ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > 2018ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས།

ཀྲུང་གོ༼ མཚོ་སྔོན ༽ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུའི་སྟེང་རྨ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གཉིས་ཀྱིས་སོ་སོ་ནས་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས།

སྤེལ་དུས། 2018-06-28 17:38:33   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཐུབ་བསྟན།

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། ཀྲུང་གོ༼  མཚོ་སྔོན ༽  ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུའི་སྟེང་རྨ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གཉིས་ཀྱིས་སོ་སོ་ནས་གན་རྒྱ་འཇོག་པའི་མཛད་སྒོ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བསྡུས་ཤིང་། ཞིང་ཆེན་དང་རྨ་ལྷོ་ཁུལ། མཚོ་བྱང་ཁུལ་བཅས་ཀྱི་འབྲེལ་འགོ་ཁྲིད་མཛད་སྒོར་ཞུགས།

གན་རྒྱ་འཇོག་པའི་མཛད་སྒོའི་སྟེང་རྨ་ལྷོ་ཁུལ་གྱིས་ཏཱ་ཐང་མཚོ་སྔོན་ནུས་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི་དང་སུའུ་ཧྲང་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཐེན་ཅིན་གྲོང་ཁྱེར་པིན་ཧེ་ཧྲེ་ཞིན་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟི། ཧོང་ཏ་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་ལ་སྒོར་དུང་ཕྱུར་ཉེར་ལྔའི་ཚོང་ལས་མཉམ་ལས་ཀྱི་གྲོས་མཐུན་བཀོད་པ་མ་ཟད། ཐུན་རིན་རྫོང་དང་གཅན་ཙ་རྫོང་། རྩེ་ཁོག་རྫོང་། ཧི་ནན་རྫོང་བཅས་ཀྱི་རིག་གནས་ཡུལ་སྐོར་དང་སྐྱེ་ལྡན་ཕྱུགས་ལས། གློག་འདོན་ལས་གཞི་སོགས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཛུགས་སྐྲུན་དང་ཚོང་ལས་ཕྱོགས་ཀྱི་ལས་གཞི་མང་པོ་ཞིག་ལ་མཉམ་ལས་གྲོས་མཐུན་བཀོད་པ་རེད། གན་རྒྱ་འཇོག་པའི་མཛད་སྒོ་ལས་གཞན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱད་ཐོན་དངོས་རྫས་འགྲེམ་ཚོང་བྱེད་སའི་ཚོགས་ར་ཞིག་བསྡུས་ཡོད་པའི་ནང་དུ་ཐང་ག་དང་འབྲི་ཞོ། ཁྱིམ་ཆས། རྒྱན་ཆ་སོགས་མི་རིགས་ཀྱི་མཁོ་ཆས་མང་པོ་ཡོད། ད་ལོའི་གྲོས་མོལ་ཚོགས་འདུ་བརྒྱུད་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱི་ཕྱོགས་སུ་ཚོང་ལས་མཉམ་ལས་བྱེད་པའི་ནུས་ཤུགས་ཇེ་ཆེར་བཏང་ནས། མཛེས་སྡུག་དང་དཔལ་ཡོན། འཆམ་མཐུན། ལྗང་མདོག་གི་རྨ་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གང་ཡོད་གདོན་རྒྱུ་རེད།

དེ་བཞིན་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ན་ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི་ཚུན་ནས་བཟུང་གྲོས་མོལ་ཚོགས་འདུའི་སྟེགས་བུ་འདི་ཉིད་ཚོང་ལས་མཉམ་ལས་ཕྱི་ཕྱོགས་སུ་རྒྱ་བསྐྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བཟུང་ཡོད་པ་དང་། ད་ལོར་ཡང“ཐུན་མོང་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས”ཀྱི་བརྗོད་གཞི་ལྟར་ནང་འདྲེན་དང་ཕྱིར་འཚོང་མཉམ་བསྲེས་བྱེད་རྒྱུར་སྐུལ་འདེད་བཏང་ནས། ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ས་ཁུལ་གཞན་ལ་ཕྱིར་འཚོང་དང་ས་ཁུལ་གཞན་གྱི་ཁྱད་ལྡན་ཐོན་ལས་རང་ས་གནས་སུ་ནང་འདྲེན་བྱ་རྒྱུ་གཙོ་གནད་དུ་བཟུང་ཡོད་པ་དང་། མཉམ་ལས་གྲོས་མོལ་ཚོགས་འདུའི་སྟེགས་བུ་འདི་བརྒྱུད་ནས་མཚོ་བྱང་གི་ཡུལ་སྐོར་ལས་རིགས་ལ་ཤུགས་བསྣན་ཏེ་སྔར་ལས་ལྷག་པའི་སྒོ་ནས་མཚོ་བྱང་ཡུལ་གྱི་མཛེས་ལྗོངས་རྒྱ་ཆེའི་ཡུལ་སྐོར་བའི་མིག་མདུན་དུ་བསྟར་བར་ཁག་ཐེག་གང་ལེགས་བྱ་རྒྱུ་ཡིན་ལ། ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ནས་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། དེ་ལས་གཞན་རྗེས་ཕྱོགས་ཀྱི་ཚོང་ལས་མཉམ་ལས་ཁྲོད་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཚད་མུ་མཐུད་ནས་ཇེ་མཐོར་གཏོང་རྒྱུར་ཤུགས་སྣོན་པ་དང་། དངུལ་གཏོང་མཉམ་ལས་ཀྱི་ཁྱབ་རྒྱ་ཇེ་ཡངས་དང་ལས་གཞི་སྙོམ་སྒྲིག་གི་ཞབས་ཕྱི་མུ་མཐུད་ནས་ཇེ་ལེགས་སུ་བཏང་སྟེ་ཁྱབ་ཁོངས་སོ་སོའི་འབྲེལ་ལམ་དང་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ནུས་ཤུགས་གདོན་རྒྱུ་རེད།

མཛད་སྒོའི་སྟེང་ཕེབས་པའི་འགོ་ཁྲིད་ལྷན་རྒྱས།

གན་རྒྱ་འཇོག་བཞིན་པ། (རྨ་ལྷོ)

གན་རྒྱ་འཇོག་བཞིན་པ། (རྨ་ལྷོ)

གན་རྒྱ་འཇོག་བཞིན་པ། (རྨ་ལྷོ)

གན་རྒྱ་འཇོག་བཞིན་པ། (རྨ་ལྷོ)

ཐང་ག 

གྱོན་ཆས། 

རྡོ་བརྐོས་ཐོན་རྫས། 

འཚོ་བའི་མཁོ་ཆས། 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཨ་དགེ་འདུན་གྱིས་ཤིས་ཚིག་འབུལ་བཞིན་པ།

གན་རྒྱ་འཇོག་བཞིན་པ། (མཚོ་བྱང)

གན་རྒྱ་འཇོག་བཞིན་པ། (མཚོ་བྱང)

གན་རྒྱ་འཇོག་བཞིན་པ། (མཚོ་བྱང)

འཚེམ་དྲུབ་ཀྱི་ཐོན་རྫས།

འབྲི་ཞོ། 

འཚོ་བའི་མཁོ་ཆས། 

ཁྱད་ཐོན་དངོས་རྫས།

 

གསར་འགོད་པ། དབང་རྒྱལ་ཚེ་རིང་། ཐུབ་བསྟན།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།