414291136285.jpg
གསར་འགོད་པས་ཨ་ནེ་བཅུད་ལེན་ལ་བཅར་འདྲི་བྱེད་ཀྱིན་པ།

ཟླ་བ་སྔོན་མའི་ཟླ་མཇུག་ཏུ་གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲེལ་ཡོད་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱ་ཆེ་བའི་རོང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བའི་ཆེད་དུ། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ནས་བཟུང་ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཐོན་ལས་དང་པོའི་གྲུབ་ཚུལ་ལེགས་སྒྲིག་དང་། ཐོན་ལས་གཉིས་པ་དང་གསུམ་པའི་ལམ་ལ་སྣེ་ཁྲིད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གནད་འགག་གི་དུས་ཡུན་ལོ་གཉིས་ཀྱི་ནང་དུ་རོང་འབྲོག་པའི་ཐོན་ལས་དང་པོའི་གྲུབ་ཚུལ་ལེགས་སྒྲིག་དང་ཐོན་ལས་གསུམ་པའི་ལམ་ནས་བླངས་པའི་གྲུབ་འབྲས་ཧ་ཅང་མངོན་གསལ་རེད།

དཔེར་ན། རྨ་ལྷོ་ཁུལ་ཐུན་རིན་རྫོང་བཙན་མོ་ཞང་ཀླུ་ཚང་སྡེ་བར་མཚོན་ན། ཁྱིམ་ཚང་ང་དྲུག་དང་མི་གྲངས་ཉིས་བརྒྱ་ལྷག་གིས་གྲུབ་པའི་ཞིང་ལས་གཙོ་བོར་གཉེར་བའི་སྡེ་བ་ཆུང་ཆུང་ཞིག་ཡིན་པ་དང་། སྔར་གྱི་ཐོན་ལས་དང་པོའི་རྣམ་པ་མུ་མཐུད་དུ་རྒྱུན་སྐྱོང་བྱས་ན་སྡེ་དམངས་ཀྱི་འཚོ་བར་དཀའ་ཁག་ཆེན་པོར་འཕྲད།

ཆོས་སྐྱབས་ཀྱིས་བཤད་རྒྱུར། ང་ཚོ་སྡེ་བར་མཚོན་ན་ཞིང་ས་ཧ་ཅང་ཆུང་བ་དང་། མི་རེར་བགོས་ན་ཆ་སྙོམས་ཀྱིས་ཧྥུན་གཉིས་དང་ཕྱེད་ཀ་མ་གཏོགས་མི་ཐོབ། དེའི་ཐོག་ཡོང་སྒོ་ལེན་ས་གཅིག་ཀྱང་མེད་ལ། ཐ་ན་གྲམ་པ་ན་བྱེ་མ་ཙམ་ཡང་བཙོང་རྒྱུ་མེད་ཀི འདི་ལྟར་ཁྱིམ་ཚང་གི་འཚོ་བ་རོལ་ཐབས་མི་འདུག

ཀླུ་ཚང་སྡེ་བའི་ཏང་ཀྲུ་པུའུ་ཧྲུའུ་ཅི་ཆོས་སྐྱབས་ཀྱིས་བཤད་པ་སྣང་བཞིན། འདི་ལྟ་བུའི་དཀའ་ཁག་དང་གནས་ཚུལ་སྣ་མང་འོག་སྔར་གྱི་ཐོན་ལས་དང་པོའི་ལམ་ཕྱོགས་ལ་སྒྱུར་བཅོས་མི་བྱེད་ཐབས་མེད་དུ་གྱུར། དེ་བས2014ལོ་ནས་བཟུང་དངོས་སུ་བཅོས་སྒྱུར་ཆེན་པོ་ཞིག་གི་འགོ་བརྩམས།

ཆོས་སྐྱབས་ཀྱིས་བཤད་རྒྱུར། སྲིད་གཞུང་གིས་སྡེ་དཔོན་དང་ཧྲུའུ་ཅི་སོགས་རྩ་འཛུགས་བྱས་ནས་ཁྲི་ཀ་དང་ཧུའུ་ཀྲུའུ། ཏ་ཐུང་སོགས་ས་ཆར་ལྟ་སྐོར་དང་སློབ་སྦྱོང་། ཉམས་མྱོང་བསྡུ་ལེན་བྱེད་དུ་ཁྲིད་དེ། མཇུག་མཐར་རང་ས་ཆ་དང་འཚམ་པའི་སྡོང་ཕྲུག་གསོ་སྐྱོང་བྱེད་རྒྱུའི་ཐབས་ལམ་གཏན་ཁེལ་བྱས། སྡོང་ཕྲུག་བཙུགས་ནས་ད་ལྟའི་བར་དུ་ལོ་ལྔ་ཙམ་འགོར་ཟིན་པ་དང་། སྡོང་རྐང་གཅིག་ལ་སྒོར་གཉིས་དང་ཟུར་ལྔ་བྱིན་པ་ཡིན་ལ། མ་རྩའི་ཐད་ནས་དབུལ་སྐྱོར་ཅུའུ་ཡིས་སྒོར་ཁྲི་ཉི་ཤུ་བཏང་བ་དང་། མང་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་བཅུ་གྲབས་གསོག་བྱས་ནས། ས་མུའུ་བརྒྱ་དང་ཉི་ཤུའི་སྟེང་སྡོང་ཕྲུག་ཁྲི་སུམ་ཅུ་ལྷག་བཙུགས་པ་དང་། ས་མུའུ་གཅིག་ནང་སྡོང་ཕྲུག་ཧ་ལམ་སྟོང་གསུམ་ནས་སྟོང་བཞི་ཤོང་ཐུབ། སྡོང་ཕྲུག་གི་ཚོང་རའི་རིན་གོང་ཐད་ནས་ན་ནིང་ལ་མཚོན་ན། སྡོང་རྐང་གཅིག་ལ་སྒོར་བཅུ་བདུན་རེད། ངས་བསྡོམས་རྩིས་བྱས་པ་ལྟར་ན། སང་ལོའི་དཔྱིད་མགོར་མ་མཐར་ཡང་སྡོང་རྐང་ཁྲི་གཅིག་བཙོང་རྒྱུ་ཡོད་ལ། ཡོང་སྒོ་སྒོར་ཁྲི་བཅོ་ལྔ་ནས་བཅུ་བདུན་བགོ་བཤའ་རྒྱག་རྒྱུ་ཡོད་ཀྱི་རེད། རིང་ཚད་རྨིད་གཅིག་དང་གྲངས་ཆུང་གཉིས་ལོན་པའི་སྡོང་ཕྲུག་དེ་དག་བཙོང་རྗེས། དེའི་ཤུལ་སྟོང་བ་མི་འཇོག་པར་ཡང་བསྐྱར་ཕྱིར་བཙུགས་འཇོག་ནི་རེད། སྡོང་ཕྲུག་གསོ་སྐྱོང་བྱེད་པ་དེས་སྡེ་བའི་མང་ཚོགས་ཀྱིས་ལས་ཀ་གཞན་པ་གཉེར་ནས་ཡོང་སྒོ་འཚོལ་བར་གནོད་མི་བྱེད་ཀི ཞིང་ལས་ཁོ་ན་གཉེར་བ་དང་བསྡུར་ན། སྡོང་ཕྲུག་གསོ་སྐྱོང་ཐད་ཀྱི་ཡོང་སྒོ་ཧ་ཅང་བཟང་གི་འདོད།

ཀླུ་ཚང་སྡེ་བའི་ཏང་ཀྲུ་པུའུ་ཧྲུའུ་ཅི་ཆོས་སྐྱབས་ཀྱིས། ད་ནི་ཀླུ་ཚང་སྡེ་བའི་མང་ཚོགས་ཚོས་འདི་ལྟར་སྔར་གྱི་ཞིང་སའི་སྟེང་སྡོང་ཕྲུག་བཙུགས་ནས་ཡོང་སྒོ་བཙལ་བཞིན་ཡོད་པར་མ་ཟད། ད་དུང་དེ་ལས་གཞན་པའི་ཐབས་ལམ་སྣ་མང་སྤྱད་དེ་ཡོང་སྒོ་འཕར་སྣོན་ལ་བརྩོན་ལེན་བྱེད་ཀྱིན་ཡོད་ཟེར།

གཅན་ཚ་རྫོང་སྣང་ར་ཞང་ལ་མོ་སྡེ་བའི་ཨ་ནེ་བཅུད་ལེན་ནི་ཞིང་བ་དཀྱུས་མ་ཞིག་ཡིན་ལ། རྨོ་ཞིང་གཅིག་པུར་བརྟེན་ན་ཡོང་སྒོ་མེད་པའི་གནས་ཚུལ་ལ་དམིགས་ནས། དང་ཐོག་ཞོར་ལས་ཀྱི་ལམ་ལ་ཞུགས་པ་དང་། ཞོར་ལས་ཀྱིས་ཀྱང་ཁོ་མོའི་ཁྱིམ་ཚང་གི་ཡོང་སྒོ་ལ་ཁ་སྣོན་ཆེས་ཆེར་བྱེད་མ་ཐུབ་པས། ད་ནི་ཐོན་ལས་གསུམ་པ་སྟེ། ལ་མོ་དབྱར་ས་ཞེས་པའི་ཞིང་པའི་སྤྲོ་སྐྱིད་གླིང་ཞིག་གཉེར་ནས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་གཏོང་བཞིན་ཡོད།

བཅུད་ལེན་གྱིས་བཤད་རྒྱུར། སྔོན་ཆད་ང་རང་ལ་མཚོན་ན་སྡུག་མང་པོ་མྱངས། ཞོར་ལས་ལ་སོང་ན་སྒོར་སྟོང་གཅིག་ཙམ་བཙལ་རྒྱུ་ཡང་སླ་མོ་མི་འདུག ད་ནི་གནས་འདིར་ཇ་མ་དང་སྦྱིན་བདག་གཉི་གའི་ལས་ཀ་གཉེར་བཞིན་ཡོད།

གསར་འགོད་པ། ཟ་མ་གཡོས་སྦྱོར་གྱི་ལག་རྩལ་ག་འདྲ་ཡིན།
བཅུད་ལེན། མགྲོན་པོ་ཚོས་ཞིམ་པོ་རེད་ཟེར། དེ་ཡང་བོད་ཟས་ཀྱི་རིགས་མ་གཞི་ནས་རང་ཉིད་ཀྱིས་ལས་ཤེས་པས། མགྲོན་པོས་རེ་བ་ལྟར་ལས་པ་ཡིན། ཟས་རིགས་གཞན་པ་ཡར་སྔོན་སྡེ་བའི་ནང་དུ་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ཇ་མའི་དགེ་རྒན་གྱི་མདུན་ནས་བསླབས་པ་ཡིན།
གསར་འགོད་པ། མགྲོན་པོ་སྣེ་ལེན་བྱས་པ་ག་འདྲ་རེད།
བཅུད་ལེན། རང་ཉིད་ཀྱིས་སྣེ་ལེན་བྱེད་ཐུབ་ན་མགྲོན་པོ་མེད་པའི་གནས་ཚུལ་ལ་སེམས་ཁུར་བྱ་མི་དགོས།

འདི་ལྟར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རོང་འབྲོག་མང་ཚོགས་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཐོན་ལས་དང་པོའི་གྲུབ་ཚུལ་ལེགས་སྒྲིག་དང་ཐོན་ལས་གསུམ་པར་ཞུགས་པའི་གོ་རིམ་ཁྲོད་དུ་ས་གནས་རང་ལ་ཡོད་པའི་འབུར་ཐོན་ཁྱད་ཆོས་དམིགས་སུ་བཟུང་ནས་རིག་གནས་སྒྱུ་རྩལ་ཐོན་ལས་དང་། ཞིང་ཕྱུགས་མཉམ་ལས་ཁང་། ཚོང་ཁང་དང་ཟ་ཁང་། གནས་སྐོར་དང་ཞོར་ལས་སོགས་སྣ་མང་བདག་གཉེར་གྱི་ལམ་དུ་ཧུར་བརྩོན་བྱས་པས། 2017ལོར་ཁུལ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཚད་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དགུ་ལྷག་ལ་སླེབས་པ་དང་། འཕར་ཚད་དེ2016ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་ཆུང་གསུམ་གྱིས་ཇེ་མཐོར་སོང་ཡོད། དེ་ལས་ཐོན་ལས་དང་པོའི་འཕར་སྣོན་རིན་ཚད་སྒོར་ཐེར་འབུམ་གཉིས་དང་བྱེ་བ་གསུམ་ལྷག་ལ་སླེབས་པ་དང་། ཐོན་ལས་གསུམ་པའི་འཕར་སྣོན་རིན་ཚད་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཉིས་ལྷག་ལ་སླེབས་ཡོད།


རྩོམ་སྒྲིག་པ། རིན་ཆེན་འཚོ་དང་སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ།  རྣ་བྷ། 
 


 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།