ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ > དུས་རབས་གསར་བ།

ཡུས་ཧྲུའུ་ཁུལ་གྱིས་རི་སྐྱེས་རི་དྭགས་ཀྱི་ཁ་གསབ་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བདུན་བྱིན།

སྤེལ་དུས། 2018-07-05 10:12:09   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་བྱ་བ་སྤེལ་འགོ་བརྩམས་པའི་ཚུན་ནས། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག འཛུགས་སྐྲུན་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པ་དང་། དེའི་ནང་། རི་སྐྱེས་སྲོག་ཆགས་དང་མི་དང་གཅན་གཟན་བར་གྱི་འགལ་རྐྱེན་ཁ་གསབ་རྐྱེན་སྲོལ་ཚོད་ལྟའི་བྱ་བ་ཁྱོན་ཡོངས་ནས་སྤེལ་བའི་ཁྲོད། ན་ནིང་བསྡོམས་པས་རི་སྐྱེས་སྲོག་ཆགས་ཀྱི་ཁ་གསབ་གྱོད་གཞི་ལྔ་བརྒྱ་དང་ཞེ་ལྔ་བྱུང་ཟིན་པ་དང་། ཁ་གསབ་མ་དངུལ་སྒོར་ས་ཡ་གསུམ་འབུམ་བདུན་བྱིན།

རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་དོ་སྲུང་བ་སྟོང་བརྒྱད་དང་སུམ་བརྒྱ་གྱ་གཅིག་ལ་ལས་སྒོ་གསོ་སྦྱོང་སྤེལ་ནས། རྒྱ་ཆེའི་དོ་སྲུང་བའི་ལས་སྒོ་ནུས་པ་མངོན་གསལ་སྒོས་ཇེ་མཐོར་བཏང་བ་དང་། ལོ་འགོར། དོ་དམ་ཨུ་ཡོན་ལྷན་ཁང་དང་དོ་དམ་ཁང་། སྲུང་སྐྱོབ་ས་ཚོགས་སོ་སོར་སྐོར་སྲུང་རླངས་འཁོར་བཅོ་བརྒྱད་དང་སྐོར་སྲུང་འཕྲུལ་རྟ་བཞི་བརྒྱ་དང་རེ་གཅིག་བཀོད་སྒྲིག་བྱས་ཏེ། དོ་དམ་སྲུང་སྐྱོབ་མ་ལག་ཆ་ཚང་བཙུགས། སྔ་གཞུག་ཏུ་ཆུ་དྭངས་འགུལ་སྐྱོད་དང་ལྗང་ཕུབ2017ལོའི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། རིགས་མི་འདྲ་བའི་རྒྱུན་ལྡན་སྐོར་ཞིབ་སྐོར་སྲུང་བྱ་བའི་ཐེངས་ལྔ་བརྒྱ་ལྷག་སྤེལ་བ་དང་། རི་སྐྱེས་རི་དྭགས་ཀྱི་འཚོ་སྡོད་བྱེད་ས་དང་རྒྱུན་སྡོད་བྱེད་ས་ཉིས་བརྒྱ་ལྷག་ལ་ཞིབ་བཤེར་བྱས་ལ། ཆུ་ལམ་གྱི་རྡོ་སེག་རྒྱུ་ཆས་བཟོ་གྲྭ་དང་གཏེར་རྫས་ཚད་བརྒལ་སྔོག་འདོན་ཁུལ་སོགས་ས་ཆ་བརྒྱ་ལྷག་ལ་ཞིབ་བཤེར་བྱས་ནས། རྡོ་སེག་རྒྱུ་ཆས་བཟོ་གྲྭ་བཅོ་ལྔའི་སྒོ་རྒྱབ་པ་དང་། ཁྲིམས་འགལ་རྡོ་སེག་ལེན་ས་གཉིས་ལ་ཞིབ་བཤེར་བྱས་པ་མ་ཟད་ཆད་གཅོད་བྱས་ལ། འབྲེལ་ཡོད་འགན་ཁུར་མི་སྣར་སྒོར་མོའི་ཆད་པ་བཅད། སྐོར་ཞིབ་སྲུང་སྐྱོར་སྐབས་སུ་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་གཟིག་གཅིག་དང་ཤྭ་བ་མཆུ་དཀར་གཅིག་གི་སྲོག་བསྐྱབས།

དེ་དང་མཉམ་དུ། རྩ་སྟོད་རྫོང་རྣམ་སྲས་ཞང་གནས་མདོ་སྡེ་བ་དང་། འབྲི་སྟོད་རྫོང་དམར་སུལ་སྡེ་བ། ཆུ་དམར་ལེབ་རྫོང་གཡུ་དགེ་ཞང་ཧོང་ཆི་སྡེ་བ་བཅས་སྒྲིག་གཞི་ཚོད་ལྟ་དཔེ་སྟོན་སྡེ་བ་རུ་གཏན་ཁེལ་བྱས་ནས། དཔེ་སྟོན་སྡེ་བའི་སྒྲིག་གཞི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་བ་དང་། སྐྱེ་ཁམས་དོ་སྲུང་བའི་ཐད་ཀྱི་ལམ་ལུགས་སྣ་ཚོགས་ལག་བསྟར་ནན་མོ་བྱས། སྟོབས་ཤུགས་ཡོད་རྒུས2017ལོའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་དམ་འཛིན་བྱས་པ་དང་། འབྲི་ཆུའི་འགོ་ཁུངས་དང་རྫ་ཆུའི་འགོ་ཁུངས་ས་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ལ་གསུམ་དང་རྨང་གཞིའི་སྒོ་སྲུང་དྲུག ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བཞི། རིགས་དང་པོའི་སྲུང་སྐྱོབ་ས་ཚིགས་དྲུག་གི་ཚད་གཞི་ཅན་འཛུགས་སྐྲུན་དང་རིགས་གཉིས་པའི་སྲུང་སྐྱོབ་ས་ཚིགས་བརྒྱད་ཀྱི་ཚད་གཞི་ཅན་འཛུགས་སྐྲུན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མངག་གཏོང་ཁང་བདུན་གྱི་འཛུགས་སྐྲུན་ལས་གཞི་སོགས་ལས་གཞི་ལ་སུས་འཇོན་དེ་འགུག་དང་འགན་ལེན་འཛིན་བྱིན་པ་མ་ཟད། ཐོག་མའི་འཆར་འགོད་དང་བཟོ་སྐྲུན་པར་རིས་ལ་ཞིབ་བཤེར་བྱས་ནས་གྲོས་འཆམ་བྱུང་བ་དང་། ལས་གཞི་སྐོར་ཞིག་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས།

དེ་ལས་གཞན། ན་ནིང་ད་དུང་ཁོར་ཡུག་ཐོན་ཁུངས་ཐད་ཀྱི་དམངས་དོན་གྱོད་གཞི་གཅིག་དང་ཉེས་དོན་གྱོད་གཞི་བཞི་ཐག་བཅད་པ་དང་། གྱོད་གཞི་དང་འབྲེལ་བའི་མི་སྣ་བརྒྱད་ལ་ཁྲིམས་ཆད་བཅད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།