ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > 2018ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས།

མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་སྐབས་ལྔ་བའི་འཁོར་གཏོང་མཛད་སྒོ་ཟི་ལིང་དུ་བསྡུས།

སྤེལ་དུས། 2018-06-26 23:07:03   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྕགས་ཐར་ཚེ་རིང་།

图片1.png

ཟླ6པའི་ཚེས26ཉིན། མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་སྐབས་ལྔ་བའི་འཁོར་གཏོང་མཛད་སྒོ་མཚོ་སྔོན་ཟློས་གར་ཁང་ཆེན་མོའི་ཐང་ཆེན་དུ་བསྡུས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡོན་ལུང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཝང་ཅན་ཅོན་སོགས་འབྲེལ་ཡོད་འགོ་ཁྲིད་འཁོར་གཏོང་མཛད་སྒོར་ཞུགས་ནས་འགྲན་ཞུགས་གློག་སྒུལ་རླངས་འཁོར་རུ་ཁག་དང་སྐར་ཆེན་རུ་ཁག་ལ་གཟིགས་ཞིབ་གནང་ཞིང་། མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་ལ་བསྟོད་བསྔགས་དང་ཚད་མཐོན་པོའི་གདེང་འཇོག་གནང་བ་མ་ཟད། མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་སྐབས་ལྔ་བ་བདེ་བླག་ཡོང་བའི་སྨོན་འདུན་ཞུས།

图片3.png

འབྲེལ་ཡོད་འགོ་ཁྲིད་དང་། གདན་ཞུས་སྐུ་མགྲོན། སྨྱན་བྱད་སྡེ་ཁག་གི་མི་སྣ་བཅས་གདན་འཛོམས་ཐོག གློག་སྒུལ་རླངས་འཁོར་མི་བརྒྱའི་ཚོགས་པའི་དྲུང་ཡིག་ཀྲང་ཡུང་ཝེ་དང་། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་པ་ལིས་ཞོ་ཧྲིན་གཉིས་ཀྱིས་འགྲན་ཚོགས་དར་ཆ་ཕྱར་བ་ན། འགྲན་ཞུགས་གློག་སྒུལ་རླངས་འཁོར་དག་རེ་རེ་བཞིན་ཐོག་མའི་འཛུལ་སྒོ་ནས་བུད་དེ་འཁོར་གཏོང་དངོས་སུ་མགོ་བརྩམས་ཤིང་། པེ་ཅིན་རླངས་འཁོར་རྟགས་ཅནEU5དང་། པེ་ཅིན་རླངས་འཁོར་རྟགས་ཅནEX360  པེ་ཅིན་རླངས་འཁོར་རྟགས་ཅནEX5  ཧྲང་ཧེ་རླངས་འཁོར་རྟགས་ཅནMarvel X  ཁྲང་ཨན་རྟགས་ཅནEV ཀྲུང་ཐེ་རྟགས་ཅནT300EV པིས་ཡ་ཏིས་རྟགས་ཅནEV450 ཏུང་ཧྥིན་རྟགས་ཅནE70 ལིན་ཐུའུ་རྟགས་ཅནK-ONE ཡིས་བེ་ཁི་རྟགས་ཅནPowerDaily EV42བཅས་བསྡོམས་པས་གློག་སྒུལ་རླངས་འཁོར་རིགས་མི་འདྲ་བ་བཅུ་མཚོ་སྔོན་པོ་བསྐོར་བའི་ནུས་རྩལ་འགྲན་སྡུར་ལ་ཞུགས།

图片2.png

འཁོར་གཏོང་མཛད་སྒོའི་རྗེས་སུ་འགྲན་ཞུགས་གློག་སྒུལ་རླངས་འཁོར་རུ་ཁག་གནའ་མཁར་ཟི་ལིང་ནས་མཚོ་སྔོན་པོའི་ཕྱོགས་སུ་བསྐྱོད་ནས་མཚོ་སྔོན་པོ་བསྐོར་བའི་ནུས་རྩལ་འགྲན་སྡུར་གྱི་མགོ་དངོས་སུ་བརྩམས།

མཚོ་སྔོན་པོ་བསྐོར་བའི་ནུས་རྩལ་འགྲན་སྡུར་ལ་འགྲན་རིམ་བརྒྱད་ཡོད་ཅིང་། ཟི་ལིང་ནས་མགོ་བརྩམས་ཏེ་རིག་སྨོན་དང་། གླང་ཆེན་མཆེ་བར། ཚྭ་ཁ། ཐེམ་ཆེན། རྐང་ཚ། མ་རྡུལ་གྲོང་སོགས་བརྒྱུད་དེ་མཚོ་སྔོན་པོར་གཡས་སྐོར་གྱིས་སླར་ཡང་ཟི་ལིང་དུ་ལོག་ནས་མཇུག་བསྡུ་རྒྱུ་ཡིན་ཞིང་། ནུས་རྩལ་འགྲན་སྡུར་རིགས་མི་འདྲ་བ་བཅུ་བཞི་ཡོད་པ་ལས། ནང་རོལ་ཇུས་འགོད་འགྲན་སྡུར་དང་། གློག་གསོག་ནུས་པ་འགྲན་སྡུར། ཚན་རྩལ་བེད་སྤྱོད་འགྲན་སྡུར། གཏན་འཇགས་འགྲན་སྡུར་བཅས་ཀྱི་རིམ་པ་དེ་རིང་ཡོངས་འགྲུབ་བྱས།

གསར་འགོད་པ།  ལྕགས་ཐར་ཚེ་རིང་།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།