ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད།

མགོ་ལོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྟོན་གྱི་འབྲས་བུ་མངོན།

སྤེལ་དུས། 2018-07-05 23:32:09   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་དོན་འགྲུབ།

 རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ལྷ་བརྟན། བཀྲ་ཤིས་དོན་གྲུབ། བསོད་ནམས་དོན་གྲུབ་བཅས་ཀྱིས་བཀོད་པའི་གསར་འགྱུར།

IMG_2342.JPG

    «ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད། ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད»ཅེས་པའི་མཉམ་འབྲེལ་བཅར་འདྲི་ཚན་ཆུང་སྤྱི་རྩིས་ཀྱི་ཟླ་བདུན་པའི་ཚེས་བཞི་ཉིན་རྨ་ལྷོ་ས་ཁུལ་གྱི་བཅར་འདྲིའི་ལས་རིམ་མཇུག་རྫོགས་ཏེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་བཅར་འདྲི་བྱེད་པར་བསྐྱོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཞིག་ཡིན་པས་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུའི་རིང་ལ་སྐྱེ་ཁམས་སྲུང་སྐྱོབ་དང་། རྩྭ་ཕྱུགས་དོ་མཉམ། མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལྟ་ཚུལ་དམ་སྲུང་། མི་དམངས་ཀྱི་ཉིན་རེར་ཡར་རྒྱས་སུ་འགྲོ་བཞིན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོའི་གཞི་རྩའི་ལྟ་བ་རྒྱུན་འཁྱོངས་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པས། མགོ་ལོག་མངའ་ཁོངས་ཀྱི་རྨ་ཆུའི་ཆུ་གཤིས་རིམ་པ་དང་པོར་སླེབས་པ་དང་།མཁའ་དབུགས་བསྟུད་མར་ལོ་གསུམ་ལ་ཞིང་ཆེན་གྱི་གཏན་འཁེལ་བྱས་པའི་རིམ་པ་བཟང་པོའི་དམིགས་ཡུལ་ལེགས་འགྲུབ་བྱུང་བར་མ་ཟད་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བའི་རྣམ་པ་ཤར། རྫོང་མཁར་གྱི་དྲོད་འདོན་རྡོ་སོལ་གློག་ཏུ་བསྒྱུར་བའི་དྭངས་གཙང་ནུས་ཁུངས་ཀྱི་བཟོ་བསྐྲུན་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་བྱས་ཏེ་ལག་བསྟར་བྱས་ནས་རྡོ་སོལ་འབུད་པའི་དྲོད་རླངས་ཐབ་ཀ་ཀྲིན་ཏུན་བརྒྱ་དང་ཉེར་ལྔ་མེད་པར་བཟོས་པ་དང་། ཞིང་ཆེན་གྱི་གཏན་འཁེལ་བྱས་པའི་དམིགས་འབེན་གྱི་བརྒྱ་ཆའི་བཞི་བརྒྱ་བཅུ་དྲུག་མངོན་འགྱུར་བྱས།

IMG_2357.JPG

  མགོ་ལོག་ཁུལ་རྨ་ཆེན་རྫོང་གིས་ལྷས་རར་སྡོང་བོ་འཛུགས་པ་ནས་རི་ལུང་ལྗང་བསྒྱུར་བྱེད་པའི་གོ་རིམ་ལྟར་དུ་མཁར་གྲོང་གི་སྡོང་འཛུགས་ནགས་བསྐྲུན་བྱ་བ་དམ་འཛིན་བྱས་ཏེ། ཉེ་བའི་ལོ་ཤས་རིང་མ་དངུལ་སྒོར་བྱེ་བ་བདུན་བཏང་ནས་སྡོང་ཕྲུག་འབུམ་དགུ་ལྷག་བཙུགས་པ་དང་། ལྕགས་རྭ་རྨིད་འབུམ་གཅིག་ཁྲི་དྲུག་ལྷག་བསྐོར་ཏེ་སྡོང་འཛུགས་ནགས་བསྐྲུན་གྱི་ངོས་ནས་འབྲས་བུ་མངོན་གསལ་བླངས།

IMG_2362.JPG

  རྨ་ཆེན་རྫོང་ནགས་ལས་ཅུའུ་ཡི་རྣམ་གྲངས་གཞུང་ལས་ཁང་གི་ཀྲུའུ་རིན་ལིག་ཧའེ་ཧྲིན་གྱིས་བཤད་རྒྱུར། གོང་རིམ་སྲིད་གཞུང་གི་ཡང་དག་པའི་མཛུབ་སྟོན་དང་ས་གནས་མང་ཚོགས་ཀྱི་རང་ས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་སོང་པ་དང་བསྟུན་ནས་ལོ་འདི་གའི་གྲོང་བརྡལ་ལྗང་བསྒྱུར་ནགས་བསྐྲུན་གྱི་བྱ་བར་འབྲས་བུ་མངོན་གསལ་བླངས་ཡོད་པ་དང་། ལོ་རེ་རེའི་ས་གནས་མང་ཚོགས་ཀྱི་སྡོང་འཛུགས་ནགས་བསྐྲུན་གྱིས་མགོ་ལོག་ཁུལ་ལྗང་མདོག་གི་ཡུལ་གྲུ་ཞིག་ཏུ་གྱུར་བར་ཡིད་ཆེས་བརྟན་པོ་ཡོད་ཟེར།  

微信图片_20180705232854.jpg

  མགོ་ལོག་ཁུལ་རྨ་སྟོད་རྫོང་ནི་རྨ་ཆུའི་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཡིན་པས་ཉེ་བའི་ལོ་ཤས་རིང་ཕྱུགས་བསྐྱུར་རྩྭ་འདེབས་དང་སྡོད་དམངས་གནས་སྤོར། དྭངས་གཙང་ནུས་ཁུངས་ཀྱི་བཟོ་བསྐྲུན་ལག་བསྟར། རྨ་ཆུའི་མགོ་ཁུངས་ཀྱི་འབྲོག་པ་མང་ཚོགས་སྐྱེ་ཁམས་བདག་སྐྱོང་བར་བསྒྱུར་ནས་དབུལ་ཐར་དང་བདག་སྐྱོང་གཉིས་ཕན་གྱི་སྲིད་ཇུས་ལག་བསྟར་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་རྣམ་གྲངས་སྤེལ་ཏེ་ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར་དུ་རྫོང་ཡོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུ་ལྔ་དང་བྱེ་བ་བཞི་བཏང་བ་དང་། ཁྱིམ་ཚང་ལྔ་བརྒྱ་གྱ་ལྔ་དང་མི་གྲངས་ཉིས་སྟོང་སུམ་བརྒྱ་སོ་བཞི་སྐྱེ་ཁམས་གནས་སྤོར་བྱས་ཏེ་གནས་སྤོར་སྡེ་གསར་བཞི་བཙུགས། ས་མུའུ་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་བདུན་ཁྲི་བརྒྱད་ལྷག་ལ་ཕྱུགས་བསྐྱུར་རྩྭ་འདེབས་དང་ས་མུའུ་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་གཅིག་ལྷག་ལ་ཕྱུགས་བཀག་བྱས་པ། ས་མུའུ་ས་ཡ་བརྒྱད་དང་འབུམ་དྲུག་ཁྲི་བདུན་ལྷག་ལ་ཕྱུགས་ཚོད་འཛིན་བྱས་ཏེ་ས་ནག་ཐང་མུའུ་འབུམ་བརྒྱད་ཁྲི་གཅིག་ལྷག་ལ་བཅོས་སྐྱོང་བྱས། ས་མུའུ་འབུམ་དགུ་ཁྲི་གསུམ་ལྷག་ལ་བྱེ་འགྱུར་སྔོན་འགོག་དང་ས་མུའུ་ཁྲི་བརྒྱད་ལ་རི་བཀག་ནགས་གསོ་བྱས་ཏེ་མིག་སྔར་སྐྱེ་ཁམས་མ་ལག་གི་ཆེ་ཕྱོགས་སྒྲིག་གཞི་ཁ་ཤས་ཇེ་ལེགས་སུ་སོང་པ་དང་། རྩྭ་ས་ཇེ་ཞན་དུ་འགྲོ་བའི་རྣམ་པ་ལ་ཚོད་འཛིན་ཐེབས་ཏེ་ཆུའི་ཐོན་ཁུངས་དང་རྩྭའི་ཁེབས་ཚད། སྐྱེ་དངོས་སྣ་མང་ཅན། མང་ཚོགས་ཀྱི་ཡོང་འབབ་བཅས་ཇེ་མང་དུ་འགྲོ་བའི་སྣང་ཚུལ་བཟང་པོ་མངོན་ཞིང་། ལྗང་མདོག་ཅན་གྱི་མཐོ་སྒང་གི་རྨི་ལམ་དང་རེ་འདུན་ཡག་པོ་གོམ་པ་རེ་རེ་བཞིན་མངོན་འགྱུར་བྱེད་ཀྱིན་ཡོད་པ་རེད།

IMG_2425.JPG

  རྨ་སྟོད་རྫོང་སྐྱ་རེངས་ཞང་མཚལ་རྩེ་སྡེ་བའི་ལོ་ན་དྲུག་བཅུར་སོན་པའི་སྐྱེ་ཁམས་བདག་སྐྱོང་པ་ཨ་བསེ་ལགས་ཀྱིས་བཤད་རྒྱུར། ངའི་ཆུང་དུས་ཀྱི་རྩྭ་ཐང་གི་རི་ཆུའི་དྭངས་ཤ་དང་རྩྭ་སའི་བཅུད་མདངས་ད་ལྟ་ཕྱིར་མངོན་གྱིན་ཡོད་ལ། ང་ཚོ་སྐྱེ་ཁམས་བདག་སྐྱོང་གི་མི་སྣ་ཡོངས་ཀྱིས་དུས་རྒྱུན་རང་གི་མིག་འབྲས་བཞིན་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད། གོང་རིམ་སྲིད་གཞུང་གི་ལོ་འདི་གའི་རྩྭ་ས་སྲུང་སྐྱོབ་ཀྱི་སྲིད་ཇུས་དག་གིས་ང་ཚོ་ས་གནས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ལའང་ཕན་ངེས་ཅན་རེ་ཐོགས་ཀྱིན་ཡོད་པས་ཧ་ཅང་བཟང་ཟེར།

IMG_2447.JPG

གསར་འགོད་པའི་ཆར་བ་ཟམ་ཟིམ་གྱི་ཁྲོད་ནའང་སྔར་བཞིན་རང་གི་ལས་གནས་བརྟན་སྲུང་བྱེད་ཀྱིན་པའི་སྐྱེ་ཁམས་བདག་སྐྱོང་གི་ཚོགས་མི་དག་ལ་དུས་རྒྱུན་གྱི་བྱ་བའི་གོ་རིམ་སྐོར་ནས་ལབ་གླེང་བྱེད་བཞིན་པ།

IMG_2478.JPG

IMG_2487.JPG

རྨ་སྟོད་རྫོང་སྐྱ་རེངས་ཞང་ན་རྩྭ་འདེབས་ལ་བྲེལ་གྱིན་པའི་རྩྭ་འདེབས་པ་ཅིག

IMG_2474.JPG

རྨ་ཆུའི་མགོ་ཁུངས་ཀྱི་འཛིན་མའི་གཞི་ན་བག་ཡངས་ཀྱིས་རྒྱུ་བའི་རྐྱང་ཁྱུ་ཞིག

微信图片_20180706023402.jpg

མེ་ཏོག་སྣ་ཚོགས་ལྷམ་མེར་བཞད་པའི་སྣང་ཚུལ་དང་། རྟ་ནོར་ལུག་གསུམ་བག་ཡངས་ཀྱི་རྒྱུ་བའི་རྣམ་པ། ས་གནས་མང་ཚོགས་བདེ་སྐྱིད་ཀྱིས་འཚོ་བའི་མཛུམ་མདངས་ལས་ཀྱང་མགོ་ལོག་ས་ཁུལ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཐད་ནས་ལོ་འདི་གར་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་རྟོགས་ཐུབ།།

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།