ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད།

ཞིན་ཧའེ་རྫོང་དུ་སྔོན་འགྲོ་སློབ་གསོའི་མེ་ཏོག་བཞད་ཅིང་ཕྱུགས་ལས་ཐོན་སྐྱེད་ཀྱི་འཕེལ་ཁ་རྒྱས་འདུག

སྤེལ་དུས། 2018-07-11 02:22:06   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་དོན་འགྲུབ།

 རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ལྷ་བརྟན།བཀྲ་ཤིས་དོན་གྲུབ།བསོད་ནམས་དོན་གྲུབ་བཅས་ཀྱིས་བཀོད་པའི་གསར་འགྱུར།

  “ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད། ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད”ཅེས་པའི་མཉམ་འབྲེལ་བཅར་འདྲི་ཚན་ཆུང་སྤྱི་རྩིས་ཀྱི་ཟླ་བདུན་པའི་ཚེས་དྲུག་ཉིན་མགོ་ལོག་ས་ཁུལ་གྱི་བཅར་འདྲིའི་ལས་རིམ་མཇུག་རྫོགས་རྗེས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧའེ་རྫོང་དུ་བཅར་འདྲི་བྱེད་པར་བསྐྱོད་པ་དང་། ཞིན་ཧའེ་རྫོང་དུ་སྔོན་འགྲོ་སློབ་གསོ་དང་ཕྱུགས་ལས་ཐོན་ལས་ཅན་གྱི་ངོས་སུ་རྒྱུས་ལོན་བྱེད་རྒྱུ་དེ་རེད།

IMG_2518.JPG

  སྔོན་འགྲོ་སློབ་གསོ་ནི་སློབ་གསོ་ཀུན་གྱི་གཞི་རྩ་ལྟ་བུ་ཡིན་པས་གོང་རིམ་སྡེ་ཁག་ནས་ས་གནས་སྲིད་གཞུང་བར་ཉེ་བའི་ལོ་ཤས་རིང་གཙིགས་ཆེན་བྱས་ཏེ་འབྲས་བུ་མི་དམན་པ་བླངས་ཡོད་པ་རེད། ཞིན་ཧའེ་རྫོང་ནི་ཡུལ་ཚོ་དང་གྲོང་བརྡལ་བདུན། སྡེ་བ་ང་གཅིག་གིས་གྲུབ་པའི་ཕྱུགས་ལས་གཙོ་བོ་གཉེར་གྱིན་པའི་རྫོང་ཞིག་ཡིན་པ་དང་། མཚོ་ལྷོ་ཁུལ་གྱི་སློབ་གསོ་བཅོས་བསྒྱུར་ཉིས་སྟོང་དགུ་ལོར་མགོ་བརྩམས་པ་ནས་ཞིན་ཧའེ་རྫོང་གིས་སྔོན་འགྲོ་སློབ་གསོའི་ཕྱོགས་སུ་ཤུགས་བརྒྱབ་སྟེ་རྫོང་གི་བྱིས་སྐྱོང་ཁང་མ་དཔེ་ཅན་དང་། ཡུལ་ཚོ་དང་གྲོང་བརྡལ་རིམ་པའི་བྱིས་སྐྱོང་ཁང་རྐང་འཛིན་ཅན་གྱི་བྱིས་སྐྱོང་ཁང་ལམ་ལུགས་ཀྱི་རྣམ་པས་ད་ལྟ་རྫོང་ཡོངས་སུ་བྱིས་སྐྱོང་ཁང་ང་བདུན་བཙུགས་ཡོད་པ་དང་། བྱིས་སྐྱོང་དགེ་རྒན་ཉིས་བརྒྱ་ཞེ་བཞི་ལ་ཆེད་ལས་ཀྱི་ཟབ་སྦྱོང་སྤྲད་དེ་སློབ་ལོ་རན་པའི་བྱིས་པ་སྟོང་བཞི་ལྷག་ལ་ཚད་ལྡན་གྱི་སྔོན་འགྲོ་སློབ་གསོ་མྱོང་དུ་འཇུག་གིན་ཡོད་པ་རེད།

IMG_2672.JPG

  ཞིན་ཧའེ་རྫོང་སློབ་གསོ་ཅུའུ་སྔོན་འགྲོ་སློབ་གསོ་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ལྷན་གྲུབ་ལགས་ལ་ད་ལྟའི་ཞིན་ཧའེ་རྫོང་གི་སྔོན་འགྲོ་སློབ་གསོའི་གནས་བབ་སྐོར་ནས་འདྲི་སྐབས་ཁོས་བཤད་རྒྱུར། རྫོང་དང་ཡུལ་ཚོ་རུ་ཆེད་དུ་སྔོན་འགྲོ་སློབ་གསོའི་གཞུང་སྒྲུབ་ཁང་བཙུགས་ཏེ་བྱིས་སྐྱོང་ཁང་གི་དོ་དམ་འཛིན་གྱིན་ཡོད་པ་དང་།བྱིས་སྐྱོང་ཁང་སོ་སོའི་སློབ་དཔྱོད་ཁང་གིས་ཞིན་ཧའེ་ཐབས་ལམ་ཞེས་པའི་དྲུག་སྣོན་རྟགས་གཉིས་ཅན་གྱི་སྔོན་འགྲོ་སློབ་གསོའི་བསླབ་དེབ་བཏོན་ཏེ་ད་ལྟའི་བར་དེབ་བཅོ་ལྔ་ལྷག་བསྒྲིགས་ཟིན། དེ་མིན་དབྱར་དགུན་གནང་གི་སྐབས་སུ་བྱིས་སྐྱོང་དགེ་རྒན་རྣམས་ལ་གཞུང་ལུགས་དང་ལག་ལེན་གྱི་ཆེད་ལས་ཟབ་སྦྱོང་སྤྲད་དེ་འབྲས་བུ་མི་དམན་བླངས་ཡོད། སྒོས་སུ་ཁྱིམ་བདག་དག་གིས་ཀྱང་རྒྱབ་སྐྱོར་ཆེན་པོ་བྱས་ཏེ་སློབ་ཞུགས་ཀྱི་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད་ཟེར།

IMG_2526.JPG

ཞིན་ཧའེ་རྫོང་མཁར་ལྷོ་བྱིས་སྐྱོང་ཁང་ནི་ཉིས་སྟོང་བཅོ་ལྔ་ལོར་བཙུགས་པའི་རྫོང་མཁར་གྱི་བྱིས་སྐྱོང་ཁང་ཞིག་ཡིན་པ་རེད།

IMG_2558.JPG

  བྱིས་སྐྱོང་ཁང་གི་འགན་འཛིན་པ་བཀྲ་ཤིས་འཚོའི་གསར་འགོད་པ་དག་ལ་བཤད་རྒྱུར། བྱིས་སྐྱོང་ཁང་འདིར་དགེ་བཟོ་བ་སོ་གསུམ་དང་འཛིན་གྲྭ་བརྒྱད། བྱིས་པ་སུམ་བརྒྱ་ལྷག་ཡོད། བྱིས་སྐྱོང་ཁང་འདིའི་བྱ་འགུལ་ཁང་སོ་སོར་སྔོན་འགྲོ་སློབ་གསོའི་ཆོས་ཉིད་དང་རང་རྫོང་གི་ཁྱད་ཆོས་འབུར་ཐོན་གྱིས་གུས་སྲོལ་སློབ་གསོ་དང་སྐད་གཉིས་སློབ་གསོའི་ཐབས་ལམ་གྱིས་བྱིས་པ་དག་བདེ་ཐང་གིས་འཚར་ལོངས་འབྱུང་དུ་འཇུག་གིན་ཡོད། ལྷག་པར། དགེ་རྒན་དང་བྱིས་པ། ཁྱིམ་བདག་ཟུང་འབྲེལ་གྱི་བྱ་འགུལ་ནི་བྱིས་སྐྱོང་ཁང་འདིའི་དུས་རྒྱུན་གྱི་བྱ་འགུལ་ཞིག་ཡིན་པས་ཁྱིམ་བདག་དང་བྱིས་པ་དག་གིས་དགའ་བསུ་ཚད་མེད་ཐོབ་ཀྱིན་ཡོད་ཟེར།

IMG_2552.JPG

བྱིས་སྐྱོང་ཁང་གི་བར་འཁྱམས་བཀོད་སྒྲིག་གི་ཟུར་ཞིག

IMG_2592.JPG

བྱིས་སྐྱོང་ཁང་གི་བར་འཁྱམས་ཀྱི་ཟུར་ཞིག

IMG_2554.JPG

བྱིས་སྐྱོང་ཁང་གི་སློབ་ཁྲིད་ཀྱི་ཟུར་ཞིག

微信图片_20180711023853.jpg

  ཞིན་ཧའེ་རྫོང་ནི་ཕྱུགས་ལས་གཙོ་བོ་གཉེར་གྱིན་པའི་རྫོང་ཞིག་ཡིན་པས་རྫོང་ཡོངས་སུ་ཕྱུགས་ལས་མཉམ་ལས་ལྔ་བརྒྱ་ལྷག་ཡོད་པ་རེད། མཉམ་ལས་ཁང་འདི་དག་གིས་རང་རང་གི་ཁྱད་ཆོས་ལྟར་ཕྱུགས་ལས་ཐོན་ལས་ཀྱི་ངོས་ནས་ས་ཁུལ་འདིའི་འཕེལ་རྒྱས་དང་འབྱོར་ཕྱུག་གི་ཕྱོགས་སུ་ནུས་པ་མི་དམན་པ་ཐོན་གྱིན་ཡོད་པ་རེད།

微信图片_20180711024018.jpg

  མཐོ་སྒང་ལོ་ལེགས་མཉམ་ལས་ཁང་ནི་ཉིས་སྟོང་བཅོ་ལྔ་ལོར་བཙུགས་པ་དང་། དེར་འབྲོག་ཁྱིམ་བཞི་བཅུ་དང་མི་གྲངས་བརྒྱ་དང་གྱ་གཅིག རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི་བཞི་སྟོང་མེད་བདུན་བརྒྱ་བརྒྱད་བཅུ། འབྲི་མོ་བརྒྱ་དང་སོ་ལྔ། མ་མོ་སྟོང་གཉིས་དང་བརྒྱ་མེད་ཉེར་དགུ་ཡོད་པ་དང་། ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་གཙོ་བོར་འདེབས་འཛུགས་དང་གསོ་སྤེལ། ལས་སྣོན་ཕྱིར་ཚོང་དང་ཞིང་ལས་འཕྲུལ་ཆས། ངལ་རྩོལ་ནུས་ཤུགས་ཕྱིར་འདོན་བཅས་རུ་ཁག་ལྔ་རུ་བཀར་ཏེ་གཉེར་གྱིན་ཡོད་པ་རེད།

微信图片_20180711023952.jpg

  མཐོ་སྒང་ལོ་ལེགས་མཉམ་ལས་ཁང་གི་འགན་འཛིན་པ་ལྕགས་ཐར་འབུམ་གྱིས་ལོ་འདི་གའི་མཉམ་ལས་ཁང་གི་འཕེལ་རྒྱས་སྐོར་ནས་བཤད་སྐབས། ཁོ་ཚོའི་མཉམ་ལས་ཁང་མ་རྐང་ལམ་ལུགས་ཕྱོགས་སུ་བཅོས་བསྒྱུར་དང་འཆར་གཞི་ལྡན་པའི་རེས་སྐོར་ཕྱུགས་འཚོའི་རྣམ་པ། ཐོན་ལས་གཉིས་པ་དང་གསུམ་པའི་འཕེལ་རྒྱས་བྱེད་པའི་བྱ་བའི་བྱེད་ཐབས་ལག་བསྟར་བྱས་ཏེ་མཉམ་ལས་ཁང་གི་མི་དག་ལ་ལོ་འདི་གར་སྒོར་འབུམ་གཉིས་ལྷག་བགོས་བཤའ་བྱས་པ་དང་། ད་ལོར་སྔར་ལས་ཀྱང་མཉམ་ལས་ཁང་རྒྱ་བསྐྱེད་ཀྱིས་མ་དངུལ་སྒོར་ཁྲི་དོན་གསུམ་ལྷག་སྤྱད་དེ་ཚལ་ཁང་ཆེ་བ་བཅུ་ལས་ཀྱིན་ཡོད་པ་དང་ཚད་ལྡན་ཕྱུགས་ཁང་བཅུ་བཙུགས་ཏེ་ནོར་ནག་སྟོང་གི་གསོ་སྤེལ་རྟེན་གཞི་བྱེད་རྒྱུ་ཡིན་པས། མཉམ་ལས་ཁང་གི་རྣམ་པ་འདི་ཡིས་འབྲོག་པའི་ཕྱུགས་རྐྱང་རྐྱང་འཚོ་བའི་སྲོལ་རྒྱུན་གྱི་ཡོང་སྒོ་ལས་བརྒལ་ཏེ་དེང་གི་ཚོང་རའི་གནས་བབ་དང་འགྲོགས་ནས་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་གྱི་ངོས་ནས་ནུས་པ་ཆེན་པོ་ཐོན་གྱིན་ཡོད་པས་ཐབས་ལམ་འདི་ནི་འབྲོག་དམངས་ཕྱུག་འགྱུར་གྱི་ཐབས་ལམ་དགའ་ཞིག་རེད་ཟེར།

微信图片_20180711023927.jpg

མཐོ་སྒང་ལོ་ལེགས་མཉམ་ལས་ཁང་གི་ཞིང་འབྲེག་འཕྲུལ་ཆས། 

微信图片_20180711023942.jpg

微信图片_20180711024002.jpg

མཐོ་སྒང་ལོ་ལེགས་མཉམ་ལས་ཁང་གིས་ཐོན་སྐྱེད་བྱེད་ཀྱིན་པའི་སྐྱེ་ལྡན་གྱི་ལོག་སྣུམ། 

微信图片_20180711024010.jpg

གསར་འགོད་པར་མཉམ་ལས་ཁང་གི་ཚོང་རར་ཕྱིར་འཚོང་བྱེད་ཀྱིན་པའི་བལ་དཀར་གྱི་ཉལ་ཐུལ་ངོ་སྤྲོད་བྱེད་ཀྱིན་པ། 

微信图片_20180711023934.jpg

མཐོ་སྒང་ལོ་ལེགས་མཉམ་ལས་ཁང་གི་ཕྱིའི་ཁོར་ཡུག་གི་ཟུར་ཞིག

微信图片_20180711030346.jpg

   དེ་བཞིན་དཔལ་ཁ་སྐྱེ་དངོས་སྐྱེ་ལྡན་ལུད་རྫས་དཔེ་སྟོན་གནས་གཞི་ཡིས་ཀྱང་ཟོག་ལུད་ཀྱི་རང་བྱུང་ལུད་རྫས་ལས་སྣོན་བྱེད་པའི་ལག་རྩལ་སྔོན་ཐོན་ཅན་ནང་འདྲེན་བྱས་ཏེ་ཁོར་ཡུག་ལྗང་སྒྱུར་ཅན་གྱི་ཞིང་ཕྱུག་ལས་རིགས་ཀྱི་ངོས་ཐད་ནས་ནུས་པ་གལ་ཆེན་འདོན་གྱིན་ཡོད་པ་རེད།

微信图片_20180711030404.jpg

  མཉམ་ལས་ཁང་གི་འགན་འཛིན་པའི་གྲས་ཀྱི་རྟ་འཛིན་རྒྱལ་གྱིས་བཤད་རྒྱུར། ད་ལྟ་རང་ཞང་གི་རྫོང་ཁག་བཞི་ན་ལུད་རྫས་ཐོན་སྐྱེད་ལྟེ་གནས་བཙུགས་ཡོད་པ་དང་། མ་རྐང་དུ་ཞུགས་པའི་དབུལ་ཁྱིམ་སྟོང་གཅིག་ལྔ་བརྒྱ་དང་འབྲོག་དམངས་སྟོང་དྲུག་ལ་ཁེ་ཕན་སྐྲུན་བཞིན་ཡོད་ལ། དུད་ཁྱིམ་རེར་ལོ་རེར་ཡོང་སྒོ་དམངས་སྒོར་ཁྲི་གསུམ་ཡིས་འཕར་སྣོན་བྱས་ཡོད། སྒོས་སུ། ས་གནས་སོ་སོའི་ཚད་ལྡན་གྱི་ལུད་རྫས་ལས་སྣོན་གྱིས་ས་གནས་ཀྱི་ཁོར་ཡུག་ལེགས་བཅོས་དང་ཞིང་ཕྱུགས་འཕེལ་རྒྱས་ཀྱི་ངོས་ནས་ཧུར་བརྩོན་བྱེད་ཀྱིན་ཡོད་ཟེར།

微信图片_20180711030411.jpg

གསར་འགོད་པར་ཟོག་ལུད་ཀྱི་རང་བྱུང་ལུད་རྫས་ལས་སྣོན་བྱེད་ཚུལ་བཤད་ཀྱིན་པ།

微信图片_20180711030426.jpg

ལས་བཟོ་བ་ཁ་ཅིག་གིས་ལས་སྣོན་བྱས་པའི་ལུད་རྫས་དག་རླངས་འཁོར་ནང་འཇོག་གྱིན་པ།

微信图片_20180711030434.jpg

 

 


 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།