ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ > ཕ་ཡུལ་གསར་བ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བའི་རྣམ་པར་ལེགས་བཅོས་ཆེན་པོ་བྱུང་།

སྤེལ་དུས། 2018-05-08 09:24:25   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་མོ་ཚེ་རིང་།

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དངོས་སུ་ཁྱབ་བསྒྲགས་བྱས་པའི་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་སྐབས་གཉིས་པའི་འཛུགས་སྐྲུན་འཆར་འགོད་ལག་བསྟར་གྱི་དུས་སྐབས་བར་མའི་དཔྱད་འཇོག་མཇུག་འབྲས་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བའི་རྣམ་པར་ཐོག་མའི་ཚོད་འཛིན་བྱས་ཡོད་པ་དང་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་སྒྲིག་གཞིའི་ནང་རྐྱེན་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པར་མ་ཟད། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱུང་སྟེ་སྐྱེ་ཁམས་བདེ་འཇགས་སྔར་ལས་སྲ་བརྟན་དུ་གྱུར་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་སྙིང་དུ་ཡོད་པ་དང་། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བ་ཡོད།

ཉིས་སྟོང་ལྔ་ལོར། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་ཀྱི་སྤྱིའི་འཆར་འགོད་དང་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་སྐབས་གཉིས་པའི་འཛུགས་སྐྲུན་འཆར་འགོད་གཉིས་སྔ་རྗེས་སུ་ལག་བསྟར་བྱས་པའི་ཚུན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་གི་ཁེབས་ཚད་བརྒྱ་ཆའི་གཉིས་ལྷག་གིས་ཇེ་ཆེར་སོང་ཡོད་པ་དང་ཉམས་ཞན་དུ་འགྱུར་བཞིན་པའི་རྩྭ་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་གཉིས་དང་སུམ་བརྒྱ་ལྷག་གིས་ཇེ་ཆུང་དུ་སོང་ཡོད་ལ། ཨ་བྲས་གནོད་པ་ཐེབས་ཚད་ཚད་མཐོན་པོའི་སྒོ་ནས་ཇེ་ཉུང་དུ་སོང་ཡོད། ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་ནས་བརྒྱ་ཆའི་བདུན་དང་གྲངས་ཆུང་བཞི་གསུམ་དུ་མཐོར་འདེགས་བྱུང་ཡོད་པ་དང་། བྱེ་འགྱུར་ས་ཞིང་བཅོས་སྐྱོང་བྱས་ཚད་བརྒྱ་ཆའི་ཞེ་བདུན་གྱིས་ཇེ་མཐོར་སོང་ཡོད།

ར་སྐོར་བ་དང་འགོག་གསོ་ཉེན་བརྡའི་བྱང་བུ་བཙུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མིས་བཟོས་འགལ་རྐྱེན་ཇེ་ཉུང་དུ་བཏང་བ་དང་། བརླན་སའི་རྒྱ་ཁྱོན་མངོན་གསལ་གྱིས་ཇེ་ཆེར་སོང་བར་མ་ཟད། བརླན་སའི་སྐྱེ་ཁམས་མ་ལག་ཐད་ནུས་ཡོད་སྲུང་སྐྱོབ་ཐོབ་ལ། བརླན་སའི་ནུས་པ་རིམ་བཞིན་ཇེ་དྲག་ཏུ་གྱུར།

སྐྱེ་ཁམས་ཕྱུགས་ལས་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཞང་སྡེའི་ནུས་ཁུངས་འཛུགས་སྐྲུན། ལག་རྩལ་གསོ་སྦྱོང་། ཕྱུགས་སྐྱུར་རྩྭ་འདེབས། རྩྭ་ཐང་དང་ནགས་ཚལ་ལ་གནོད་པ་ཡོད་པའི་སྐྱེ་དངོས་འགོག་བཅོས། ས་ཆུ་སྲུང་འཛིན་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་དེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བཟང་བའི་རྣམ་པ་དེ་རིམ་བཞིན་འཕེལ་རྒྱས་ཀྱི་རྣམ་པར་བསྒྱུར་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཡུལ་སྐོར་ཡོང་འབབ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དགུ་བྱེ་བ་བཞི་ས་ཡ་བརྒྱད་ལ་སླེབས། རིགས་སོ་སོའི་ཞིང་ཕན་སྲིད་ཇུས་དང་རིགས་སོ་སོའི་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་བརྒྱུད། རྩྭ་ཐང་གི་སྐྱེ་ཁམས་སྤྱི་ཕན་དོ་སྲུང་ལས་གནས་བཀོད་སྒྲིག་བྱས་པ་དང་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལམ་བུ་རྒྱ་བསྐྱེད་དེ་ས་གནས་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་བདུན་དང་སུམ་བརྒྱས་ཇེ་མང་དུ་སོང་བ་དང་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།