ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

གཅན་ཚ་རྫོང་ཡིད་རྟོན་དངུལ་ཁང་གི་དངུལ་རྩའི་ཞབས་ཞུ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་ཆེན་པོ་བྱུང་།

སྤེལ་དུས། 2018-07-08 10:56:32   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

 554571894398208530.jpg
གཅན་ཚ་རྫོང་ཡིད་རྟོན་དངུལ་ཁང་གི་ལྟ་རྟོག་པ་དོན་གྲུབ་ཚེ་རིང་ལ་བཅར་འདྲི་བྱེད་ཀྱིན་པ།
842907974979062995.jpg

གསར་འགོད་པས་གཡང་སྐྱབས་ལ་བཅར་འདྲི་བྱེད་བཞིན་པ།

ཉེ་ལམ་གསར་འགོད་པས་གཅན་ཚ་རྫོང་ཡིད་རྟོན་དངུལ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།གཅན་ཚ་རྫོང་ཡིད་རྟོན་དངུལ་ཁང་གིས་ས་གནས་གཞི་རིམ་མང་ཚོགས་ཀྱི་འཕེལ་རྒྱས་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་པར་བྱེད་ཐབས་སྣ་མང་སྤྱད་པས་རྫོང་ཡོངས་ཀྱི་དངུལ་རྩའི་ཞབས་ཞུ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་ཆེན་པོ་བྱུང་།
གཅན་ཚ་རྫོང་ཡིད་རྟོན་དངུལ་ཁང་གི་དངུལ་རྩའི་ཞབས་ཞུ་སྐོར་གླེང་སྐབས། གཅན་ཚ་རྫོང་ཡིད་རྟོན་དངུལ་ཁང་གི་ལྟ་རྟོག་པ་དོན་གྲུབ་ཚེ་རིང་གིས་བཤད་རྒྱུར།
ཉིས་སྟོང་བཅུ་བདུན་ནས་ཉིས་སྟོང་བཅོ་བརྒྱད་བར། གཅན་ཚ་རྫོང་ཡིད་རྟོན་དངུལ་ཁང་གིས་དངུལ་ཁང་གི་བོད་སྐད་གོ་བའི་ལས་བྱེད་པ་སྡེ་བར་མངག་ནས་སྡེ་བའི་སྡེ་དཔོན་གཞོན་པའི་འགན་ཁུར་དུ་བཅུག་ཏེ། སྡེ་བའི་དཔལ་འབྱོར་དང་ཐོན་སྐྱེད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་དང་། སྡེ་བའི་ཧྲུའུ་ཅི་དང་སྡེ་དཔོན་སོགས་ཡིད་རྟོན་དངུལ་ཁང་གི་ཚོང་གཉེར་པུའུ་རུ་ཡོང་ནས་དངུལ་བུན་བསྐྱི་བའི་འགྲོ་ལུགས་ཇི་ལྟར་བསྒྲུབ་དགོས་པ་དང་། ཡིག་ཆ་གང་དག་ཚང་དགོས་པའི་སྐོར་ལ་རྒྱུས་ལོན་བྱེད་དུ་བཅུག་པས་དངུལ་ཁང་གི་དངུལ་རྩའི་ཞབས་ཞུ་ཐད་ནུས་པ་ཆེན་པོ་ཐོན་ཡོད། གཅན་ཚ་རྫོང་ཡིད་རྟོན་དངུལ་ཁང་གིས་རྫོང་ཡོངས་སུposཕའོ་སི་འཕྲུལ་ཆས་བརྒྱ་དང་བདུན་ཅུ་བཙུགས་པ་དང་དེའི་ནང་དུ་སྡེ་བ་དྲུག་ཅུ་རེ་གཅིག་ལ་དམངས་ཕན་posཕའོ་སི་འཕྲུལ་ཆས་བཙུགས་ཡོད་ལ། ཁྱིམ་ཚང་བརྒྱད་བརྒྱ་དང་ཉེར་ལྔ་ཡིས་ཁ་པར་དངུལ་ཁང་ཕྱེས་ཡོད་པས་མང་ཚོགས་ཚོས་རང་སྡེ་དང་རང་ཁྱིམ་ནས་གྲངས་ཀ་ཉུང་བའི་སྒོར་གསོག་ལེན་དང་བརྒྱུད་སྐུར་གྱི་ཞབས་ཞུ་མྱོང་ཐུབ་ལ། ལམ་ཐག་རིང་བ་དང་ལམ་བར་གྱི་འགྲོ་སོང་སོགས་མེད་པར་བཟོས་ཡོད།

འདི་ལྟར་གཅན་ཚ་རྫོང་ཡིད་རྟོན་དངུལ་ཁང་གིསདངུལ་རྩའི་སྲིད་ཇུས་དེ་དག་ཟུང་འབྲེལ་བྱས་ནས་ལག་བསྟར་བྱས་པའི་ཚུན་དུ། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་དགུ་ཡི་སྡེ་བ་གྱ་དྲུག་གི་དབུལ་ཕོངས་ཁྱིམ་ཚང་དགུ་བརྒྱ་དང་སོ་དྲུག་ལ་ལྔ་གསུམ་ཐིག་གི་དབུལ་སྐྱོར་དངུལ་བུན་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་འབུམ་ལྔ་ཁྲི་བདུན་བཏང་བ་དང་། ཐོན་ལས་དང་ཚོང་ར་ཡོད་པའི་ཁེ་ལས་བར་ལ་མཉམ་ལས་འབྲེལ་བ་བཙུགས་ནས་མཉམ་འགུལ་མཉམ་འབྲེལ་དངུལ་བུན་སྒོར་བྱེ་བ་བརྒྱད་དང་ས་ཡ་ལྔ་འབུམ་བརྒྱད་ཁྲི་བདུན་སྟོང་དྲུག་བཏང་། རྫོང་ཡོངས་ཀྱི་ཁེ་ལས་སོ་གསུམ་ལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་དགུ་འབུམ་དགུ་ཁྲི་བརྒྱད་ལྷག་གི་ཡིད་རྟོན་དངུལ་བུན་བཏང་། དེ་བས་ད་ནི་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་དངུལ་བསྐྱི་དཀའ་བ་དང་དངུལ་བསྐྱི་དུས་འགྲོ་ལུགས་མང་བ། སྐྱེད་ཀ་མཐོ་བ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་ཐག་བཅད་པས་ས་གནས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།
ང་ཚོ་དྲུག་ཞང་སྔོ་སྐྱ་སྡེ་བའི་གཡང་སྐྱབས་ཡིན། ཡིད་རྟོན་དངུལ་ཁང་གིས་རོགས་སྐྱོར་མང་པོ་བྱས་མྱོང་། འགྲོ་ལུགས་གང་ཞིག་སྒྲུབ་ན་སྟབས་བདེ་རེད། ད་ལྟ་རང་གི་ཀུང་ཟིར་མཚོན་ནའང་འཕེལ་རྒྱས་ཆེན་པོ་སོང་ཡོད། ཁེ་ཕན་མི་ཉུང་བ་ཞིག་ཐོབ་ཡོད། དངོས་ནས་བཀའ་དྲིན་ཆེ་ཞུ།

མདོར་ན།གཅན་ཚ་རྫོང་ཡིད་རྟོན་དངུལ་ཁང་གིས་གཞི་རིམ་གཉིས་ཀྱི་མཉམ་འགུལ་མཉམ་འབྲེལ་དངུལ་བུན་གཙོ་བྱས་པའི་ལྔ་གསུམ་ཐིག་དབུལ་སྐྱོར་དངུལ་བུན་དང་ལྷད་མེད་ཡིད་རྟོན་དངུལ་བུན་སོགས་དངུལ་རྩའི་སྲིད་ཇུས་ལག་བསྟར་དངོས་འབེབས་བྱས་པའི་དུས་ཡུན་ཐུང་ངུའི་ནང་དུ་རྫོང་ཡོངས་སུ་བསྡོམས་པས་དངུལ་བུན་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བརྒྱད་ལྷག་བཏང་ཡོད་པ་དང་དེས་རྫོང་ཡོངས་ཀྱི་ཁྱིམ་ཚང་སྟོང་ལྔ་དང་དྲུག་བརྒྱ་བཅོ་བརྒྱད་ཀྱིས་དཀའ་ཁག་ཐག་བཅད་ཡོད་པ་རེད།
 

རྩོམ་སྒྲིག་པ། རིན་ཆེན་མཚོ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།