ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད།

《ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད། ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད》ཅེས་པའི་མཚོ་སྔོན་ནང་ཁུལ་གྱི་བཅར་འདྲིའི་བྱ་འགུལ་དེ་རིང་མགོ་བརྩམས།

སྤེལ་དུས། 2018-07-03 11:57:27   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རང་རེའི་ལས་ཁུངས།

 ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་དང་མཉམ་འབྲེལ་སྒོས་སྒྲུབ་པའི《ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད། ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད》ཅེས་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པ་བརྗོད་དོན་གཙོ་བོ་ཡིན་པའི་མཚོ་སྔོན་ནང་ཁུལ་གྱི་བཅར་འདྲིའི་བྱ་འགུལ་དེ་རིང(7.2)དངོས་སུ་མགོ་བརྩམས།

ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡང་ཡིན། ལོ་ངོ་བཞི་བཅུའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་བོད་ཁུལ་གྱི་ཕྱོགས་སོ་སོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཐེངས་འདིའི་བརྗོད་དོན་བཅར་འདྲིས་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། དམངས་ཚིས་སོགས་ཁྱབ་ཁོངས་སོ་སོ་གཅིག་སྒྲིལ་བྱས་ཏེ་མཚོ་སྔོན་གྱིས་དབུལ་སྐྱོར་མཁྲེགས་གཏོར་ཐད་མུ་མཐུད་དུ་ཤུགས་འདོན་བཞིན་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་བཅས་ཀྱི་རྣམ་པ་བཟང་བོ་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་མཚོ་སྔོན་དུས་རབས་གསར་པར་ཞུགས་པ་དང་འཐབ་ལམ་གསར་པར་ཞུགས་པའི་རྣམ་པ་གསར་པ་མངོན་པར་བྱེད་རྒྱུ་རེད།

ཐེངས་འདིའི་མཚོ་སྔོན་ནང་ཁུལ་དུ་བཅར་འདྲི་བྱེད་པའི་དུས་ཡུན་ཉིན་བཅུ་ཡིན་པ་དང་། བཅར་འདྲིའི་སྐབས་སུ། བཅར་འདྲི་ཚན་ཆུང་ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་གྲོང་ཁྱེར་དང་རྫོང་བཅུ་ལྷག་ལ་ཟབ་ཞུགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས། གནད་ཁེལ་དབུལ་སྐྱོར་མཁྲེགས་གཏོར། ལོ་རྒྱུས་རིག་གནས་རྒྱུད་འཛིན་སོགས་ཐད་ནས་ཞིབ་དཔྱད་གཏིང་ཟབ་བྱེད་རྒྱུ་ཡིན་པར་མ་ཟད། འབྲེལ་ཡོད་བརྗོད་དོན་ལྟར་ཆེད་སྒྲིག་དང་བསྟུད་འགོད་ལེ་ཚན་སྤེལ་ཏེ་རྒྱང་སྒྲོག་དང་བརྙན་འཕྲིན། སྨྱན་བྱད་གསར་བ་སོགས་སུ་དུས་མཉམ་དུ་གཏང་རྒྱུ་རེད།

མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ཐའེ་ཀྲང་གཞོན་པ་རྣ་བྷ་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད། བཅར་འདྲིའི་ཚན་ཆུང་ལ་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ངོ་སྤྲོད་བྱེད་སྐབས། མཚོ་སྔོན་གྱི་བོད་མི་རིགས་ཀྱི་མི་གྲངས་བསྡུར་ཚད་ཅུང་མཐོ་བ་དང་འདུས་སྡོད་རྒྱ་ཁྱོན་ཧ་ཅང་ཆེ། ཀྲུང་དབྱང་གིས་བཏོན་པའི་བོད་ཁུལ་འཕེལ་རྒྱས་སྲིད་ཇུས་དང་དབུལ་ཐར་མཁྲེགས་གཏོར་སོགས་དམངས་ཕན་སྲིད་ཇུས་ལ་མངོན་སྟངས་མང་པོ་ཡོད་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ནས་མི་དམངས་མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བའི་ཆ་རྐྱེན་སོགས་ཕྱོགས་སོ་སོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས་བཅར་འདྲིའི་ཚན་ཆུང་གི་གསར་འགོད་པ་དག་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས་པ་དང་། རྒྱང་སྒྲོག་བརྙན་འཕྲིན་དང་དྲ་ཚིགས་སོགས་བརྒྱུད་དེ་དྲིལ་སྒྲོག་ལེགས་པོ་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་བོད་ལྗོངས་ལྟེ་གནས་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།  མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་གསར་འགོད་པ་བཅུ་གཅིག་ཐེངས་འདིའི་བཅར་འདྲིའི་བྱ་འགུལ་ལ་ཞུགས་ཡོད། 

 

 

 

 

 

 

 

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།