ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད།

མཚོ་ལྷོ་ཁུལ་གྱི་ཡོངས་འཛིན་འཚོལ་བཤེར་མ་ལག་དང་གུང་ཧའོ་རྫོང་གི་མི་རིགས་སློབ་གསོའི་སྟོན་གྱི་རེ་སྨོན།

སྤེལ་དུས། 2018-07-11 03:27:52   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་དོན་འགྲུབ།

 རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ལྷ་བརྟན།བཀྲ་ཤིས་དོན་གྲུབ།བསོད་ནམས་དོན་གྲུབ་བཅས་ཀྱིས་བཀོད་པའི་གསར་འགྱུར།

  ལག་རྡང་སྦྲེལ་ཏེ་འབྱོར་འབྲིང་ལམ་དུ་བསྐྱོད། ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད་ཅེས་པའི་མཉམ་འབྲེལ་བཅར་འདྲི་ཚན་ཆུང་སྤྱི་རྩིས་ཀྱི་ཟླ་བདུན་པའི་ཚེས་བདུན་ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧའེ་རྫོང་གི་བཅར་འདྲིའི་ལས་རིམ་མཇུག་རྫོགས་རྗེས་མཚོ་ལྷོ་ཁུལ་ཐོག་ཏུ་བསྐྱོད།དེང་གི་དུས་སྐབས་ནི་བརྡ་འཕྲིན་གྱི་དུས་རབས་དང་། གཞི་གྲངས་ཆེན་མོའི་དུས་སྐབས་གལ་ཆེན་ཞིག་ཡིན་པས། ད་ལྟའི་དུས་སྐབས་དང་འབྱུང་འགྱུར་གྱི་འཕེལ་རྒྱས་ངོས་ནས་རྒྱལ་ཁབ་དང་མི་རིགས་གཞན་གྱི་རྗེས་ཆོད་དགོས་ན་འདི་གཉིས་ཀྱི་ཕྱོགས་སུ་ཤུགས་རྒྱག་དགོས་པ་ནི་བཤད་མི་དགོས་པའི་དེང་གི་མིའི་རིགས་ཀྱི་འཕེལ་ཕྱོགས་ཤིག་ཡིན་པ་རེད། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ཉིས་སྟོང་བཅུ་གསུམ་ལོར་ཡོངས་འཛིན་འཚོལ་གཤེར་གྱི་ལས་གཞིའི་འགོ་བརྩམས་པ་དང་། ཡོངས་འཛིན་འཚོལ་གཤེར་མ་ལག་ནི་བོད་ཡིག་གི་དྲ་ཐོག་ཆ་འཕྲིན་འཚོལ་བཤེར་གྱི་མ་ལག་ཅིག་ཡིན་ལ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་དངོས་སུ་ཤར་གཏོང་བྱས་ཤིང་།མིག་སྔར་གསར་འགྱུ་དང་དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་སྡེ་ཚན་ཆེན་པོ་བརྒྱད་ཀྱིས་གྲུབ་ཡོད་པ་དང་། འཛམ་གླིང་སྒང་གི་བོད་ཡིག་འཚོལ་བཤེར་ཐོག་མ་དང་ཆེས་ཆེ་ཤོས་སུ་ཆགས་ཡོད་པ་རེད།

IMG_2842.JPG

  ཡོངས་འཛིན་འཚོལ་བཤེར་མ་ལག་གི་འགན་འཛིན་པ་ཚེ་ལོ་ལགས་ཀྱིས་བཤད་རྒྱུར། ད་ལྟ་ཡོངས་འཛིན་འཚོལ་བཤེར་མ་ལག་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཞིང་ཆེན་དང་ལྗོངས་སོ་གཅིག་དང་རྒྱལ་ཁབ་དོན་བདུན་ལ་ཁྱབ་ཡོད་པ་དང་། ཉིན་རེའི་རྡེབ་གྲངས་ས་ཡ་གཅིག་ལྷག་ལ་བུད་ཡོད་པས་བོད་ཡིག་གི་དྲ་བའི་འཚོལ་བཤེར་ངོས་ནས་སྟོང་ཆ་ཆེན་པོ་ཅིག་བསྐངས་ཡོད་པ་དང་། ལག་རྩལ་གྱི་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་འཐུས་སྒོ་ཚང་བའི་རིག་ཚན་འཛུགས་སྐྲུན་དང་གཞི་རྒྱ་ཆེ་བའི་བོད་ཡིག་འཚོལ་བཤེར་གྱི་ཕྱོགས་སུ་འབད་འབུངས་བྱེད་རྒྱུ་ནི་ཁོ་ཚོའི་མ་འོངས་པའི་དམིགས་འབེན་ཡིན།སྒོས་སུ། ས་གནས་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་སྟེ་འཛུགས་སྐྲུན་བྱེད་ཀྱིན་པའི་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གསོ་སྐྱོང་ལྟེ་གནས་ཀྱི་གཞི་གྲངས་ཆེན་མོའི་ལས་གཞིས་བོད་ཁམས་སུ་གཞི་གྲངས་ཆེན་མོའི་ལྟེ་གནས་མེད་པའི་སྟོང་ཆ་ཡང་བསྐངས་རྒྱུ་ཡིན་པས་བོད་པ་རེ་རེའི་ཡོངས་འཛིན་གྱི་འཚོལ་བཤེར་མ་ལག་གི་གཞི་གྲངས་ངོས་སུ་རྒྱབ་སྐྱོར་བྱེད་རྒྱུ་ནི་ད་ལྟའི་མི་སྣ་དྲུག་བཅུ་ལྷག་གིས་གྲུབ་པའི་ལས་བྱེད་མི་སྣ་ཡོངས་ཀྱི་མ་བཅོས་སེམས་ཀྱི་འབོད་སྐུལ་ཡིན་ལ།ཡོངས་འཛིན་འཚོལ་བཤེར་མ་ལག་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཅུ་བཞི་རིང་གི་མཚོ་ལྷོའི་ཆབ་དཔལ་རིག་གསུམ་འཕེལ་རྒྱས་ཀྱི་རྟགས་མཚན་གལ་ཆེན་ཞིག་ཀྱང་ཡིན་ཟེར།

IMG_2834.JPG

གསར་འགོད་པ་དག་གིས་ཡོངས་འཛིན་འཚོལ་བཤེར་མ་ལག་གི་བརྡ་ཁྱབ་ལ་བལྟས་ཏེ་རྒྱུས་ལོན་བྱེད་ཀྱིན་པ།

IMG_2844.JPG

གསར་འགོད་པ་དག་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གསོ་སྐྱོང་རྟེན་གཞིའི་འཛུགས་སྐྲུན་ཡུལ་དངོས་སུ་ཆས་པ། 

IMG_2846.JPG

ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་གྱི་ཡུལ་དངོས། 

IMG_2847.JPG

ཡོངས་འཛིན་འཚོལ་བཤེར་མ་ལག་གི་འགན་འཛིན་པ་ཚེ་ལོ་ལགས་ཀྱིས་གསར་འགོད་པ་དག་ལ་འཛུགས་སྐྲུན་བྱེད་ཀྱིན་པའི་ལས་གཞི་འདི་ངོ་སྤྲོད་བྱེད་ཀྱིན་པ།

IMG_2845.JPG

ཉིས་སྟོང་བཅུ་དགུ་ལོར་འགྲུབ་འཆར་གྱི་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གསོ་སྐྱོང་ལྟེ་གནས་ཀྱི་འཛུགས་སྐྲུན་སྒོ་འགྲམ་གྱི་པར་རིས། 

IMG_2805.JPG

  གུང་ཧའོ་རྫོང་ནི་མཚོ་ལྷོ་ཁུལ་ལ་རྫོང་ལྔ་ཡོད་པའི་ནང་གི་གཅིག་ཡིན་ལ། མཚོ་ལྷོ་ཁུལ་ཐོག་ཏུ་ཆགས་ཡོད་པའི་སྲིད་འཛིན་གྱི་རྫོང་ཞིག་ཡིན་པ་རེད། རྫོང་འདིའི་མི་རིགས་སློབ་གསོའི་ངོས་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་བཅུའི་རིང་སློབ་རྭའི་ཕྱི་ཁོར་ཡུག་ནས་ནང་སློབ་ཁྲིད་སྒྲིག་གཞི་གང་ཅིའི་ཐད་ནས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་པའི་ས་ཁུལ་ཞིག་ཡིན་པའི་ཆ་ནས་གསར་འགོད་པ་དག་གིས་གུང་ཧའོ་རྫོང་སློབ་གསོ་ཅུའུ་ཡིས་ཅུའུ་ཀྲང་གཞོན་པ་གཅོད་པ་དོན་གྲུབ་ལ་རྫོང་འདིའི་མི་རིགས་སློབ་གསོའི་སྐོར་ནས་འདྲི་སྐབས། ཁོའི་ཕྱོགས་ཆེན་པོ་དྲུག་དང་བྱེ་བྲག་གི་དོན་ཚན་བཅུ་གཅིག་གི་ངོས་ནས་སློབ་གྲྭ་ཆུང་འབྲིང་བདུན་བཅུ་ལྷག་གིས་གྲུབ་པའི་རྫོང་འདིའི་མི་རིགས་སློབ་གསོའི་འགྱུར་ལྡོག་དང་འཕོ་འགྱུར་སྐོར་ནས་བཤད།

IMG_2764.JPG

  ཆིག་སྟོང་དགུ་བརྒྱ་དོན་དགུ་ལོར་བཙུགས་པའི་གུང་ཧའོ་རྫོང་མི་རིགས་སློབ་འབྲིང་གི་འདས་མ་ད་གསུམ་གྱི་འགྱུར་ལྡོག་དང་འཕེལ་རྒྱས་ངོས་ནས་ སློབ་གཙོ་གཞོན་པ་ཚེ་གཟུངས་ལགས་ཀྱིས་གསར་འགོད་པར་སློབ་གྲྭ་འདི་ངོ་སྤྲོད་དང་།སློབ་ཁྲིད་ཀྱི་སྒྲིག་གཞི་སོགས་ཞིབ་བསྡུར་བྱས་ཏེ། ལོ་ངོ་བཞི་བཅུའི་རིང་གི་ས་ཁུལ་འདིའི་མི་རིགས་སློབ་གསོའི་འགྱུར་ལྡོག་ཧ་ཅང་གསོན་ཉམས་དོད་པོའི་ངོ་སྤྲོད་བྱས་ཏེ་མཚོ་ལྷོ་ཁུལ་གྱི་བཅར་འདྲི་ལེགས་པར་གྲུབ་པར་བྱས་པ་དང་།མདོ་དབུས་ཁམས་གསུམ་གྱི་མི་སྣ་བཅུ་གཅིག་གིས་གྲུབ་པའི་གསར་འགོད་ཚན་ཆུང་འདིར་མུ་མཐུད་དུ་མཚོ་སྔོན་ནང་ཁུལ་གྱི་འཕོ་འགྱུར་དང་འགྱུར་ལྡོག་གླེང་བར་སྤོབས་པ་དང་ཡིད་ཆེས་བསྩལ།

IMG_2786.JPG

གསར་འགོད་པས་གུང་ཧའོ་རྫོང་མི་རིགས་སློབ་འབྲིང་གི་སློབ་མར་བཅར་འདྲི་བྱེད་ཀྱིན་པ།

IMG_2791.JPG

གུང་ཧའོ་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲྭའི་ཁོར་ཡུག་གི་ཟུར་ཞིག

IMG_2795.JPG

གུང་ཧའོ་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲྭའི་ཁོར་ཡུག་གི་ཟུར་ཞིག

 


 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།