ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ > ཕ་ཡུལ་གསར་བ།

དར་ལག་རྫོང་གིས་འོས་འགན་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་སུ་བཏང་།

སྤེལ་དུས། 2018-05-18 09:18:24   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

 ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་འོས་འགན་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བ་དེ་དམངས་ཚིས་ལེགས་བཅོས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཆེད་དོན་ཚོགས་འདུ་ཐེངས་མང་བསྡུས་ཏེ་སློབ་གསོའི་དོན་དག་ལ་ཞིབ་འཇུག་བྱས་པར་མ་ཟད། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐོན་ཁུངས་ལེགས་སྒྱུར་བྱེད་པ། སློབ་གསོའི་དབུལ་སྐྱོར་ལ་དམ་དུ་དམིགས་པ་སོགས་བྱེད་ཐབས་མང་པོ་བརྒྱུད་ནས། འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་དོ་མཉམ་སྒོས་གོང་འཕེལ་དུ་བཏང་སྟེ། འབྲོག་པའི་བྱིས་པ་ཡོངས་ལ་འདྲ་མཉམ་གྱི་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་བྱེད་དུ་བཅུག

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ་དར་ལག་རྫོང་གིས«རྫོང་ཁོངས་འོས་འགན་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་ཇུས་གཞི»དང་། «འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཀྱི་འགན་ཁུར་རྩད་གཅོད་བྱེད་ཐབས་དང་བྱ་དགའ་ཆད་གཅོད་བྱེད་ཐབས» «འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཀྱི་འགན་ཁུར་འདྲི་རྩད»སོགས་གཏན་འབེབས་བྱས་ཏེ། འོས་འགན་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བ་དེ་སྲིད་གཞུང་གི་སློབ་གསོ་བྱ་བའི་ལོ་རེའི་དཔྱད་ཞིབ་ནང་དོན་དུ་བཞག་པ་དང་། སློབ་གསོའི་དམིགས་འབེན་འགན་འཁྲི་ཡི་གེ་རིམ་པ་བཞིན་དུ་བཀོད་པར་མ་ཟད། སློབ་གསོའི་དངུལ་གཏོང་གི་རྒྱ་བསྐྱེད་དེ། དུས་བཅད་ལྟ་བཤེར་དང་རྗེས་སྙེག་དཔྱད་ཞིབ་སོགས་ཀྱི་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཙུགས་པ་དང་། སྲིད་གཞུང་གི་འོས་འགན་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་འགན་ཁུར་གཙོ་བོ་ཇེ་དྲག་ཏུ་བཏང་ནས། སློབ་གསོའི་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།

དེ་དང་མཉམ་དུ། དར་ལག་རྫོང་གིས་སློབ་སྒྲུབ་ཆ་རྐྱེན་དང་དགེ་རྒན་དཔུང་སྡེ། སློབ་གྲྭའི་དོ་དམ། སློབ་མའི་རྩ་འཛུགས། སློབ་སྒྲུབ་སྤུས་ཚད་སོགས་ཕྱོགས་སུ་རྒྱུན་ཆད་མེད་པར་ཤུགས་བསྣན་པ་དང་། མེད་པར་གཏོང་བ་གཉིས་དང་ཁ་གསབ་གཅིག་གི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འཚོ་བཅུད་ལེགས་བཅོས་འཆར་གཞི་ཡོངས་སུ་ཁེངས་པར་བྱས་པ་དང་། ཆ་འཕྲིན་ཅན་འཛུགས་སྐྲུན་ལ་བརྟེན་ནས་སློབ་གསོའི་ཐོན་ཁུངས་ཕལ་ཆེར་དོ་མཉམ་དུ་གཏོང་བའི་བྱ་བ་མྱུར་དུ་སྒྲུབ་ལ། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ཕན་ཚུན་མཉམ་འབྲེལ་གྱི་དབང་པོ་སྐྱོན་ཅན་བྱིས་པ་སློབ་གྲྭར་ཞུགས་པའི་འགན་སྲུང་རྐྱེན་སྲོལ་ཧུར་ཐག་གིས་བཙུགས་པར་མ་ཟད། རྫོང་སློབ་གསོ་སྡེ་ཁག་གིས་སློབ་གྲྭའི་ནོར་དོན་སློབ་གསོ་ཅུའུ་ཡིས་དོ་དམ་བྱེད་པའི་རྐྱེན་སྲོལ་ཟབ་སྤེལ་བྱས་པ་དང་། ལོ་བཅོ་ལྔའི་འོས་འགན་སློབ་གསོར་རིན་མི་ལེན་པའི་བྱ་བ་ཡོངས་སུ་ཁེངས་པར་བྱས་ཏེ། དབུལ་ཕོངས་ཀྱི་དབང་གིས་སློབ་གྲྭ་ཕྱིར་འབུད་པ་དང་། སློབ་གྲྭ་བཏོན་པར་བརྟེན་ནས་དབུལ་བོར་འགྱུར་བའི་སྣང་ཚུལ་གཏན་འགོག་བྱས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།