ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད།

རིག་འབྱུང་ཡུལ་གྱི་རིག་གནས་ཐོན་ལས་ལ་འབྲས་བུ་གཡུར་དུ་ཟ་བ་སྨིན།

སྤེལ་དུས། 2018-07-04 03:59:58   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་དོན་འགྲུབ།

 རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ལྷ་བརྟན། བསོད་ནམས་དོན་གྲུབ། བཀྲ་ཤིས་དོན་གྲུབ་བཅས་ཀྱིས་བཀོད་པའི་གསར་འགྱུར། 

    ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་དང་མཉམ་འབྲེལ་སྒོས་སྒྲུབ་པའི«ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད། ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད»ཅེས་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པ་བརྗོད་དོན་གཙོ་བོ་ཡིན་པའི་མཚོ་སྔོན་ནང་ཁུལ་གྱི་བཅར་འདྲིའི་ཚོ་ཆུང་སྤྱི་རྩིས་ཀྱི་ཟླ་བདུན་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོ་གཅན་ཚའི་བཅར་འདྲིའི་ལས་རིམ་དག་མཇུག་རྫོགས་པར་བྱས་ཏེ་རྨ་ལྷོ་ཁུལ་ཐོག་ཏུ་བསྐྱོད།
     རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ལོ་འདི་གར་རེབ་གོང་ཡུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ལས་ལ་གཞི་བཅོལ་ཏེ་རིག་གནས་ཐོན་ལས་ཀྱིས་ཞིང་འབྲོག་མང་ཚོགས་དབུལ་ཐར་ཕྱུག་སྒྱུར་དང་རང་སྐྱོང་ཁུལ་ཐོད་བརྒལ་རང་བཞིན་གྱིས་འཕེལ་རྒྱས་མངོན་འགྱུར་བྱེད་པར་དམིགས་སུ་འཛིན་པའི་བྱ་བའི་བྱེད་ཕྱོགས་ལྟར། སྲིད་གཞུང་གིས་སྣེ་ཁྲིད་དང་ཚོང་རའི་འཁོར་སྐྱོད། སྤྱི་ཚོགས་ཟབ་ཞུགས། ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཤུགས་ཆེན་པོའི་འཕེལ་རྒྱས་གཏོང་བའི་ཐབས་ལམ་སྤྱད་ནས་སྔ་རྗེས་སུ་རེབ་གོང་སྒྱུ་རྩལ་པ་དང་མིང་གྲགས་ཅན་གྱི་རིག་གནས་ཁེ་ལས་སྐོར་ཅིག་བསྐྱེད་བསྲིངས་བྱས་ཏེ་ཐང་ག་དང་གཙགས་དྲུབ། རྡོ་བརྐོས། བོད་ཀྱི་ཟློས་གར་སོགས་གཙོ་བོ་ཡིན་པའི་རེབ་གོང་རིག་གནས་ཐོན་ལས་ཀྱི་མ་ལག་ཅིག་གྲུབ། ད་ལྟའི་བར། རེ་ཞུ་བྱས་པའི་རེབ་གོང་གི་མིང་རྟགས་བཀོད་ཡོད་པའི་ཟོང་རྟགས་རིགས་ཞེ་བཞི་དང་རེབ་གོང་རིག་གནས་སྐོར་གྱི་གསར་བཏོན་ཐོན་རྫས་བཞི་བརྒྱ་ལྷག་གསར་སྤེལ་བྱས་ཤིང་། པེ་ཅིན་དང་ཧྲང་ཧེ། ཐེན་ཅིན་སོགས་ལྟེ་གནས་གྲོང་ཁྱེར་དུ་རེབ་གོང་གི་རིག་གནས་ཐོན་རྫས་འགྲེམ་ཚོང་བྱེད་ས་ཉིས་བརྒྱ་ལྷག་བཙུགས་པས་རེབ་གོང་རིག་གནས་ཀྱི་ཚོང་རྟགས་སྙན་གྲགས་སྔར་ལས་རྒྱས་པར་བྱས། གསར་འགོད་པའི་ཉིན་གཅིག་དང་ཕྱེད་ཀའི་དུས་ཚོད་བེད་སྤྱད་དེ་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་དང་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་།རེབ་གོང་ས་ཁུལ་གྱི་དམངས་ཁྲོད་ཟློས་གར་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་འཁྲབ་ཁྲིད་རྒྱུད་འཛིན་མི་སྣ་སོགས་ལ་བཅར་འདྲི་བྱས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བདུན་ལོར་རིག་གནས་ཐོན་ལས་ཀྱི་ངོས་ནས་སྒོར་དུང་ཕྱུར་བདུན་བྱེ་བ་བརྒྱད་ས་ཡ་གཅིག་ལ་སླེབས་པ་དང་། རིག་གནས་ཐོན་ལས་བྱ་བར་ཞུགས་མཁན་གྱི་མི་གྲངས་ཉིས་སྟོང་བཅུ་གཅིག་ལོའི་མི་ཁྲི་གཅིག་དང་སྟོང་གསུམ་ནས་ད་ལྟ་མི་ཁྲི་གསུམ་ལྷག་ལ་འཕར་ཡོད་པ་དང་། མིག་སྔར། རིག་གནས་ཁེ་ལས་སུམ་བརྒྱ་ཞེ་ལྔ་ཐོ་འགོད་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གྱི་ལོ་ངོ་བཞི་བཅུའི་རིང་ལ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གང་ལེགས་བྱུང་ཡོད་པ་རེད།

IMG_2206.JPG

རིག་འབྱུང་ཡུལ་ནས་ཐོག་མར་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་དུ་རྒྱུས་ལོན་རགས་ཙམ་བྱས། 

IMG_2233.JPG

རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་གི་ཟུར་ངོས་ཤིག

IMG_2237.JPG

རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་གི་ཟུར་ངོས་ཤིག

IMG_2217.JPG

འབྲེལ་ཡོད་མི་སྣས་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་དུ་ཡོད་པའི་རིག་དངོས་དག་ངོ་སྤྲོད་བྱེད་ཀྱིན་པ།

IMG_2255.JPG

རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་གི་འགོ་གཙོ་གཞོན་པ་མཁའ་འབུམ་ཐར་གྱིས་ལོ་འདི་གའི་རེབ་གོང་སྒྱུ་རྩལ་གྱི་འཕེལ་རྒྱས་སྐོར་གླེང་བཞིན་པ། 

IMG_2257.JPG

རྨ་ལྷོ་ཁུལ་རིག་དངོས་སྲུང་སྐྱོབ་དོ་དོམ་ཅུའུ་ཡི་ཅུའུ་ཀྲང་ལའེ་ཧའེ་ཏོང་གིས་གསར་འགོད་པར་རྨ་ལྷོ་ས་ཆའི་རིག་དངོས་སྲུང་སྐྱོབ་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་ཀྱིན་པ། 

微信图片_20180704042053.jpg

རེབ་གོང་གི་ལྷ་བཟོ་གྲགས་ཅན་བཀྲ་ཤིས་རྒྱ་མཚོ་དང་ཆོས་གྲགས་གཅེན་གཅུང་གཉིས་ཀྱིས་གསར་འཛུགས་བྱས་པའི་ཀླུ་སྒྲུབ་སྒྱུ་རྩལ་གླིང་། 

IMG_2286.JPG

རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གསར་འཛུགས་གནང་མཁན་བཀྲ་ཤིས་རྒྱ་མཚོའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་ཀྱིན་པ། 

微信图片_20180704042121.jpg

微信图片_20180704042107.jpg

རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ་ཡོད་པའི་ཐང་གའི་འཁྱམས་རའི་ཟུར་ཅིག

IMG_2261.JPG

རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་སློབ་མ་བསྟན་རྒྱམ་ལགས་ཀྱིས་ལོ་ངོ་བཞིའི་རིང་གི་ཐང་གའི་སྒྱུ་རྩལ་སློབ་སྦྱོང་གི་རྒྱུད་རིམ་ངོ་སྤྲོད་བྱེད་ཀྱིན་པ།

IMG_2275.JPG

རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ལོ་ན་ཆེས་ཆུང་བའི་སློབ་མ་རྣམ་རྒྱལ་ལ་བཅར་འདྲི་བྱེད་ཀྱིན་པ།

IMG_2304.JPG

མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་གཙོ་རིན་ཆེན་རྒྱལ་ལགས་ཀྱིས་རྨ་ལྷོ་ས་ཁུལ་གྱི་ཟློས་གར་དར་ཁྱབ་བཏང་བའི་གནས་ཚུལ་ངོ་སྤྲོད་བྱེད་ཀྱིན་པ།

IMG_2195.JPG

ཟློས་གར་འཁྲབ་སྟོན་པ་རྒན་པ་བློ་བ་ལགས་ཀྱིས་ལོ་འདི་གའི་ཟློས་གར་གྱི་འཕེལ་རྒྱས་སྐོར་བཤད་ཀྱིན་པ། 

IMG_2204.JPG

རྨ་ལྷོ་ཁུལ་ཐོ་རྒྱ་གྲོང་རྡལ་གླིང་རྒྱ་སྡེ་བའི་དམངས་ཁྲོད་ཟློས་གར་ཚོགས་པའི་ཚོགས་གཙོ་པདྨ་མཚོ་ལ་བཅར་འདྲི་བྱེད་ཀྱིན་པ། 

 IMG_2292.JPG

རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་གཙོ་གཞོན་པ་ཏིང་འཛིན་ལགས་ཀྱིས་ས་ཁུལ་འདིའི་མི་རིགས་སློབ་གསོའི་འགྱུར་ལྡོག་གླེང་གྱིན་པ། 
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།