ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ > དམིགས་འདུན་གསར་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་སྡེ་བ་རིམ་པའི་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་དབུལ་སྐྱོར་འཛུགས་སྐྲུན་ལས་གཞི་དངོས་སུ་སྒྲུབ་འགོ་ཚུགས།

སྤེལ་དུས། 2018-05-23 09:22:34   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

 ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི། སྡེ་བ་རིམ་པའི་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་དབུལ་སྐྱོར་འཛུགས་སྐྲུན་ལས་གཞི་དེ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ནས་དངོས་སུ་སྒྲུབ་འགོ་བརྩམས་ཤིང་། དེས་ཞིང་ཆེན་ཡོངས་ཀྱི་དུས་རིམ་མི་འདྲ་བ་དགུའི་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་མངོན་པར་མཚོན།

ཉི་འོད་ནུས་པའི་དབུལ་སྐྱོར་ལས་གཞི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་ཕོངས་མང་ཚོགས་ལ་ཆེད་དུ་ཕུལ་བའི་སྲིད་ཇུས་ཀྱི་རོགས་སྐྱོར་ཆེན་པོ་ཞིག་ཡིན་པ་དང་། མིག་སྔའི་དབུལ་ཐར་དང་བསྟུད་མུར་ཡོང་སྒོ་འཕར་སྣོན་ཡོང་བར་གཅིག་གྱུར་བཀོད་སྒྲིག་གནང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན་པར་མ་ཟད། དབུལ་ཕོངས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ངལ་རྩོལ་ནུས་པ་མེད་པའི་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་པའི་ཐབས་ལམ་ཡག་པོ་ཞིག་ཀྱང་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཉི་འོད་ནུས་པའི་དབུལ་སྐྱོར་གློག་འདོན་ས་ཚིགས་དོ་དམ་བླང་བྱ་ལྟར་དུ། བུ་ལོན་བླངས་ནས་ཉི་འོད་ནུས་པའི་དབུལ་སྐྱོར་འཛུགས་སྐྲུན་སྤེལ་མི་རུང་བ་དང་། ཁེ་ལས་ཀྱིས་མ་དངུལ་བཏང་ནས་ཉི་འོད་ནུས་པའི་དབུལ་སྐྱོར་འཛུགས་སྐྲུན་སྤེལ་མི་ཆོག སྡེ་བ་རིམ་པའི་ཉི་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན་ཐད་ནོར་སྲིད་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གསུམ་བཏང་བ་དེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་གཞི་འཛུགས་སྐྲུན་དེར་རྒྱབ་སྐྱོར་དང་མཐོང་ཆེན་བླ་མེད་བྱེད་ཀྱིན་པ་མངོན་པར་མཚོན་པ་མ་ཟད། དབུལ་ཕོངས་མང་ཚོགས་དབུལ་ཐར་བརྟན་པོ་ཡོང་བར་བསམ་བློ་རྒྱང་རིང་བོ་གཏོང་གིན་པ་མཚོན་ཐུབ། དེ་མིན་ད་དུང་གནད་ཕིགས་དབུལ་སྐྱོར་གྱི་རྨང་གཞིའི་བྱེད་ཐབས་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བ་མགྱོགས་མྱུར་ངང་སྤེལ་བའི་ཇུས་ཆོད་གལ་ཆེན་ཞིག་ཀྱང་ཡིན། དེ་མིན་ད་དུང་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་སྐྱོང་བའི་འཐབ་ཇུས་ཤིག་ཀྱང་ཡིན་ལ། སྒྱུར་བ་བཞི་སྤེལ་བའི་དངོས་ཡོད་དགོས་མཁོ་ཡང་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་སྡེ་བ་རིམ་པའི་ཉི་ནུས་དབུལ་སྐྱོར་ལས་གཞིས་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར། ཆུའུ་བཅས་སོ་དགུའི་དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ལ་ཁེབས་པར་བྱས་ཡོད་ཅིང་། དེ་ནི་དབུལ་སྐྱོར་ཁྱབ་ཁོངས་ལ་མཚོན་ན་ད་ལྟའི་བར་དུ་དངུལ་གཏོང་གཞི་ཁྱོན་ཆེས་ཆེ་ལ་འཛུགས་སྐྲུན་གཅིག་བསྡུས་ཡིན་པ། སྲིད་ཇུས་ཕན་འབྲས་མངོན་གསལ་དོད་པ། ཕན་འབྲས་ཀྱི་དུས་ཡུན་ཤིན་ཏུ་རིང་བ་བཅས་ཀྱི་ཐོན་ལས་དབུལ་སྐྱོར་ཆེན་པོ་ཞིག་ཡིན།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།