ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ལ་གཞས་འགྲན་སྡུར་སྐབས་དྲུག་པ།

«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་མཇུག་སྒྲིལ།

སྤེལ་དུས། 2018-07-03 17:10:56   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་མ་རྒྱལ།

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཚེ་མ་རྒྱལ་ནས་བཀོད་པའི་གསར་འགྱུར།  

            ཉིན་གསུམ་གྱི་འགྲན་སྡུར་བརྒྱུད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་ཟླ་བདུན་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔའི་སྟེང་ཡོངས་སུ་མཇུག་སྒྲིལ་བ་དང་། འགྲན་ཞུགས་པ་སོ་གཅིག་གི་གྲས་སུ་གླུ་བ་འབྲུག་ལྷ་ཚེ་རིང་དང་། ཨོ་རྒྱན་ཐར། བསོད་ནམས་དཔལ་འབར། དཔལ་འབྲུག་རྒྱལ། དཔལ་འབྱོར་དང་། གླུ་མ་རྡོ་རྗེ་སྐྱིད། སྐལ་བཟང་མཚོ་མོ། སྟག་སྒྲོན་ལྷ་མོ། ལྕགས་རིས་འཚོ། དངོས་གྲུབ་དབང་མོ་བཅས་གླུ་བ་གླུ་མ་བཅུ་བསྐྱར་འགྲན་ཐོག་མའི་འགྲན་སྡུར་ཁྲོད་བདམས་ཐོན་བྱུང་།

IMG_4721.JPG

སྟེང་ལྷ་ཡུལ་འདྲ་བའི་གྲོང་ནས། ནང་ལྷ་ཕྲུག་འདྲ་བའི་རྩེད་རོགས།

ཚིག་སྙན་མོ་རྗེ་བཙུན་མགུར་མ། རྩེད་མཁས་པ་ཀུན་ལ་གསལ་གི

IMG_4716.JPG

རི་མགོ་ལྷ་རིའི་མཆོད་རྟེན་རེད། ལྷ་མཇལ་དགོས་བསམ་ནས་ཡོང་ནི་ཡིན།

IMG_4725.JPG

ས་སྡེ་ཆེན་རྩེད་རའི་ནང་ནས། རོགས་ཆུང་ལོ་ཁ་ཚིག་རང་བྱོན་ཅན།

ཚིག་དོན་ཆེན་རྣ་ལ་སྙན་གི  གཟུགས་སྐྱེ་ལུས་མིག་ལ་མཛེས་གི

IMG_4734.JPG

སོས་དལ་བའི་ཉག་ཕྲན་མདའ་མོ། སོས་དལ་ནས་ཡོད་དུས་མཐུན་གི

སོས་དལ་ནས་ཡོད་དུས་ལོས་མཐུན། སྨྱུག་ཚིགས་དྲུག་མཚམས་ནས་བཅད་ནི་རེད།

IMG_4746.JPG

རྟ་འདོ་བ་སྙིང་ལ་རྗེ་བོ། སྙིང་རྗེ་བའི་དོན་དེ་བཤད་ན།

ཟླ་དྲུག་པ་མ་ལོན་མི་དབང་། ས་བྱང་ལམ་མིན་ན་མི་རྒྱུག

IMG_4742.JPG

རོགས་ན་ཟླ་ཞེ་འདང་ཅན་པོ། གཏམ་མི་ཁའི་བར་ནས་འགལ་ཡོད།

འགལ་ཡོད་པ་སྡེ་བར་གསང་ཡོད། ཞེ་མཐུན་རབས་བཤད་ནས་ངོམ་ཡོད།

IMG_4786.JPG

མཚོ་ནུབ་འགྲན་ཁུལ་ནས་བསྐྱར་འགྲན་ཐོག་མ་རུ་ཚུད་པའི་གླུ་བ་དག

IMG_4796.JPG

མཚོ་ནུབ་འགྲན་ཁུལ་ནས་བསྐྱར་འགྲན་ཐོག་མ་རུ་ཚུད་པའི་གླུ་མ་དག

IMG_4804.JPG

བསྐྱར་འགྲན་ཐོག་མ་རུ་ཚུད་པའི་གླུ་བ་གླུ་མ་ཡོངས།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།