ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

ཕལ་བའི་ཁྱིམ་ཚང་ཞིག་གི་འཚོ་བའི་འཕེལ་འགྱུར།

སྤེལ་དུས། 2018-07-08 11:08:06   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

 52624967210657330.jpg

རྡོ་འཐག་རྩམ་པ་ཁང་གི་སྦྱིན་བདག་ཤ་བོ་འབྲུག་ལྷར་བཅར་འདྲི་བྱེད་བཞིན་པ།

244016591533686174.jpg

འཛད་སྤྱོད་པ་བྱམས་པ་བཀྲ་ཤིས་ལ་བཅར་འདྲི་བྱེད་ཀྱིན་པ།

རང་ལ་ནུས་པ་ཡོད་ཀྱང་བརྩོན་པ་མི་སྤྱད་པ་དང་སྒུག་བརྟེན་སློང་གསུམ་གྱིས་འཚོ་བ་རོལ་བ་ནི་གཡོ་སྒྱུ་ལང་ཤོར་དང་མི་ངན་ཐབས་སྡུག་གི་བྱ་སྤྱོད་ཅིག་ཡིན་པས། སྡེ་བ་གང་དང་ཁྱིམ་ཚང་གང་ཞིག་ངེས་པ་དོན་གྱིས་འཕོ་འགྱུར་ཆེན་པོ་ཞིག་འབྱུང་དགོས་ན། ཏང་དང་རྒྱལ་ཁབ་སྟེ་གོང་རིམ་སྲིད་གཞུང་ཁོ་ནའི་རོགས་སྐྱོར་མ་དངུལ་ལ་རེ་སྒུག་མི་བྱེད་པར་རང་རང་གི་རྩོལ་བ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་མདུན་ལམ་ཞིག་འཚོལ་སྙེག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། རོང་བོ་དགུ་ཆུའི་འགྲམ་གྱི་ཤ་བོ་འབྲུག་ལྷ་ཚང་ནི་ཁྱིམ་ཚང་ཆེས་ཕལ་བ་ཞིག་ཡིན་ལ། ཁོང་ཚང་ནི་ས་གནས་མང་ཚོགས་ཀྱི་སློབ་སྦྱོང་བྱ་ཡུལ་དང་དམིགས་དཔེ་ལྟ་བུར་གྱུར་ཡོད།

ཉོ་བདག ཨ་རོགས་ཚང་། ང་རྩམ་པ་ཞིག་བཙོང་ན།
ཚོང་བདག གློག་འཕྲུལ་རྩམ་པ{རྩམ་པ་ཞིབ་མོ}་དང་རྡོ་འཐག་རྩམ་པ་ལས་གང་ཉོ་རྒྱུ་ཡིན།

ཉོ་བདག རྡོ་འཐག་རྩམ་པ་དགོས།

སྙན་སྒྲོན་པ། ཉེ་ལམ་གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཐོག་བརྒྱུད་ནས་འགྲོ་སྐབས། རོང་བོ་དགོན་པའི་འགྲམ་ན་སྲང་ལམ་ཆུང་ཆུང་ཞིག་ཡོད་ལ། སྲང་ལམ་ཆུང་ཆུང་དེ་རུ་རྩམ་པ་ཉོ་མཁན་ཞིག་ལ་འཕྲད།

གསར་འགོད་པ། ཨ་ཁུ། བདེ་མོ། ཁྱེད་ཀྱིས་རྩམ་པ་ཉོ་བཞིན་ཡོད་དམ།
ཉོ་བདག རེད། ངས་རྩམ་པ་ཉོ་བཞིན་ཡོད།
གསར་འགོད་པ། འདི་ཚང་གི་རྩམ་པ་ག་འདྲ་རེད།
ཉོ་བདག འདི་ཚང་གི་རྩམ་པ་ཧ་ཅང་བཟང་། གཙང་མ་རེད། ཟས་ན་ཞིམ་པོ་རེད།
སྙན་སྒྲོན་པ། དེ་ནས་གསར་འགོད་པའི་གོམ་པའི་འདེགས་འཇོག་རེ་ཞིག་གནས་དེ་རུ་མི་ལྷོད་དབང་མེད་པར་གྱུར་ལ། རྩམ་པ་བཙོང་མཁན་ནི་རེབ་གོང་སོ་ནག་སྡེ་བའི་ཤ་བོ་འབྲུག་ལྷ་རེད་ཟེར།
གསར་འགོད་པ། ཡ་ཨ་ཁུ་ཁྱེད་བདེ་མོ་ཡིན་ནམ།
ཚོང་བདག བདེ་མོ་ཡིན། ཁྱེད་གཉིས་བདེ་མོ།
གསར་འགོད་པ། ཁྱེད་སྡེ་བར་ཁྱིམ་ཚང་ག་འདྲ་ཡོད། མང་ཚོགས་ཀྱི་དཔལ་འབྱོར་ཆུ་ཚད་ག་འདྲ་རེད།
ཚོང་བདག ངེད་སྡེ་བར་ཁྱིམ་ཚང་བརྒྱ་ལྷག་ཡོད། རྒྱལ་ཁབ་ཀྱིས་ཆུ་གློག་ལམ་གསུམ་སོགས་ལས་པ་ཧ་ཅང་བཟང་། སྡེ་བའི་དཀའ་ཁག་ཐམས་ཅས་སེལ་ཡོད། ཆ་རྐྱེན་ཡག་པོ་འདུག
གསར་འགོད་པ། ཁྱེད་ལ་མཚོན་ན་རྩམ་པ་འཐག་པའི་ཐོན་ལས་གཉེར་བའི་ལམ་ལ་ཞུགས་ཐོག་མའི་ཀུན་སློང་ཅི།
ཚོང་བདག ཡར་སྔོན་ང་རང་ཞོར་ལས་ལ་སོང་བ་ཡིན། ལས་ཀ་མང་པོ་འཕྲུལ་ཆས་ཅན་གྱི་ལམ་ལ་སོང་ཡོད་པས་ཞོར་ལས་བྱེད་དཀའ་བ་དང་། དབྱར་རྩྭ་དགུན་འབུ་སོགས་བརྐོ་རུ་སོང་ན་ས་རིན་མཐོ་བས་དེ་ནའང་དཀའ་ཁག་ཆེན་པོ་འདུག ངེད་ཚང་ལ་བཟའ་མི་བཅུ་ཐམ་པ་ཡོད། སྔོན་ལྟར་སོང་ན་ཡོང་སྒོ་མེད་པ་དང་དཀའ་ཁག་ཆེ་བས། ད་ནི་ཐུན་རིན་རྫོང་ཐོག་ནས་རྩམ་པ་འཐག་ས་འདི་དང་། གྲྭ་བའི་གཟན་གོས་བཀྲུ་ས་འདི་གཉིས་ལ་བརྟེན་བསྡད་ཡོད། དགོན་པའི་ཨ་ཁུ་རྣམས་ཀྱི་གཟན་དང་ཤམ་ཐབས་སོགས་ཧ་ཅང་གཙང་མས་སྒོ་ནས་རིན་གོང་འོས་འཚམས་ཀྱིས་བཀྲུ་བཞིན་ཡོད། གཟན་གཅིག་ལ་སྒོར་ལྔ་ནས་དྲུག་དང་ཤམ་ཐབས་གཅིག་ལ་སྒོར་བརྒྱད་བླངས་ནི་ཡིན།
གསར་འགོད་པ། རྩམ་པ་ཉོ་མཁན་གྱི་དགོས་མཁོ་སྐོང་ཨེ་ཐུབ་ཀི
ཚོང་བདག ཐུབ་ཀི དེའང་གཙོ་བོ་རེབ་གོང་རོང་བོ་དགོན་པ་དང་དེའི་དགོན་མ་ལག་སོ་ལྔ། གཅན་ཚ་དང་ཟི་ལིང་བོད་སྨན་ཁང་གི་ཉེ་འཁོར། རྩེ་ཁོག་དང་ཧི་ནན་སོགས་ལ་བཙོང་ནི་ཡིན། དེ་ལས་གཞན་རེབ་གོང་གི་རྩམ་པ་བཙོང་མཁན་རྣམས་ལའང་མཁོ་སྤྲོད་བྱེད་ཀྱིན་ཡོད།
གསར་འགོད་པ། རྩམ་པ་བཙོང་མི་ཐུབ་པའི་གནས་ཚུལ་ཡོད་དམ།
ཚོང་བདག རྩམ་པ་ག་ཙམ་འཐག་ན་དེ་ཙམ་བཙོང་ཐུབ།
གསར་འགོད་པ། ལོ་གཅིག་ལ་ཡོང་སྒོ་ག་ཙམ་ཡོད་པ་རེད།
ཚོང་བདག ན་ནིང་གི་ཟླ་བ་གསུམ་པ་ནས་སྒོ་ཕྱེས་པ་ཡིན། ནས་ཉོས་ནས་འཁོར་སྐྱོད་བྱེད་ཀྱིན་ཡོད་པས། འབྲུ་རིགས་ཀྱི་མང་ཉུང་ལ་བལྟས་ན་ཡོང་སྒོ་ཧ་ཅང་བཟང་།
གསར་འགོད་པ། འདི་ལ་བརྟེན་ན་ཁྱེད་བཟའ་མི་གང་བོས་ཁ་སོས་སམ།
ཚོང་བདག ངེད་ཚང་ནི་སོ་ནག་སྡེ་བའི་བཟའ་མི་ཆེས་མང་བའི་ཁྱིམ་ཚང་ཞིག་རེད། བཟའ་མི་བཅུ་ཡོད། དེའི་ཁྲོད་ལོ་གྱ་ལྔ་ཅན་གྱི་ལོ་ལོན་གཉིས་དང་བྱིས་པ་གསུམ་ཡོད། ངལ་རྩོལ་པ་མང་པོ་མེད། བྱིས་པ་དང་ལོ་ལོན་སྙོར་ཞོར་དུ་ལས་ཀ་འདི་གཉེར་ན་ངེད་ཚང་གི་འཚོ་བ་བདེ་མོ་སྐྱིད་པོའི་ངང་རོལ་ཐུབ།

སྙན་སྒྲོན་པ། བདེ་སྐྱིད་འདི་ནི་བཟའ་མི་བཅུ་ཡིས་གྲུབ་པའི་ཁྱིམ་ཚང་དཀྱུས་མ་ཞིག་གིས་གོང་རིམ་སྲིད་གཞུང་དང་ཡུལ་མི་གཞན་ལ་དཀའ་ཁག་ཅི་ཡང་མི་བཟོ་པར་ཁྱིམ་ཚང་རང་གི་ཐབས་བཀོད་དང་བརྩོན་འགྲུས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པའི་ཆེས་སྤྱིར་བཏང་གི་འཚོ་བའི་ཟུར་ཙམ་ཡིན་ལ། གནད་ཁེལ་དབུལ་སྐྱོར་དང་འབྱོར་འབྲིང་ལམ་དུ་བསྐྱོད་པའི་གོ་རིམ་ཁྲོད་དུ་སྒུག་བརྟེན་སློང་གསུམ་གྱིས་འཚོ་བཞིན་པའི་མི་རྣམས་ལ་གནང་བའི་སློབ་སྦྱོང་གི་མ་དཔེ་གསོན་པོ་ཞིག་ཀྱང་རེད།
 

གསར་འགོད་པ།  རིན་ཆེན་མཚོ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།