ཛམྦྷ་ལ་གངས་ལྗོངས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི།

སྤེལ་དུས། 2016-07-15 19:24:11   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 
 
var fo = createPlayer("v_player",950,610);fo.addVariable("videoId","vid");fo.addVariable("videoCenterId","1d1011681ebb44d0a6027df96da5d9d6");fo.addVariable("isAutoPlay","true");writePlayer(fo,"message_content");

ཁྲི་ཀ་རྫོང་ཛམྦྷ་ལ་གངས་ལྗོངས་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་ནི་རྨ་ཀླུང་སྒེག་ལྡན་ཆུ་མོའི་འགྲམ་རྒྱུད་ཀྱི་ཁྲི་ཀ་རྫོང་ཐོན་ལས་གསར་སྤེལ་ས་ཁུལ་དུ་གནས་ཤིང་། 2004ལོར་ཐོག་མར་འཛུགས་མགོ་བརྩམས་ལ། 2011ལོར་དངོས་སུ་བཙུགས། ལོ་ངོ་བཅུ་ཕྲག་རིང་གི་དཀའ་སྤྱད་འབད་བརྩོན་བརྒྱུད་ད་ལྟ་ཐོ་འགོད་མ་དངུལ་དམངས་སྒོར་ས་ཡ་བརྒྱད་དང་། ལས་བཟོ་བ་རེ་དྲུག་ཡོད་ལ། 2012ལོར་མ་དངུལ་བྱེ་བ་གསུམ་ལྷག་བཏང་སྟེ་མི་རིགས་ཐོན་ལས་གསར་འབྱེད་ཀྱི་ལས་ལ་འབད་པས། ཐོན་སྐྱེད་རིན་ཐང་བསྡོམས་པས་དམངས་སྒོར་ས་ཡ་གསུམ་དང་འབུམ་བདུན་དུ་སླེབས་ཤིང་། གཏན་ཆགས་མ་རྩ་དམངས་སྒོར་བྱེ་བ་གཅིག་དང་འབུམ་གསུམ་ལས་བརྒལ་ལ། མ་རྩ་བསྡོམས་པས་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་གཉིས་ཁྲི་བཞི་དང་། རྒྱུན་འཁོར་མ་རྩ་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་གཅིག་ཁྲི་ལྔ། ཐོན་སྐྱེད་དང་ཕྱིར་འཚོང་ཚད་100%ལ་སླེབས་ཤིང་། མཚོ་སྔོན་དང་ཀན་སུའུ། ཡུན་ནན། བོད་ལྗོངས་སོགས་སུ་ཕྱིར་འཚོང་ལྟེ་གནས་བཅུ་བཙུགས་ཡོད། 

 ཛམ་བྷ་ལ་གངས་ལྗོངས་རིག་གནས་ཀུང་ཟི་ཡིས་ལི་མའི་ལྷ་སྐུ་དང་། ཐང་ག ། གཞི་རྒྱ་ཆེ་བའི་ཐང་སྐུ། འཇིམ་བཟོ། བཙག་དྲུབ་སོགས་མི་རིགས་བཟོ་རྩལ་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་ཡོད་ལ། གནའ་རྫས་འདྲ་བཟོ་དང་སྐུ་ལྡུགས་པ། ཚོན་རིས་གཏོང་བ། གསེར་ཆུ་བྱུག་པ། འཇིམ་བཟོ། རྡུང་བཟོ་བཅས་གཞི་གཅིག་ཏུ་ཐོན་སྐྱེད་དང་མཁོ་འདོན། ཕྱིར་འཚོང་བཅས་བྱེད་པའི་རྣམ་པ་ཅན་གྱི་ཁེ་ལས་ཤིག་ཡིན་པས། ད་ལྟ་བོད་ཡུལ་གྱི་ལྷ་སྐུ་བཞེངས་སྐྲུན་དང་ལྷུ་སྒྲིག་ཞབས་ཕྱི་གཞི་གཅིག་ཏུ་བྱས་པའི་ཁེ་ལས་གཅིག་པུ་ཡིན།

ཛམ་བྷ་ལ་ཀུང་ཟིས་ཀུང་ཟི་གོང་འཕེལ་དུ་གཏོང་བའི་རྨང་གཞིའི་སྟེང་སྤྱི་ཚོགས་ལ་ཕན་ཁེ་བསྒྲུབ་པ་དང་། རིག་གནས་རྒྱུད་འཛིན་བྱེད་པ་གཙོར་བཟུང་ནས། རོང་འབྲོག་དམངས་ཚོགས་བསྡུ་རུབ་བྱས་ཏེ་ལག་ཤེས་གསབ་སྦྱོང་བྱེད་དུ་བཅུག་ལ། ལོ་རེར་ཀུང་ཟིས་མ་དངུལ་འབོར་ཆེན་བཏང་ནས་ས་གནས་དམངས་ཚོགས་20ཡས་མས་བོད་ལྗོངས་དང་། སི་ཁྲོན། ཀན་ལྷོ། རེབ་གོང་། སྐུ་འབུམ་སོགས་སུ་སློབ་སྦྱོང་བྱེད་པར་མངགས་པར་མ་ཟད། ཆེད་མཁས་པ་ཀུང་ཟིར་གདན་འདྲེན་ཞུས་ནས་སློབ་ཁྲིད་བྱེད་དུ་བཅུག་པས། མི་རིགས་ལག་ཤེས་བཟོ་ལས་ལག་རྩལ་རྒྱུད་འཛིན་ཐུབ་པ་བྱུང་ཞིང་། ལས་བསྒྲུབ་བྱེད་ནུས་སྣ་གཅིག་ཀྱང་རྒྱུད་ལ་ངེས། ཐོན་ལས་རང་བཞིན་གྱི་ལས་བསྒྲུབ་བརྒྱུད་ས་གནས་མང་ཚོགས་རོགས་སྐྱོར་བྱས་པ་བསྡོམས་པས་ཁྱིམ་གྲངས་སུམ་བརྒྱ་ལྷག་ཙམ་དང་། དེའི་ཁྲོད་དབུལ་ཕོངས་ཁྱིམ་གྲངས་ཉིས་བརྒྱ་དང་། ངལ་རྩོལ་པ་བསྡོམས་པས350ཡན་ལ་སླེབས་པས། སྤྱི་ཚོགས་ཀྱི་ལས་ཞུགས་དང་ཁྱིམ་ཚང་ཡོང་སྒོ་ཇེ་མཐོར་འགྲོ་བར་རོགས་སྐྱོར་མི་དམན་པ་བྱས།

ཛམ་བྷ་ལ་ཀུང་ཟི་ཡིས་མི་རིགས་ཁྱད་ཐོན་གྱི་ལག་ཤེས་བཟོ་ལས་རྒྱུད་འཛིན་དང་དར་སྤེལ་བྱ་ཆེད། སྔོན་གྱི་གསབ་སྦྱོང་འཛིན་གྲྭའི་རྨང་གཞིའི་སྟེང་ད་ལོ་རྫོང་དང་ཁུལ་སྲིད་གཞུང་ལ་ལག་ཤེས་སློབ་གྲྭ་འཛུགས་རྒྱུར་སྙན་ཞུ་ཕུལ་ཡོད་ལ། ལས་རིགས་ལག་རྩལ་སློབ་གྲྭ་འཛུགས་པ་བརྒྱུད་ལག་ཤེས་པ་སྐྱེད་བསྲིང་དང་ལས་རིགས་གསར་གཏོད། ཐོན་ལས་ཅན་དང་ཚད་ལྡན་ཅན། ཚོང་རྟགས་ཅན། སྣེ་ཁྲིད་ཅན་གྱི་ཕྱོགས་སུ་འབད་ཀྱིན་ཡོད་པས་རིག་གནས་རྒྱུད་འཛིན་དང་དཔལ་འབྱོར་གོང་འཕེལ་ཡོང་བར་སྟོབས་ཤུགས་འབུལ་བཞིན་མཆིས།

4AE50FED@28A0B24C.1D5F7F57.jpg

9A2E6A70@28A0B24C.1D5F7F57.jpg

9A2E6A70@C4E42561.6F5A7F57.jpg

9C2E6A70@BD86EE03.565D7F57.jpg

9D2E6A70@E5F92A7E.685D7F57.jpg

9F2E6A70@28A0B24C.1D5F7F57.jpg

94C3B7BE@0B593506.2B6D7F57.JPG

A19A2E6A@28A0B24C.1D5F7F57.jpg

A1972E6A@F303F128.905D7F57.jpg

མཉམ་སྤྱོད་བྱེད་གནས། 
function CheckPl(obj) { if(obj.saytext.value=="") { alert("您没什么话要说吗?"); obj.saytext.focus(); return false; } return true; }


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།