ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ལ་གཞས་འགྲན་སྡུར་སྐབས་དྲུག་པ།

«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་གྱི་འགྲན་ཁུལ་དང་པོ་མཚོ་ལྷོ་ནས་མགོ་རྩོམ་རྒྱུ་རེད།

སྤེལ་དུས། 2018-06-26 17:58:24   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་མ་རྒྱལ།

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཚེ་མ་རྒྱལ་ནས་བཀོད་པའི་གསར་འགྱུར།

             ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་གྱི་འགྲན་ཁུལ་དང་པོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ་ནས་སྤེལ་མགོ་བརྩམས།
           ལ་གཞས་ནི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་། བློ་ཡི་འཆར་སྣང་། བསམ་བློའི་འདུ་ཤེས་སོགས་བརྗོད་བདེ་ཞིང་གོ་བདེ་བའི་ཚིག་གི་ཕྲེང་བ་དེ་སྙན་མོ་ངག་གི་འགྱུར་ཁུག་ལ་དྲངས་ནས་ཕོ་མོ་བར་གྱི་ལྷད་མེད་བརྩེ་འདང་བརྗོད་པ་དང་། བདེ་སྐྱིད་ཀྱི་འཚོ་བར་བསྔགས་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་མཚོན་ཐབས་ཤིག་ཡིན་ཞིང་། འདི་ལ་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པར་མ་ཟད། བརྗོད་བྱ་ཕུན་སུམ་ཚོགས་ཤིང་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པས་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་གཙུག་རྒྱན་ལྟ་བུ་ཡིན་ལ། ༢༠༠༦ལོར་རིམ་པ་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་བདམས། དེ་ཡང་ཕུལ་དུ་བྱུང་བའི་གཟུགས་འདས་རིག་གནས་སམ་ངག་བརྒྱུད་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བ་དང་། སྲོལ་རྒྱུན་གྱི་རིག་གནས་རྩ་ཆེན་འདིའི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་བཅས་ཀྱི་ཆེད། ཉིས་སྟོང་དགུའི་ལོ་ནས་བཟུང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྤེལ་མགོ་བརྩམས་པ་དང་། ད་ལོ་སྐབས་དྲུག་པ་ལ་ཐོན་ཡོད་ལ། «སྡེ་ཆེན་རྩེད་རའི»ལེ་ཚན་ནས་བརྒྱུད་གཏོང་བྱས་པས་རྒྱ་ཆེའི་གསན་མཁན་དག་གིས་དགའ་བསུ་ཆེན་པོ་ཐོབ་ཡོད།
          «སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་རྩ་འཛུགས་ཚན་ཆུང་གི་དཔྱད་འདེམས་པ་དང་མདོ་འཛིན་པ། སྒྲ་ལེན་པ་བཅས་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་གནའ་མཁར་ཟི་ལིང་ནས་ཆབ་ཆ་གྲོང་རྡལ་ལ་ཐོན་པ་ན། གླུ་བ་གླུ་མ་དག་གིས་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་ན་ལང་ལོང་གིས་མིང་ཐོ་འགོད་ཀྱིན་པའི་སྒང་རེད། ཁོ་ཚོའི་གདོང་གི་ཉམས་འགྱུར་དང་ལུས་ཀྱི་ཚུགས་ཀར་བལྟས་ན་ཐེངས་འདིའི་འགྲན་སྡུར་ལ་རེ་བ་ཆེན་པོ་བཅངས་ཡོད་པ་ཚོར།  

499496155217922702 - 副本.jpg

མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་ནས་མིང་ཐོ་བཀོད་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

237071122627908555 - 副本.jpg

འགྲན་ཞུགས་པས་འབྱོར་ཐོ་འགོད་བཞིན་པ།

30801746161916347 - 副本.jpg

འགྲན་ཞུགས་པས་འབྱོར་ཐོ་འགོད་བཞིན་པ།

172462153568029307 - 副本.jpg

དཔྱད་འདེམས་པ་བསྟན་འཛིན་ནས་འགྲན་ཞུགས་པ་རྣམས་ལ་འགྲན་སྡུར་གྱི་གནས་ཚུལ་ངོ་སྤྲོད་བྱེད་པ།

227416345826193859 - 副本.jpg

འགྲན་སྡུར་གྱི་གོ་རིམ་ལ་གྲོས་བསྡུར་བྱེད་བཞིན་པ།

           ཐེངས་འདིའི་འགྲན་བསྡུར་འདྲ་མཉམ་དང་དྲང་བདེན། བདེ་འཇགས་བཅས་ཡོང་ཆེད་ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་བསྟན་འཛིན་དང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་གཙོ་ནམ་མཁའ་ཚེ་རིང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་རྟ་མགྲིན་ཚེ་རིང་། དབང་འགྲུབ་བཅས་འབྲེལ་ཡོད་མི་སྣ་སྐོར་ཞིག་མཉམ་དུ་འཛོམས་ནས་ཐེངས་འདིའི་འགྲན་བསྡུར་གྱི་གོ་རིམ་དང་དཔྱད་འདེམས་བྱེད་སྟངས་སོགས་ལ་གྲོས་བསྡུར་བྱས་ཏེ་བཀོད་སྒྲིག་ཞིབ་ཚགས་བྱས།

          ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་། «སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་གྱི་འགྲན་ཁུལ་དང་པོ་མཚོ་ལྷོ་ནས་དངོས་སུ་མགོ་རྩོམ་རྒྱུ་རེད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།