བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་གཟུགས་འདས་རིག་གནས་སམ་ངག་བརྒྱུད་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏང་བ་དང་། སྲོལ་རྒྱུན་གྱི་རིག་གནས་རྩ་ཆེན་འདིའི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་ཆེད། ད་ལོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས«སྡེ་ཆེན་རྩེད་རའི»ལེ་ཚན་གྱི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་ལྔ་བའི་རྟིང་རྩོད་འགྲན་སྡུར་དེ་ཟླ་འདིའི་ཚེས27ཉིན་རྐང་ཚ་རྫོང་ཐོག་ནས་སྤེལ་རྒྱུ་ཡིན།
རེབ་འདིའི་རྟིང་རྩོད་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ལ་གླུ་བ་གཅིག་དང་གླུ་མ་གཅིག་བཅས་མི་གཉིས་ཡོད་པ་དང་བྱ་དགའ་ལ་སྒོར་མོ་སྟོང་བརྒྱད་རེ་དང་། བྱ་དགའི་དཔང་ཡིག་བཅས་སྟེར་རྒྱུ། བྱ་དགའ་ཨང་གཉིས་པར་གླུ་བ་གཉིས་དང་གླུ་མ་གཉིས་བཅས་མི་བཞི་ཡོད་པ་དང་། བྱ་དགའ་ལ་སྒོར་མོ་སྟོང་ལྔ་རེ་དང་བྱ་དགའི་དཔང་ཡིག་བཅས་སྟེར་རྒྱུ། བྱ་དགའ་ཨང་གསུམ་པར་གླུ་བ་གསུམ་དང་གླུ་མ་གསུམ་བཅས་མི་དྲུག་ཡོད་པ་དང་། བྱ་དགའ་ལ་སྒོར་མོ་སྟོང་གསུམ་རེ་དང་བྱ་དགའི་དཔང་ཡིག་བཅས་སྟེར་རྒྱུ་ཡིན་ལ། གསར་སྐྱེས་གླུ་བ་གཅིག་དང་གླུ་མ་གཅིག་གདམས་རྒྱུ་ཡིན་ལ་བྱ་དགའི་སྒོར་མོ་སྟོང་བརྒྱད་རེ་དང་བྱ་དགའི་དཔང་ཡིག་སྟེར་རྒྱུ། ཕུལ་བྱུང་གླུ་བ་གླུ་མ་བཅོ་བརྒྱད་ཡོད་པ་དང་བྱ་དགའ་ལ་སྒོར་བརྒྱད་བརྒྱ་རེ་དང་བྱ་དགའི་དཔང་ཡིག་བཅས་སྟེར་རྒྱུ་ཡིན། རྟིང་རྩོད་འགྲན་སྡུར་ལ་ཞུགས་པའི་གླུ་བ་གླུ་མ་དག་གི་འགྲོ་འདུག་བཟའ་གསུམ་གྱི་འགྲོ་སོང་ཡོད་ཚད་རྐང་ཚ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འགན་ལེན་བྱ་རྒྱུ་ཡིན།
མཚོ་བྱང་འགྲན་ཁུལ་ནས་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་སྟེང་ཚུད་པའི་གླུ་བ་མགོན་པོ་རྣམ་རྒྱལ། གླུ་མ་ཀླུ་ཐར་འཚོ། གླུ་བ་དར་རྒྱས་རྒྱལ། གླུ་མ་ཕུར་མཚོ། གཡང་འབུམ་བཀྲ་ཤིས། གླུ་མ་ཚེ་བྷོ། གླུ་བ་བསོད་ནམས་བཀྲ་ཤིས། གླུ་མ་གསེར་བཟང་སྒྲོལ་མ།གླུ་བ་རིག་ལྡན། གླུ་མ་བདེ་སྐྱིད་འཚོ།
མཚོ་ནུབ་འགྲན་ཁུལ་ནས་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་སྟེང་ཚུད་པའི་གླུ་བ་བསོད་ནམས་ནོར་བུ། གླུ་མ་གསར་མོ་འཚོ། གླུ་བ་བསམ་འགྲུབ། གླུ་མ་ལྕགས་རིས། གླུ་བ་བ་བཟང་ཚེ་རིང་། གླུ་མ་ཚེ་ལྷ་མོ། གླུ་བ་བཀྲ་ཤིས། གླུ་མ་སྒྲོལ་མ་འཚོ། གླུ་བ་སྐལ་བཟང་རྒྱལ། གླུ་མ་ལྕགས་མཚོ་སྐྱིད།
མཚོ་ལྷོ་འགྲན་ཁུལ་ནས་བསྐྱར་འགྲན་དང་རྟིང་རྩོད་ཁྲོད་འགྲན་སྡུར་སྟེང་ཚུད་པའི་གླུ་བ་བཀྲ་ཤིས་དོན་འགྲུབ། གླུ་མ་སངས་རྒྱས་སྐྱིད། གླུ་བ་དོན་གྲུབ་རྒྱ་མཚོ། གླུ་མ་མཁའ་འགྲོ་འཚོ། གླུ་བ་གཟུངས་འབུམ་རྒྱལ། གླུ་མ་མེ་བཙུན་སྐྱིད། གླུ་བ་མགོན་པོ་ཡུལ་ལྷ། གླུ་མ་འབྲུག་མོ་ཡག གླུ་བ་ཁྲིས་མ། གླུ་མ་དཔའ་མོ་མཚོ།
མགོ་ལོག་འགྲན་ཁུལ་ནས་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་སྟེང་ཚུད་པའི་གླུ་མ་ཚེ་རིང་སྒྲོལ་མ། གླུ་བ་ཚེ་ལོ། གླུ་མ་སྒྲོ་ལོ། གླུ་བ་རང་གྲོལ། གླུ་མ་ཡེ་ཤེས་མཚོ། གླུ་བ་དཔལ་སྲུང་། གླུ་མ་འབྲུག་ཆུང་། གླུ་བ་དོན་དབང་། གླུ་བ་བློ་གྲོས།
རྨ་ལྷོ་འགྲན་ཁུལ་ནས་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་སྟེང་ཚུད་པའི་གླུ་བ་བསྟན་པ་རྒྱ་མཚོ། གླུ་བ་ལྷུན་གྲུབ་རྒྱ་མཚོ། གླུ་བ་དགེ་ལེགས་རྣམ་རྒྱལ། གླུ་བ་ཚེ་རིང་རབ་བརྟན། གླུ་བ་གདུགས་དཀར་སྐྱབས། གླུ་མ་སྐལ་བཟང་སྐྱིད། གླུ་མ་གཡང་འཚོ་སྐྱིད། གླུ་མ་གདུགས་དཀར་སྐྱིད། གླུ་མ་བདེ་སྐྱིད་འཚོ། གླུ་མ་དོམ་པོ་སྐྱིད།
ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་ལྔ་བའི་རྩ་འཛུགས་ཚན་ཆུང་ནས།
2016ལོའི་ཟླ7པའི་ཚེས20ཉིན།