ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ > དུས་རབས་གསར་བ།

རྨ་ལྷོ་ཁུལ་གྱིས་རྩ་འཛུགས་དོ་དམ་ལ་ཤུགས་སྣོན་དང་སྡེ་སྡོད་ལས་བྱེད་པར་དོ་དམ་ནན་མོ་བྱས།

སྤེལ་དུས། 2018-07-09 09:43:32   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མིག་སྔའི་དབུལ་སྐྱོར་སྡེ་སྡོད་ལས་བྱེད་པར་དོ་དམ་བྱེད་ཚད་མི་འདང་བ་དང་སྒྲིག་ལམ་ལྷོད་པ། སྤྱོད་ཚུལ་མི་བཟང་བ་སོགས་ཀྱི་འབུར་ཐོན་གནད་དོན་ལ་ཁ་གཏད་དེ། ཉིན་རྒྱུན་གྱི་སློབ་སྦྱོང་དང་ཞིབ་བཤེར་དོ་དམ། ཟིན་བྲིས་འགོད་པ། མངོན་གསལ་སྒོས་ལྟ་ལྐུལ་བྱེད་པ། ལྟ་ཞིབ་ཁྱབ་བསྒྲགས་བཅས་ལམ་ལུགས་ལྔ་གཏན་འབེབས་བྱས་ནས། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་བྱ་བའི་རུ་ཁག་གིས་འགན་སྒྲུབ་ནན་མོ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་གདོང་ལེན་པའི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། དབུལ་སྐྱོར་སྡེ་སྡོད་བྱ་བའི་རུ་ཁག་གི་ལས་བྱེད་པས་དུས་ལྟར་བྱ་བའི་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་པ་དང་། ལས་སྒོའི་ཤེས་བྱར་རྒྱུས་ལོན་བྱེད་པར་རོགས་རམ་བྱེད་ཆེད། རྨ་ལྷོ་ཁུལ་གྱིས་ས་ཁུལ་སོ་སོས་གཟའ་འཁོར་གཉིས་རེའི་ནང་དབུལ་སྐྱོར་སྡེ་སྡོད་བྱ་བའི་རུ་ཁག་གི་ལས་བྱེད་པ་བསྡུས་ནས་ཐུན་མོང་གི་སློབ་སྦྱོང་བྱས་ཏེ། གཞི་རིམ་ཏང་འཛུགས་དང་ལས་གཞི་འཛུགས་སྐྲུན། ཉེན་ཁང་བསྒྱུར་བཀོད། བདེ་ཐང་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར་སོགས་ཕྱོགས་ནས། ཁུལ་ཡོངས་ཀྱི་སྡེ་སྡོད་བྱ་བའི་རུ་ཁག་གི་ལས་བྱེད་པ་ཡོངས་ལ་ཡོངས་ཁྱབ་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། དབུལ་སྐྱོར་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་གི་ལས་བྱེད་པས་དབུལ་སྐྱོར་སྡེ་སྡོད་བྱ་བའི་དམངས་དོན་ཉིན་དེབ་ནན་ཏན་སྒོས་འབྲི་བ་དང་། སྡེ་བའི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་དངོས་ཡར་ཞུ་བྱེད་པ། གནད་དོན་ཐག་གཅོད་པའི་གྲོས་གཞི་དང་བྱེད་ཐབས་འདོན་དགོས་པ་མ་ཟད། ལས་བྱེད་པའི་ལོ་ཧྲིལ་བོའི་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ཀྱི་གཞི་འཛིན་ས་གཙོ་བོ་བྱེད་དགོས་པའི་རེ་བ་བཏོན།

དེ་མ་ཟད། གཅིག་གྱུར་སྒོས་རྨ་ལྷོ་ཁུལ་གྱི་དབུལ་སྐྱོར་སྡེ་སྡོད་བྱ་བའི་རུ་ཁག་གི་གསལ་བསྒྲགས་ལྟ་སྐུལ་བྱང་བུ་ལས་པ་དང་། དབུལ་སྐྱོར་སྡེ་སྡོད་བྱ་བའི་རུ་ཁག་གི་ལས་བྱེད་པའི་མིང་དང་འདྲ་པར། འབྲེལ་གཏུག་ཁ་པར། སྡེ་སྡོད་སྐབས་ཀྱི་ཉིན་རེའི་བྱ་བའི་གནས་ཚུལ་གསལ་བསྒྲགས་བྱས་ནས། མང་ཚོགས་ཀྱིས་འབྲེལ་འདྲིས་དང་དོན་སྒྲུབ་བྱེད་པར་སྟབས་བདེ་བསྐྲུན་པ་དང་། རང་འགུལ་གྱིས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ལ།  དབུལ་སྐྱོར་སྡེ་སྡོད་ལས་བྱེད་པའི་ཐུན་སྡོད་ལམ་ལུགས་ལག་བསྟར་བྱས་པ་དང་། ཉིན་རེ་བཞིན་མིང་བཀོད་དེ། བྱ་བའི་རུ་ཁག་གི་ལས་བྱེད་པ་ཉིན་རྒྱུན་དུ་སྡེ་བར་བསྡད་དེ་བྱ་བ་བསྒྲུབ་པར་ཁག་ཐེག་བྱས།

ཁུལ་དང་རྫོང་གིས་རིམ་པ་བགོས་ནས་ལོ་རེར་གྲོན་དངུལ་སྒོར་འབུམ་གཉིས་ལྷག་བཀོད་སྒྲིག་བྱས་ཏེ། དབུལ་སྐྱོར་སྡེ་སྡོད་བྱ་བའི་རུ་ཁག་གི་ལས་བྱེད་པར་མི་ལུས་བར་ཆད་ཉེན་སྐྱོབ་ཉོས་པ་དང་། རྫོང་རིམ་པའི་ནོར་སྲིད་ཀྱིས་ལོ་རེར་དབུལ་སྐྱོར་བྱ་བའི་རུ་ཁག་རེ་ལ་བྱ་བའི་གྲོན་དངུལ་སྒོར་ཁྲི་གཅིག་ཙམ་བྱིན་ནས། བྱེད་ཐབས་མང་པོས་དབུལ་སྐྱོར་སྡེ་སྡོད་བྱ་བར་འགན་སྲུང་བྱས།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།