ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད།

མདའ་མོ་གཡང་རྫོང་ན་དམངས་སྲོལ་གྱི་མེ་ཏོག་རབ་ཏུ་བཞད་འདུག

སྤེལ་དུས། 2018-07-04 03:17:51   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་དོན་འགྲུབ།

 རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ལྷ་བརྟན།བསོད་ནམས་དོན་གྲུབ། བཀྲ་ཤིས་དོན་གྲུབ་བཅས་ཀྱིས་བཀོད་པའི་གསར་འགྱུར།

   ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་དང་མཉམ་འབྲེལ་སྒོས་སྒྲུབ་པའི«ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད། ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད»ཅེས་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པ་བརྗོད་དོན་གཙོ་བོ་ཡིན་པའི་མཚོ་སྔོན་ས་ཁུལ་གྱི་བཅར་འདྲིའི་ཚོ་ཆུང་སྤྱི་རྩིས་ཀྱི་ཟླ་བདུན་པའི་ཚེས་གཉིས་ཉིན་གྱི་སྔ་དྲོ་གནའ་མཁར་ཟི་ལིང་ནས་མཚོ་སྔོན་ནང་ཁུལ་གྱི་ས་ཚིགས་དང་པོ་སྟེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་དུ་བསྐྱོད། གཅན་ཚ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུུད་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དུ་ཡོད་པའི་རྫོང་ཞིག་ཡིན་ལ། རྫོང་འདི་ནི་མདའ་རྩེད་རིག་གནས་ཤིན་ཏུ་དར་སྔ་བའི་མདོ་སྨད་ཀྱི་རྫོང་ཞིག་ཡིན་པའི་ཆ་ནས་ཉིས་སྟོང་དྲུག་ལོར་ཀྲུང་གོའི་མི་རིགས་མདའ་རྩེད་ཕ་ས་ཞེས་པར་གདམ་པ་ནས་སྔ་རྗེས་སུ་གཡང་མདའ་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་བསྡུར་སྐབས་བཞི་བསྡུས་ཏེ་ས་གནས་ཀྱི་རིག་གནས་དྲིལ་སྒྲོག་དང་འཕེལ་རྒྱས་ཀྱི་ཕྱོགས་སུ་ནུས་པ་མི་དམན་པ་ཐོན་ཡོད་པ་རེད། དེར་བརྟེན། ཐེངས་འདིའི་བཅར་འདྲིའི་ས་ཚིགས་དང་པོ་གཅན་ཚ་རྫོང་ནས་ང་ཚོའི་གཅན་ཚ་ས་ཁུལ་གྱི་མདའ་རྩེད་རིག་གནས་ལོ་འདི་གར་འཕེལ་རྒྱས་དང་སྲུང་འཛིན་གྱི་གནས་ཚུལ་སྐོར་ནས་རྒྱུས་ལོན་བྱེད་རྒྱུ་གཏན་འཁེལ་བྱས་ཡོད་པས། གཅན་ཚར་ཐོན་མ་ཐག་འབྲེལ་ཡོད་མི་སྣའི་སྣེ་ཁྲིད་འོག་གཅན་ཚ་རྫོང་གི་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན། གཡང་མདའ་རྟགས་མའི་མདའ་རྩེད་མཐུན་ཚོགས་ཀྱི་ཚོགས་གཙོ་ཤཀྱཱ་དོན་གྲུབ་ལགས་ལ་གཅན་ཚའི་མདའ་རྩེད་ཀྱི་ཁྱད་ཆོས་དང་དགེ་མཚན། དེ་མིན་གཅན་ཚའི་མདའ་རྩེད་རྒྱུད་འཛིན་གྱི་གནས་བབ་ག་འདྲ་ཡིན་པ་སོགས་ཀྱིས་སྐོར་ནས་དྲིས་པ་ན་ཁོའི་བཤད་རྒྱུར། “གཅན་ཚའི་མདའ་རྩེད་འདི་ལ་མཚོན་ན་གཅིག་ནས་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་བ་ཞིག་རེད། གཉིས་ནས་གཅན་ཚའི་མི་རྒྱུད་མཆེད་ཁུངས་ཀྱི་ལོ་རྒྱུས་མཚོན་པའི་ལེ་ལོང་ལྟ་བུ་ཡིན་པས། འབེན་འདྲ་ལས་སྟངས་དང་སྐུགས་ཡ་འབུད་སྟངས་དང་ནོན་སྟངས། འཁོར་ཚུལ། ཀི་འདེབས་ཚུལ། མདའ་འཕེན་གྱི་འགྲོ་སྟངས་དང་ཕྱིར་ཡུལ་ལ་ལོག་སྟངས་བཅས་གང་ཐད་ནས་བཙན་པོའི་དུས་ཀྱི་དམག་འཐབ་ཀྱི་བསམ་བློ་མཚོན་པ། གསུམ་ནས་མདའ་རྩེད་ཀྱི་སྔ་རྗེས་ཀྱི་གོ་རིམ་ཧྲིལ་བོར་ཆོས་ལུགས་ཀྱི་ཆོ་ག་སྣ་མང་སིམ་ནས་ཡོད་པ། བཞི་ནས་མདའ་རྩེད་འདི་གཅན་ཚའི་བཟའ་བཏུང་དང་རྒྱན་གོས། གོམས་གཤིས་སོགས་དམངས་སྲོལ་གྱི་བསྡུས་གཟུགས་ཤིག་ཡིན་པ། ལྔ་ནས་བྱ་འགུལ་འདིར་ཞུགས་མཁན་གྱི་ངོས་ནས་སྐྱེས་མ་ཚོ་ཕུད་དེའི་ཕན་ཆད་ཀྱི་སྐྱེས་པ་ལས་ཆེ་བ་ལོ་དྲུག་ཅུ་བདུན་ཅུ་ནས་ཆུང་བ་བྱིས་པ་ཡན་ཆད་བྱ་འགུལ་འདིར་མི་ཞུགས་མཁན་མེད་པར་རྒྱུན་ལྡན་གྱི་འཚོ་བའི་གྲུབ་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ། དྲུག་ནས་གཅན་ཚའི་མདའ་རྩེད་ཀྱི་གོ་རིམ་ཁྲོད་སྲོལ་རྒྱུན་གྱི་འཛེམས་འཛི་དང་ཡུལ་གོམས་གཤིས་ལུགས། གླུ་གར་རྩེད་མོ་དང་བཤད་པ་སོགས་རིག་གནས་མང་པོ་མཉམ་གཅིག་ཏུ་རྒྱུན་འཛིན་དང་དར་སྤེལ་བྱེད་ཀྱིན་ཡོད་ཟེར།” གསར་འགོད་པའི་ཁོ་ལ་མདའ་རྩེད་ཀྱིས་གཅན་ཚའི་རིག་གནས་འཚོ་བ་དང་ལྗོངས་རྒྱུའི་ལས་དོན་ལ་ཐེབས་པའི་དགེ་མཚན་ག་འདྲ་ཡིན་པའི་སྐོར་འདྲི་སྐབས་ཁོའི་མུ་མཐུད་དུ་བཤད་དོན། “གཅན་ཚའི་མདའ་རྩེད་རིག་གནས་རྒྱལ་སྤྱིའི་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་སོང་བ་དང་དང་ཆབས་ཅིགགཅན་ཚ་རྫོང་ལ་མཚོན་ན་རྒྱལ་ཁབ་རིམ་པའི་ནགས་ཚལ་དང་ས་གཤིས་སྤྱི་གླིང་ཁམས་ར་ལྟ་བུ་དང་།བསྟན་པ་སྔ་དར་གྱི་བསྟན་པའི་གནས་གཞི་གལ་ཆེན།དེ་མིན་ས་གནས་ཀྱི་རིག་གནས་དང་ཟས་རིགས་ཀྱི་ཐོན་ཁུངས་མང་པོ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་གོ་སྐབས་བཟང་བོ་ཤར་བས།གཅན་ཚ་ས་ཁུལ་གྱི་ལྗོངས་རྒྱུའི་ལས་རིགས་དང་ཚོང་ལས་དར་རྒྱས་འགྲོ་བར་སྐུལ་འདེད་བྱུང་སྟེ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་ནུས་པ་ཆེན་པོ་ཐོན་ཡོད་ཟེར། ”འདི་ནི་རིག་གནས་ཤིག་གིས་ས་གནས་ལ་ཐེབས་པའི་ཤུགས་རྐྱེན་ཡིན་པས་ང་ཚོ་བཅར་འདྲི་ཚན་ཆུང་གིས་གཅན་ཚ་རྫོང་དངོས་མིན་ཤུལ་བཞག་རིག་གནས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཉི་མ་ཐར་དང་རྨ་ཙོང་རིག་གནས་ཁྱབ་སྤེལ་ཀུང་ཟིའི་སྦྱིན་བདག་འོད་སྲུང་རྡོ་རྗེ་ལ་གཉིས་ལ་ཡང་མདའ་རྩེད་རིག་གནས་གཙོ་བོ་ཡིན་པའི་ས་གནས་ཀྱི་རིག་གནས་སྣ་ཚོགས་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་རིང་ལ་སྲུང་འཛིན་དང་དར་སྤེལ་ངོས་ནས་འཕེལ་རྒྱས་དང་འགྱུར་ལྡོག་ག་འདྲ་བྱུང་ཡོད་པའི་སྐོར་དྲིས་པ་ན། ཁོ་གཉིས་ཀྱིས་རང་གི་ལས་རིགས་དང་མཐོང་ཐོས་ཀྱི་ངོས་ནས་ས་གནས་ཀྱི་ཐོན་ལས་དང་རིག་གནས། དམངས་སྲོལ་སོགས་སྲུང་འཛིན་གང་ལེགས་གནང་གྱིན་པའི་གནས་ཚུལ་ཞིབ་ཕྲ་གླེང་བར་མ་ཟད། མ་འོངས་པར། ས་གནས་ཀྱི་རིག་གནས་སྣ་ཚོགས་དབྱར་གྱི་མེ་ཏོག་བཞིན་གང་སར་བཞད་པར་ཡིད་ཆེས་བརྟན་པོ་ཡོད་ཟེར། འདི་ནི་མཚོ་སྔོན་ནང་ཁུལ་གྱི་བཅར་འདྲིའི་ས་ཚིགས་དང་པོ་ཡིན་པ་དང་། ཕྱི་དྲོའི་བཅར་འདྲི་འདི་ཚར་མ་ཐག་མུ་མཐུད་དུ་ས་ཚིགས་གཉིས་པ་སྟེ་རྨ་ལྷོ་ཁུལ་ཐོག་ཏུ་བསྐྱོད་དེ་བཅར་འདྲིའི་ལས་རིམ་གྱི་རྒྱུན་བསྐྱངས་པ་ཡིན་ནོ།།

IMG_2172.JPG

                       གཅན་ཚ་རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན། གཡང་མདའ་རྟགས་མའི་མདའ་རྩེད་མཐུན་ཚོགས་ཀྱི་ཚོགས་གཙོ་ཤཀྱཱ་དོན་གྲུབ།

IMG_2177.JPG

                    གཅན་ཚ་རྫོང་དངོས་མིན་ཤུལ་བཞག་རིག་གནས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཉི་མ་ཐར་ལ་བཅར་འདྲི་བྱེད་ཀྱིན་པ།

_MG_2139.JPG

རྨ་ཙོང་རིག་གནས་ཁྱབ་སྤེལ་ཀུང་ཟིའི་སྦྱིན་བདག་འོད་སྲུང་རྡོ་རྗེ་ལ་བཅར་འདྲི་བྱེད་ཀྱིན་པ།                                     

IMG_2191.JPG

       ས་གནས་ཀྱི་མདའ་བ་ཟོན་ཐར་འབུམ་གྱིས་བཅར་འདྲི་བྱེད་དང་ལེན་བྱེད་ཀྱིན་པ།                                                                       

 

 

 

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།