ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > 2018ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས།

ཀྲུང་གོ༼ མཚོ་སྔོན ༽ ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུའི་སྟེང་མཚོ་ནུབ་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས།

སྤེལ་དུས། 2018-06-27 17:36:54   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཐུབ་བསྟན།

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། ཀྲུང་གོ༼   མཚོ་སྔོན ༽   ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུའི་སྟེང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་ཡུན་སོགས་ཞིང་ཆེན་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་མཛད་སྒོའི་སྟེང་ཞུགས་ཡོད།

ཐེངས་འདིའི་ཉོ་ཚོང་གྲོས་མོལ་ཚོགས་འདུའི་སྟེང་མཚོ་ནུབ་ཁུལ་དང་ཚྭ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ལ་བསྡོམས་པས་གན་རྒྱའི་རྣམ་གྲངས་དྲུག་ཅུ་རེ་བརྒྱད་ཡོད་པ་དང་གན་རྒྱའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར418རེད། གན་རྒྱའི་རྣམ་གྲངས་ཁྲོད་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་རྒྱུ་ཆ་གསར་བ། གྱོན་ཆས་བཟོ་སྐྲུན། ཁྱད་ལྡན་སྐྱེ་དངོས། རིག་གནས་ཡུལ་སྐོར་སོགས་ཡོད་ཅིང་། དེ་རིང་གི་མཛད་སྒོའི་སྟེང་དངོས་སུ་གན་རྒྱ་བཞག་པའི་རྣམ་གྲངས་ཉེར་བཞི་ཡོད། ཐེངས་འདིའི་གན་རྒྱ་བཞག་པ་དེས་མཉམ་ལས་ཕྱོགས་གཉིས་ཀའི་མཛའ་བརྩེ་མུ་མཐུད་ནས་ཇེ་ལེགས་སུ་ཕྱིན་པ་དང་། འདྲ་མཉམ་གཉིས་ཕན་གྱི་འཕེལ་རྒྱས་ཕྱོགས་སུ་བསྙེག་པར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་ལ། རྗེས་ཕྱོགས་ཀྱི་ཚོང་ལས་མཉམ་ལས་ཁྲོད་སྟོབས་ཤུགས་གཅིག་སྒྲིལ་དང་མཛའ་མཐུན་མཉམ་ལས། ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པར་ཤུགས་བསྣན་ནས་ཚོང་ལས་གན་རྒྱའི་ཐད་ལ་རྨང་འདིང་བར་ཕན་ནུས་མི་དམན་པ་ཐོན་ངེས་རེད། དེ་མིན་ཐེངས་འདིའི་གན་རྒྱ་འཇོག་པའི་མཛད་སྒོ་ལས་གཞན་ད་དུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་སོ་སོས་ཁྱད་ཐོན་དངོས་རྫས་འགྲེམ་སྟོན་དང་ཕྱིར་འཚོང་བྱེད་སའི་ཚོགས་ར་ཞིག་ཀྱང་བསྡུས་ཡོད་པ་དང་། ཚོགས་རའི་ནང་ཚྭ་དང་ཁུ་ནུའི་གཡུ། དབྱར་རྩྭ་དགུན་འབུ། ནོར་གནག་གི་ཤ། འཕང་འབྲས། ཤ་མོ། ས་གདན་སོགས་ཁྱད་ཐོན་དངོས་རྫས་དག་འགྲེམ་སྟོན་དང་ཕྱིར་འཚོང་བྱེད་ཀྱིན་ཡོད་པས། རྒྱ་ཆེའི་ལྟད་མོ་བ་དང་འཛད་སྤྱོད་པའི་དགོས་མཁོ་ཇི་བཞིན་དུ་སྐོང་བཞིན་ཡོད་པ་དང་ལྷག་པར་ད་ལོའི་ཀྲུང་གོ༼   མཚོ་སྔོན  ༽  ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུར་ཁ་དོག་གསར་བ་ཞིག་བསྣན་ཡོད།

མཛད་སྒོའི་སྟེང་ཞུགས་པའི་འགོ་ཁྲིད་ལྷན་རྒྱས།

མཉམ་ལས་ཕྱོགས་གཉིས་ཀས་གན་རྒྱ་འཇོག་བཞིན་པ།

མཉམ་ལས་ཕྱོགས་གཉིས་ཀས་གན་རྒྱ་འཇོག་བཞིན་པ།

མཉམ་ལས་ཕྱོགས་གཉིས་ཀས་གན་རྒྱ་འཇོག་བཞིན་པ།

12.jpg

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱད་ཐོན་དངོས་རྫས་འགྲེམ་སྟོན་དང་ཕྱིར་འཚོང་བྱེད་སའི་ཚོགས་ར།

ཁྱད་ཐོན་དངོས་རྫས།

ཚྭ་ལས་གྲུབ་པའི་ཁྱད་ཐོན་དངོས་རྫས།

འགྲེམ་ཚོང་བྱེད་བཞིན་པ།

སྨན་སྣའི་རིགས།

རྒྱ་ཆེའི་ལྟད་མོ་བ་དང་འཛད་སྤྱོད་པ།

གསར་འགོད་པ།   དབང་རྒྱལ་ཚེ་རིང་།   ཐུབ་བསྟན།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།