ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ > དུས་རབས་གསར་བ།

མཚོ་ལྷོ་ཁུལ་གྱིས་དུས་རབས་གསར་པ་གླུ་ཡིས་བསྟོད།ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན་ཞེས་པའི་ལས་བྱེད་རྒན་པའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ།

སྤེལ་དུས། 2018-07-03 09:33:45   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་མོ་ཚེ་རིང་།

ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་གོ་བདུན་འགོར་བར་རྟེན་འབྲེལ་ཞུ་བ་དང་རྒྱ་ཆེའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་རྣམས་ཀྱི་དུས་རབས་གསར་པའི་རྣམ་པ་གསར་བ་མངོན་པར་བྱེད་པ། རིགས་སོ་སོའི་ན་གཞོན་རྣམས་ཀྱིས་ཧུར་བརྩོན་ཡར་སྐྱེད་བྱེད་པར་སྐུལ་སློང་བྱེད་ཆེད། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཞུང་སྒྲུབ་ཁང་དང་ཁུལ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཨུ་ཡོན་ལྷན་ཁང་། ཁུལ་ལས་བྱེད་པ་རྒན་པའི་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་དུས་རབས་གསར་པ་གླུ་ཡིས་བསྟོད། ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་ཅེས་པའི་ལས་བྱེད་རྒན་པའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་སྤེལ།

ཐེངས་འདིའི་བྱ་འགུལ་ཁྲོད། ཁུལ་ལས་བྱེད་པ་རྒན་པའི་སློབ་ཆེན་གྱི་མཐུན་ཚོགས་སོ་སོ་དང་ཁྲི་ཀ་རྫོང་ལས་བྱེད་པ་རྒན་པའི་རིག་རྩལ་ཚོགས་ཁག་གིས་དུས་རབས་གསར་པ་གླུ་ཡིས་བསྟོད། ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་མི་རིགས་སྒྱུ་རྩལ་བརྩམས་ཆོས་རྩོམ་སྒྲིག་བྱས་ཏེ་ལས་བྱེད་པ་རྒན་པ་དང་ན་གཞོན་ལོ་ཆུང་དག་གིས་མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པར་བསྟོད་གླུ་ལེན་པའི་བསམ་བློ་མཚོན་པར་བྱས་པར་མ་ཟད། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་པའི་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཏེ་ལོ་འཁོར་གོ་བདུན་འགོར་བར་ལེགས་སྐྱེས་སུ་ཕུལ།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།