ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ > དམིགས་འདུན་གསར་བ།

མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་བརྒྱད་བཏང་ནས་སློབ་གསོའི་དབུལ་ཐར་ལ་སྐུལ་འདེད་བཏང་།

སྤེལ་དུས། 2018-06-08 10:17:59   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་གསེར་མཚོ།

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་སྡེ་ཁག་གིས་སྔ་གཞུག་ཏུ་སློབ་གསོའི་བྱ་བར་རྒྱབ་སྐྱོར་བྱེད་པར་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གོ་གནས་སུ་བཞག་སྟེ། ནུས་ཤུགས་ཡོད་རྒུས་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བྱས་ཤིང་། སློབ་གསོའི་ཁྱོན་ཡོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་མི་འདང་སར་ཁ་གསབ་བྱས། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་བརྒྱད་བཏང་སྟེ་མི་འདང་སར་ཁ་གསབ་བྱས་པར་མ་ཟད། གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ལ་སླེབས་པར་བྱས་ནས་སློབ་ཁྲིད་སྒྲིག་ཆས་དང་ཆ་འཕྲིན་ཅན་གྱི་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་སྒྲུབ་ཆ་རྐྱེན་གྱི་ཚད་གཞིར་སླེབས་པར་བྱས།
མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མུ་མཐུད་དུ་སྤྱིར་བཏང་མཐོ་འབྲིང་གི་སློབ་སྒྲུབ་ཆ་རྐྱེན་འཐུས་ཚང་དུ་བཏང་བ་དང་། སྤྱིར་བཏང་སློབ་འབྲིང་གི་སློབ་གྲྭའི་མལ་ཁང་གི་རྒྱ་ཁྱོན་ཆུང་བ་དང་སྒྲིག་ཆས་ཀྱིས་མི་འདང་བ་སོགས་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱས་ཤིང་། དཔེ་མཛོད་ཁང་དང་ཚོད་ལྟ་ཁང་། ལུས་རྩལ་ར་བ་འཛུགས་སྐྲུན། སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་སློབ་སྒྲུབ་ཁྱད་ཆོས་ལྡན་པ་དང་སྒྲིག་གཞི་ལེགས་སྒྱུར། མཐུན་སྦྱོར་འཕེལ་རྒྱས་ཀྱི་སྤྱིར་བཏང་མཐོ་འབྲིང་སློབ་གསོའི་རྣམ་པ་གསར་བ་གྲུབ་པར་བྱས། དེ་ལས་གཞན། མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ཡུས་ཧྲུའུ་དང་མགོ་ལོག་སོགས་ཁུལ་དྲུག་གི་སློབ་གསོ་ལས་གཞིའི་གནོན་ཤུགས་ཇེ་ཆུང་དུ་བཏང་བར་མ་ཟད། ཁུལ་དྲུག་དང་ཁོངས་གཏོགས་རྫོང་སོ་སོའི་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་ལས་གཞིའི་ས་གནས་ཀྱི་ཆ་ཚང་མ་དངུལ་མེད་པར་བཏང་སྟེ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་ཚང་མ་བཀོད་སྒྲིག་བྱས་ཏེ་ཐག་གཅོད་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།