གངས་ལྗོངས་མེ་ལོང་།

       གངས་ལྗོངས་མེ་ལོང་སྤོ་སྒུལ་མགྲོན་སྣེ་ནི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་དང་ཨ་མདོ་བརྙན་འཕྲིན་གཉིས་ཏེ་སྲོལ་རྒྱུན་སྨྱན་བྱད་གཉིས་དང་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ་སྟེ་སྨྱན་བྱད་གསར་བའི་ཆ་འཕྲིན་ཐོན་ཁུངས་རྒྱུན་བསྲིངས་ཕྱོགས་བསྡུས་བྱས་ཏེ་གྲུབ་པའི་སྤོ་སྒུལ་སྨྱན་བྱད་གསར་བ་ཞིག་ཡིན་པ་དང་། འདིས་སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ཀྱི་བླང་བྱ་ལྟར་གསར་འགྱུར་དྲིལ་སྒྲོག་གི་རྩ་དོན་དང་གསར་དར་སྨྱན་བྱད་ཀྱི་དགེ་མཚན་ཟུང་དུ་འབྲེལ་ནས་ཞབས་ཞུའི་ལས་ཆོད་ཇེ་དྲག་ཏུ་བཏང་སྟེ། བོད་སྐད་ཀྱི་སྲོལ་རྒྱུན་རྒྱང་སྒྲོག་བརྙན་འཕྲིན་དང་གསར་དར་སྨྱན་བྱེད་དབར་ཕན་ཚུན་གྱི་དགེ་མཚན་འདོན་སྤེལ་དང་སྟོང་ཆ་སྐོང་རེས་བྱེད་པ་སོགས་གཞི་གཅིག་ཏུ་འབྲེལ་བའི་སྤྱི་འདུས་རང་བཞིན་གྱི་གསར་དར་ཞབས་ཞུའི་སྟེགས་བུ་ཞིག་ཡིན།

        གངས་ལྗོངས་མེ་ལོང་སྤོ་སྒུལ་མགྲོན་སྣེ་སྨན་བྱད་གསར་འདིས་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་སྐད་དྲ་བར་སྤོ་སྒུལ་མགྲོན་སྣེ་མེད་པའི་དུས་རིམ་ལ་རྫོགས་ཚིག་བཀོད་ཅིང་། སྨྱད་བྱད་བཅོས་སྒྲིག་བྱས་ཏེ་སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ཐད་རླབས་ཆེན་གྱི་གོམ་སྟབས་དང་པོ་སྤོས་པ་མ་ཟད། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱིས་སྤོ་སྒུལ་སྦྲེལ་དྲའི་སྟེང་ཕྱེས་པའི་སྒེའུ་ཁུང་གསར་བ་དང་མེ་ལོང་གསར་བ་ཡིན་ལ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་སྲོལ་རྒྱུན་སྨྱན་བྱད་ལས་དེང་རབས་ཆ་འཕྲིན་བརྒྱུད་སྒྲོག་གི་སྨྱན་བྱད་ཡོངས་ཁྱབ་སྟེགས་བུར་བརྒལ་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད། རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱ་མཉམ་བསྲེས་བྱེད་པ། དྲིལ་སྒྲོག་ནུས་ཤུགས་གོམ་གང་མདུན་སྤོས་ཀྱིས་རྒྱ་བསྐྱེད་པ། བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པ། མཚོ་སྔོན་གྱི་སྐད་གྲགས་དང་ཤེན་ཤུགས་རྒྱ་བསྐྱེད་པར་གཞན་ལས་ལྷག་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་པར་གདོན་མི་ཟའོ།།

  འབྲེལ་ཡོད་ཆ་འཕྲིན།
       Copyright © 2004-2016QHTBAll Rights Reserved 备案号:青ICP备05002201号-2 视听许可证:3010436