ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ལ་གཞས་འགྲན་སྡུར་སྐབས་དྲུག་པ།

«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་མགོ་བརྩམས།

སྤེལ་དུས། 2018-07-01 19:12:44   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་མ་རྒྱལ།

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཚེ་མ་རྒྱལ་ནས་བཀོད་པའི་གསར་འགྱུར།

              ཟླ་བདུན་པའི་ཚེས་གཅིག་ཉིན།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་ནུབ་ཁུལ་གུང་གཞོན་ཚོགས་པ་གཏེར་ལམ་རྫོང་ཨུ་དང་།གཏེར་ལམ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རོགས་སྒྲུབ་གནང་བའི་«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་གཏེར་ལམ་རྫོང་ནས་དངོས་སུ་མགོ་བརྩམས།
             ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་ནི་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། གུང་གཞོན་ཚོགས་པ་གཏེར་ལམ་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བསོད་ཁོ་དང་། གཏེར་ལམ་རྫོང་གི་ལས་བྱེད་རྒན་པ། དམངས་ཁྲོད་གླུ་བ་བླ་རྒན། སྐབས་རིམ་བྱུང་གི་«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་གྱི་ཇུས་འགོད་པ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་རིག་རྩལ་ཚན་ཁག་གི་ཀྲུའུ་རིན་བསྟན་འཛིན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ཀྱི་ན་གཞོན་སྙན་ངག་པ་བོང་སྟག་རི་ལུ། ཐེམ་ཆེན་རྫོང་དམངས་གླུ་མཐུན་ཚོགས་ཀྱི་ཚོགས་གཙོ། དམངས་ཁྲོད་གླུ་བ་འབྲུག་རིས་བཅས་ཡིན།
            ལ་གཞས་སྒྱུ་རྩལ་གྱིས་གནའ་སྔ་མོ་ཞིག་ནས་རང་རེའི་མི་རིགས་ཀྱི་བློ་གྲོས་ཀྱི་སྒོ་མོ་ཕྱེས་ཤིང་། འདི་ལ་བརྟེན་ནས་འཚོ་གནས་ཀྱི་ཁོར་ཡུག་དང་། རི་ཆུའི་གྲུབ་ཚུལ། ཡུལ་སྲོལ་གོམས་གཤིས། དགའ་སྐྱོ་ཆགས་སྡང་སོགས་མཚོན་པར་བྱེད་ལ། འདི་ལ་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་པར་མ་ཟད། ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བ་དང་། རྒྱུན་འཛིན་དང་དར་སྤེལ་བྱེད་པའི་འོས་འགན་ལྕི་མོ་རང་རེའི་ཕྲག་ལ་བབས་ཡོད།

微信图片_20180630195622.jpg

ཐོག་མའི་འགྲན་སྡུར་ལས་མཚོ་ནུབ་འགྲན་ཁུལ།

IMG_4285.JPG

མཚོ་ནུབ་འགྲན་ཁུལ་གྱི་དཔྱད་འདེམས་པ་བསོད་ཁོ།

IMG_4286.JPG

མཚོ་ནུབ་འགྲན་ཁུལ་གྱི་དཔྱད་འདེམས་པ་བླ་རྒན།

IMG_4287.JPG

མཚོ་ནུབ་འགྲན་ཁུལ་གྱི་དཔྱད་འདེམས་པ་བསྟན་འཛིན།

IMG_4288.JPG

མཚོ་ནུབ་འགྲན་ཁུལ་གྱི་དཔྱད་འདེམས་པ་བོང་སྟག་རི་ལུ།

IMG_4329.JPG

མཚོ་ནུབ་འགྲན་ཁུལ་གྱི་དཔྱད་འདེམས་པ་འབྲུག་རིས།

IMG_4307.JPG

མདོ་འཛིན་པ་ཟླ་བཟང་སྒྲོལ་མ།

IMG_4314.JPG

འགྲན་སྡུར་དངོས་སུ་མགོ་བརྩམས་པ།

IMG_4340.JPG

བྱ་སྣ་ཚོགས་རི་རྒྱལ་རྩེ་ལ་འདུས། སྒྲོ་སྣ་ཚོགས་བྱ་རྒྱལ་ཁྱུང་ལ་འཛོམས།  སྐུ་མགྱོགས་བྱ་རྒྱལ་ཁྱུང་ལ་ཞུ། 

IMG_4346.JPG

ཚིག་མགོ་ཕྲ་མོའི་ངག་ལ་བཀུག  ཚིག་སྐེད་སྙན་མོ་དོན་ཆེན་རེད། ཚིག་གཞི་སེམས་གཏམ་རྣལ་མ་རེད།

IMG_4351.JPG

སྟག་ཤ་ར་ཁ་ཚིག་ཅན་པོས། ཁ་བགད་ནས་ལ་གཞས་བླངས་ན། ཞེ་བསམ་པས་ཡིད་སེམས་མཐུན་གི

IMG_4384.JPG

བོད་ཚོ་ཆེན་རྩེད་རོགས་ཁྲི་མ་འབུམ།  ངས་ཁྲི་མ་འབུམ་ལ་ལྟ་གི་མེད། ངས་དེང་མའི་རྩེད་རོགས་བརྗེད་གི་མེད།

IMG_4397.JPG

ཆར་འབབ་ཁར་ལྷོ་ལ་མ་བལྟ། ལྷོ་ཆར་ཆུ་མོད་པ་བསམ་ན། སྨུག་དྭངས་མཐའ་མེད་པར་སྡུག་གི

IMG_4369.JPG

སྨན་བུ་མོའི་མཛེས་ཉམས། མིག་གི་དགའ་སྟོན།

IMG_4371.JPG

རྣ་བའི་བདུད་རྩི།  སེམས་ཀྱི་གཏོད་ས།

IMG_4296.JPG

ལག་རྩལ་པས་སྒྲ་ཕབ་བཞིན་པ།

IMG_4377.JPG

ཚོགས་རའི་ཡུལ་དངོས།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།