ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ > དམིགས་འདུན་གསར་བ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་ཐུམ་འབུའི་ནད་འགོག་བཅོས་བྱ་བ་ཤུགས་ཆེན་པོས་སྤེལ།

སྤེལ་དུས། 2018-06-20 09:21:37   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་མོ་ཚེ་རིང་།

ད་ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་བདེ་སྐྱིད་ཀྱི་པདྨ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་ཐུམ་འབུའི་ནད་འགོག་བཅོས་བྱ་བ་རྫོང་ཡོངས་ཀྱི་དོན་ཆེན་ཞིག་ཏུ་བརྩིས་པ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་དྲིལ་སྒྲོག་ཐབས་ལམ་རྒྱ་བསྐྱེད་པ། ལག་རྩལ་སྟོབས་ཤུགས་གཅིག་བསྡུས་བྱེད་པ་བཅས་ཀྱི་བྱེད་ཐབས་བརྒྱུད་ཐུམ་འབུམ་ནད་འགོག་བཅོས་བྱ་བ་གཟབ་ནན་གྱིས་སྤེལ་ཏེ་རྫོང་ཡོངས་ཀྱི་ཐུམ་འབུའི་ནད་མཆེད་ཚད་ལ་ནུས་ཡོད་སྒོས་ཚོད་འཛིན་བྱས།

པདྨ་རྫོང་གིས་པདྨ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་ལོ་བཞིའི་མཁྲེགས་གཏོར་ལག་བསྟར་ཇུས་གཞི་སོགས་ཡིག་ཆ་གཏན་ཁེལ་བྱས་ཏེ་འགྲེམ་སྤེལ་བྱས་པ་དང་། རྫོང་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བར་ཁྱོན་ཡོངས་ནས་སྐུལ་སློང་བཀོད་སྒྲིག་བྱས་པར་མ་ཟད། ཞང་དང་གྲོང་རྡལ། འབྲེལ་ཡོད་སྡེ་ཁག་སོ་སོའི་བར་རིམ་པ་རེ་རེ་བཞིན་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་དེ་ཐུམ་འབུའི་ནད་སོགས་ནད་རིགས་ཚབས་ཆེན་གྱི་ཕྱོགས་བསྡུས་འགོག་བཅོས་བྱ་བ་དུས་ལྟར་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས། དེ་དང་མཉམ་དུ། པདྨ་རྫོང་གིས་ཕྱོགས་མང་པོ་ནས་མི་ཤུགས་དང་ལག་རྩལ་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐུལ་སློང་བྱས་ཏེ་ཐུམ་འབུའི་ནད་ཞིབ་བཤེར་རུ་ཁག་གཉིས་རྩ་འཛུགས་བྱས་ནས་ཁྱོན་ཡོངས་དང་ཕྱོགས་མང་པོ་ནས་ཐུམ་འབུའི་ནད་ཀྱི་ཞིབ་བཤེར་བྱ་བ་སྤེལ་བར་མ་ཟད། ཞིང་ཆེན་ཕྱི་ནང་གི་རོགས་སྐྱོར་མ་དངུལ་དང་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་རིན་མེད་པར་ཐུམ་འབུའི་ནད་ཀྱི་སྨན་བཅོས་བྱ་བ་ཁྱོན་ཡོངས་ནས་སྤེལ།

དེ་ལས་གཞན། པདྨ་རྫོང་གིས་སྔ་གཞུག་ཏུ་སྡེ་ཁག་མང་པོ་མཉམ་འགུལ་གྱིས་དྲིལ་སྒྲོག་ཆེས་ཆེར་བྱེད་པ་དང་། བདེ་ཐང་སློབ་གསོ་ཤེས་བྱའི་ཀློག་དེབ་རྩོམ་སྒྲིག་འགྲེམ་སྤེལ་དང་ཁྱིམ་ཚང་དུ་སོང་ནས་དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པར་མ་ཟད། སྒྲོག་འགྲེལ་གཉིས་དང་སྐུལ་འདེད་གསུམ་སོགས་བྱ་འགུལ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ་དང་རྒྱལ་ཁབ་ཀྱི་རིན་མེད་པར་ཐུམ་འབུའི་ནད་སྨན་བཅོས་བྱེད་པའི་དམངས་ཕན་སྲིད་ཇུས་ཆེས་ཆེར་དྲིལ་སྒྲོག་བྱས་པ་དང་། ཧུར་ཐག་གིས་ཐུམ་འབུའི་ནད་མཉམ་འབྲེལ་འགོག་བཅོས་བྱ་བའི་ནང་རྐྱེན་བཙུགས། དེ་མིན། པདྨ་རྫོང་གིས་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ་དེ་སློབ་གྲྭ་ཆུང་འབྲིང་གི་བདེ་ཐང་སློབ་གསོའི་སློབ་ཁྲིད་འཆར་གཞིའི་ཁྲོད་བཞག་སྟེ་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱའི་བོད་རྒྱ་སྐད་གཉིས་ཀྱི་བསླབ་དེབ་རྩོམ་སྒྲིག་བྱས་ནས་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ་གཙོ་བྱས་པའི་བརྗོད་དོན་སློབ་གསོ་སྤེལ་བ་དང་རྫོང་ཡོངས་མཉམ་དུ་ཐུམ་འབུའི་ནད་འགོག་བཅོས་ཁྲོད་ཞུགས་པའི་རྣམ་པ་བཟང་བོ་ཆགས་པར་བྱས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།