ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ > ཕ་ཡུལ་གསར་བ།

མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་བཞི་བཅུ་ལ་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཁྱིམ་ཚང་དང་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ལྔ་བཟང་ཁྱིམ་ཚང་གི་མཚན་སྙན་ཐོབ།

སྤེལ་དུས། 2018-05-18 10:23:24   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་མོ་ཚེ་རིང་།

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཁྱིམ་ཚང་ཁྱབ་བསྒྲགས་བྱེད་པའི་བྱ་འགུལ་དང་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ལྔ་བཟང་ཁྱིམ་ཚང་གི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་ཉི་ཤུ་ལ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ལྔ་བཟང་ཁྱིམ་ཚང་གི་མཚན་སྙན་ཐོབ་པ་དང་། ཁྱིམ་ཚང་ཉི་ཤུ་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཁྱིམ་ཚང་གི་མིང་ཐོའི་ཁྲོད་ཚུད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་བུད་མེད་དང་ཁྱིམ་ཚང་གི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། མང་ཚོགས་ཉེ་འགྲམ་གྱི་ཁྱིམ་སྲོལ་བཟང་བོ་དྲིལ་སྒྲོག་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་ས་ཡ་ལྷག་ཏུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་པ། རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་གི་སྣེ་ཁྲིད་དེ་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བཅས་བྱེད་ཆེད། རིམ་པ་རེ་རེ་བཞིན་འདེམ་བསྐོ་བྱེད་པ་དང་ཆེད་མཁས་པས་དཔྱད་ཞིབ་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་ཁྱིམ་ཚང་ཉི་ཤུ་དང་ལྔ་བཟང་ཁྱིམ་ཚང་ཉི་ཤུ་འོས་སྦྱོར་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་ཁྱིམ་ཚང་གི་འཐུས་ཚབ་པ་ལིག་ཅ་རོང་དང་ལྔ་བཟང་ཁྱིམ་ཚང་གི་འཐུས་ཚབ་པ་ཐེན་ཁི་སི་ཏ་ལ་གཉིས་པེ་ཅིན་དུ་སོང་ནས་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཁྱིམ་ཚང་ཁྱབ་བསྒྲགས་བྱེད་པའི་བྱ་འགུལ་དང་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ལྔ་བཟང་ཁྱིམ་ཚང་གི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས། ཐེངས་འདིར་གཟེངས་བསྟོད་ཐོབ་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ལྔ་བཟང་ཁྱིམ་ཚང་དང་ཆེས་མཛེས་པའི་ཁྱིམ་ཚང་དག་གིས་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱིམ་ཚང་གི་རྣམ་པ་བཟང་བོ་གང་ལེགས་སྒོས་མངོན་པར་བྱས་ཡོད་པས་མཚོ་སྔོན་གྱི་རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་དག་གིས་སློབ་སྦྱོང་བྱེད་སའི་མིག་དཔེར་གྱུར་ཡོད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།