གངས་ཀྱི་པདྨོ་རེབ་གོང་སྒྱུ་རྩལ་ཚད་ཡོད་སྡེ་ཚོགས་ཀྱིས་ལས་བྱེད་མི་སྣ་བསྡུ་བའི་བརྡ་སྦྱོར།
2014.09.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

གངས་ཀྱི་པདྨོ་རེབ་གོང་སྒྱུ་རྩལ་ཚད་ཡོད་སྡེ་ཚོགས་ནི་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་གསར་དུ་བཙུགས་པའི་ཁེ་ལས་རང་བཞིན་གྱི་སྒྱུ་རྩལ་འཁྲབ་སྟོན་སྡེ་ཚོགས་ཤིག་ཡིན་ལ།མིག་སྔར་ཚོགས་པའི་འཕེལ་རྒྱས་སོགས་ཀྱི་ཆེད་དུ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ལས་བཟོ་བ༡༨བསྡུ་འཆར་ཡོད།

དང་པོ།   ལས་གནས་ཀྱི་རྣམ་གྲངས།

ཐེངས་འདིའི་བྱ་བའི་ལས་གནས་ལ་ཞབས་བྲོ་བ་ཕོ༦དང་མོ༦དྲུག གླུ་གཞས་པ༤ རྒྱ་བོད་སྐད་ཀྱི་མདོ་འཛིན་པ་མོ༡གར་སྟེགས་མཛེས་རིས་ཇུས་འགོད་དང་གློག་ཀླད་སྒྲ་བརྙན་སྒྲིག་སྦྱོར་པ༡བཅས་ཡོད་ལ། གླུ་གཞས་པ༤ནང་དམངས་ཁྲོད་གླུ་བ༡དང་གླུ་མ༡ ཆེད་ལས་གླུ་བ༡དང་གླུ་མ༡བཅས་བསྡུ་འཆར་ཡོད།

གཉིས་པ། ལས་བྱེད་མི་སྣ་བསྡུ་སྟངས།

མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར་བྱེད་པ། ཆེད་ལས་ཀྱི་རྒྱུགས་ལེན་པ། རྒྱུགས་འབྲས་གསལ་བསྒྲགས་བྱེད་པ། ལས་ཁུངས་དང་གན་རྒྱ་འཇོག་པ་བཅས་རིམ་པ་ལྔ་ཡོད།

གསུམ་པ། མི་སྣ་བསྡུ་བའི་ཁྱབ་ཁོངས།

བྱ་བའི་ལས་གནས་སོ་སོ་དང་འཚམས་པའི་བོད་ཁམས་ཡོངས་ཀྱི་འབྲིང་རིམ་དང་དེའི་ཡན་གྱི་མཐར་ཕྱིན་ལག་རྟགས་ཡོད་མཁན་ཐམས་ཅད།

བཞི་བ། ཆ་རྐྱེན།

གཅིག ཞབས་བྲོ་བར་འཛོམས་དགོ