ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > 2018ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས།

མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་སྐབས་ལྔ་བའི་བྱ་དགའ་གནང་བའི་མཛད་སྒོ་སྤེལ་རྒྱུ་རེད།

སྤེལ་དུས། 2018-06-28 17:30:13   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྕགས་ཐར་ཚེ་རིང་།

image001.jpg

ཟླ6པའི་ཚེས28ཉིན། མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་སྐབས་ལྔ་བའི་མཚོ་སྔོན་པོ་བསྐོར་བའི་འགྲན་སྡུར་གྱི་ཆེས་མཇུག་མཐའི་རིམ་པ་རྐང་ཚ་ནས་ཟི་ལིང་གི་ལམ་བར་དུ་བདེ་བླག་ངང་སྤེལ་ཞིང་། འགྲན་སྡུར་མཇུག་རྫོགས་རྗེས་འགྲན་ཞུགས་གློག་སྒུལ་རླངས་འཁོར་རུ་ཁག་མཚོ་སྔོན་ཟློས་གར་ཁང་ཆེན་མོའི་ཐང་ཆེན་དུ་བསྐྱོད་ནས་རླངས་འཁོར་ཕྱིར་བསྡུ་མཛད་སྒོ་བསྡུས།

སང་ཉིན་སྟེ། ཟླ6པའི་ཚེས29ཉིན་མཚོ་སྔོན་ཟློས་གར་ཁང་ཆེན་མོའི་ནང་དུ་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་སྐབས་ལྔ་བའི་བྱ་དགའ་གནང་བའི་མཛད་སྒོ་སྤེལ་རྒྱུ་ཡིན་ལ། བྱ་དགའ་གནང་བའི་མཛད་སྒོའི་སྟེང་། སྐབས་འདིའི་འགྲན་ཚོགས་ཀྱི་མཇུག་འབྲས་གསལ་སྒྲོག་དང་འབྲེལ་བྱ་དགའ་རིགས་མི་འདྲ་བ་ལྔ་བཅུ་ལྷག་གནང་རྒྱུ་ཡིན་པར་མ་ཟད། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་བཅུ་དགུ་བའི་གྲུབ་འབྲས་གསལ་སྒྲོག་བྱ་རྒྱུ་རེད།

image002.jpg

རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་དེང་གཞས་པ་གྲགས་ཅན་ཀྲུག་ཕིན་ཡན་གྱིས་བླངས་པའི«རབ་མཛེས་མཚོ་སྔོན་གྱི་འཕེལ་རྒྱས»ཞེས་པའི་གླུ་སྐད་སྙན་མོ་དང་འགྲོགས་ནས་ཐེངས་འདིའི་བྱ་དགའ་གནང་བའི་མཛད་སྒོ་མགོ་བརྩམ་རྒྱུ་ཡིན་ཞིང་། རྒྱལ་ནང་ན་མིང་གྲགས་ཅན་གྱི་གླུ་བ་གླུ་མ་མང་པོས་གྱ་ནོམ་པའི་གླུ་སྐད་ཀྱི་ལེགས་སྐྱེས་བསྣམས་ནས་བྱ་དགའ་གནང་བའི་མཛད་སྒོའི་སྟེང་ཞུགས་རྒྱུ་ཡིན་པ་རེད།

མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་ཚོགས་ནི་རྒྱལ་ནང་གི་རྒྱལ་ཁབ་རིམ་པའི་ནུས་ཁུངས་གསར་བའི་རླངས་འཁོར་འགྲན་ཚོགས་གཅིག་པུ་དེ་ཡིན་ལ། ད་ལྟའི་བར་བསྟུད་མར་ལོ་ལྔ་ལ་བདེ་བླག་གིས་བསྡུས་ཟིན་པས། ཀྲུང་གོའི་ནུས་ཁུངས་གསར་བའི་རླངས་འཁོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསལ་སྟོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

གསར་འགོད་པ།  ལྕགས་ཐར་ཚེ་རིང་། 
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།