རྨ་ཆུ་རྫོང་སྐབས་བཅུ་བའི་གེ་སར་རྟ་རྒྱུག་དུས་སྟོན་གྱི་སྤྱི་བསྒྲགས།
2016.07.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

རྨ་ཆུ་རྫོང་གི༼ཀྲུང་གོའི་རྟ་རྒྱུག་གི་ཕ་སའི༽མིང་རྟགས་ཀྱི་དགེ་མཚན་སྔར་ལས་ལྷག་པར་གོང་དུ་སྤེལ་བ་དང་། ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཆེན་པོའི་སྤྱིའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད།  2016ལོའི་ཟླ8པའི་ཚེས13ཉིན་ནས་ཚེས17བར། ཡ་གླིང་གི་རྩྭ་ས་དང་པོར་འབོད་པའི་རྨ་ཆུ་རྩྭ་ཐང་དུ་རྨ་ཆུའི་སྐབས་བཅུ་བའི་གེ་སར་རྟ་རྒྱུག་དུས་ཆེན་དང་། སྐབས་བཞི་བའི་ནོར་ལུག་དང་འབྲོག་ཁྱིའི་འགྲེམ་སྟོན་དཔྱད་བསྡུར་འགྲན་ཚོགས་སྤེལ་རྒྱུ་ཡིན། འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

གཅིག རྟ་རྒྱུག་འགྲན་སྡུར་དང་འབྲེལ་ཡོད་ཀྱི་དོན་ཚན།
༡. བྱ་འགུལ་གྱི་མིང་། ཀྲུང་གོའི་མཚར་སྡུག་ལྡན་པའི་ཀན་ལྷོ་ཤམ་བྷ་ལ། རྨ་ཆུའི་སྐབས་བཅུ་བའི་གེ་སར་རྟ་རྒྱུག་དུས་ཆེན།
༢. བྱ་འགུལ་གྱི་ཁྱབ་ཁོངས། རྒྱལ་ཡོངས།
༣. བྱ་འགུལ་དུས་ཚོད། 2016ལོའི་སྤྱི་ཟླ8ཚེས13ཉིན།
༤. བྱ་འགུལ་ས་གནས། རྨ་ཆུ་རྫོང་གེ་སར་རྟ་རྒྱུག་ལྟེ་གནས།
༥. འགྲན་བསྡུར་གྱི་རྣམ་གྲངས།
སྲོལ་རྒྱུན་འགྲན་བསྡུར།  ༼རྨ་ཁུག་གི་རྟ་རིགས་མ་གཏོགས་བརྒྱུག་མི་ཆོག ༽ མགྱོགས་རྒྱུགས་སྨི1000ཅན་དང་སྨི3000ཅན། ཡུན་རྒྱུགས་སྨི་5000ཅན་དང་སྨི10000ཅན།
ཆེད་ལས་འགྲན་བསྡུར།  ༼རྟ་རིགས་ཀྱི་དབྱེ་བ་མེད༽མགྱོགས་རྒྱུགས་སྨི2000ཅན། ཡུན་རྒྱུགས་སྨི6000ཅན།

གཉིས། བྱ་དགའི་རྣམ་གྲངས་དང་བྱ་དགའི་དངུལ་སྒོར།
ཟླ8པའི་ཚེས13ཉིན་རྟ་རྒྱུག་སྒོ་འབྱེད་མཛད་སྒོ་སྤེལ་ཞིང་ཆེད་ལས་མགྱོགས་རྒྱུགས་སྨི2000ཅན་རྒྱུག་རྒྱུ་ཡིན་ལ། ཨང་རིམ་དགུའི་བར་བྱ་དགའ་གནང་རྒྱུ། བྱ་དགའི་དངུལ་སྒོར་ནི་སྒོར40000  སྒོར25000  སྒོར20000 སྒོར15000  སྒོར10000  སྒོར5000ཅན་བཞི་བཅས་ཡོད།༼བྱ་དགའི་དངུལ་ཁྱོན་ཁྲི13ཡིན་ལ་སྒོར་ཁྲིའི་ཡན་ལ་དངུལ་ཁྲལ20%ཡིན༽
ཟླ8པའི་ཚེས14ཉིན་སྲོལ་རྒྱུན་རྟ་རྒྱུག་གི་ཡུན་རྒྱུགས་སྨི5000ཅན་རྒྱུག་རྒྱུ་ཡིན་ལ་ཨང་རིམ་དགུའི་བར་བྱ་དགའ་གནང་རྒྱུ། བྱ་དགའི་དངུལ་སྒོར་ནི་སྒོར70000  སྒོར35000  སྒོར30000  སྒོར20000  སྒོར15000. སྒོར10000ཅན་བཞི་བཅས་ཡོད། ༼བྱ་དགའི་དངུལ་ཁྱོན་ཁྲི21ཡིན་ལ་སྒོར་ཁྲིའི་ཡན་ལ་དངུལ་ཁྲལ་20%ཡིན༽
ཟླ8པའི་ཚེས15ཉིན་སྲོལ་རྒྱུན་རྟ་རྒྱུག་གི་མགྱོགས་རྒྱུགས་སྨི1000ཅན་དང་ཆེད་ལས་ཡུན་རྒྱུགས་སྨི6000ཅན་རྒྱུག་རྒྱུ།
1.སྲོལ་རྒྱུན་མགྱོགས་རྒྱུགས་སྨི1000ཅན་ལ་ཨང་རིམ་དགུའི་བར་བྱ་དགའ་གནང་རྒྱུ། བྱ་དགའི་དངུལ་སྒོར་ནི་སྒོར30000 སྒོར20000.སྒོར10000.སྒོར8000.སྒོར5000. སྒོར3000ཅན་བཞི་བཅས་ཡོད། ༼བྱ་དགའི་དངུལ་ཁྱོན་སྒོར་ཁྲི8.5ཡིན་ལ་སྒོར་ཁྲིའི་ཡན་ལ་དངུལ་ཁྲལ20%ཡིན༽
2.ཆེད་ལས་ཡུན་རྒྱུགས་སྨི6000ཅན་ལ་ཨང་རིམ་དགུའི་བར་ལ་བྱ་དགའ་གནང་རྒྱུ། བྱ་དགའི་དངུལ་སྒོར་ནི་སྒོར80000 སྒོར40000  སྒོར30000  སྒོར20000  སྒོར15000 སྒོར10000ཅན་བཞི་བཅས་ཡོད། ༼བྱ་དགའི་དངུལ་ཁྱོན་སྒོར་ཁྲི་22.5ཡིན་ལ་སྒོར་ཁྲིའི་ཡན་ལ་དངུལ་ཁྲལ20%ཡིན།༽
ཟླ8པའི་ཚེས16ཉིན་སྲོལ་རྒྱུན་རྟ་རྒྱུག་མགྱོགས་རྒྱུགས་སྨི་3000ཅན་ཡིན་ལ་ཨང་རིམ་དགུའི་བར་བྱ་དགའ་གནང་རྒྱུ། བྱ་དགའི་དངུལ་སྒོར་ནི་སྒོར50000  སྒོར30000  སྒོར25000  སྒོར20000  སྒོར15000  སྒོར5000ཅན་བཞི་བཅས་ཡོད། ༼བྱ་དགའི་དངུལ་ཁྱོན་སྒོར་ཁྲི16ཡིན་ལ་སྒོར་ཁྲིའི་ཡན་ལ་དངུལ་ཁྲལ20%ཡིན།༽
ཟླ8པའི་ཚེས17ཉིན་སྲོལ་རྒྱུན་རྟ་རྒྱུག་ཡུན་རྒྱུགས་སྨི10000ཅན་ཡིན་ལ། ཨང་རིམ་དགུའི་བར་བྱ་དགའ་གནང་རྒྱུ། བྱ་དགའི་དངུལ་སྒོར་ནི་སྒོར200000 སྒོར60000 སྒོར40000 སྒོར30000  སྒོར20000 སྒོར10000ཅན་བཞི་བཅས་ཡོད། ༼བྱ་དགའི་དངུལ་ཁྱོན་སྒོར་ཁྲི39དང་སྒོར་ཁྲིའི་ཡན་ལ་དངུལ་ཁྲལ20%ཡིན།༽

གསུམ། མིང་ཐོ་འགོད་ཡུན།
2016ལོའི་ཟླ7པའི་ཚེས་15ནས་ཟླ8པའི་ཚེས་1༼ལུགས་རྙིང་གི་ཟླ6 པའི་ཚེས་12ནས་ཟླ་6པའི་ཚེས་29བར༽ དུས་ལས་འགྱངས་ཚེ་མིང་ཐོ་མི་འགོད།

བཞི། ཡུལ་དངོས་ནས་མིང་ཐོ་འགོད་ཡུན།
2016ལོའི་ཟླ8པའི་ཚེས6ནས་ཟླ་8པའི་ཚེས་9བར༼ལུགས་རྙིང་གི་ཟླ7པའི་ཚེས་4ནས་ཟླ7ཚེས7༽ དུས་ལས་འགྱངས་ཚེ་མིང་ཐོ་མི་འགོད།

ལྔ། ཐོ་འགོད་དང་འབྲེལ་གཏུག་བྱེད་ཡུལ།
འབྲེལ་གཏུག་ཁ་པར། 15209405373
བརྙན་སྐྱེལ་ཨང་གྲངས། 0941—6121156
ཡིག་སྒམ་ཨང་གྲངས། 2952348621@qq.com
འབྲེལ་གཏུག་མི་སྣ། མགོན་པོ། 13893966888
སྐལ་ཁོ།  13893914428
རྡོ་རྗེ།  18093936616
རིན་ཆེན་སྐྱིད། 15769381110
ས་གནས། རྨ་ཆུ་རྫོང་གེ་སར་རྟ་རྒྱུག་ལྟེ་གནས༼ཀྲུའུ་ཞི་སྟེགས་བུའི་ཁེར་ཐོག༽

དྲུག ནོར་ལུག་འབྲོག་ཁྱི་འགྲེམ་སྟོན་འགྲན་སྡུར་སྐོར་གྱི་འབྲེལ་ཡོད་དོན་ཚན།
1.བྱ་འགུལ་དུས་ཚད་།སྤྱི་ཟླ2016ལོའི་ཟླ8པའི་ཚེས13ཉིན་ནས་ཚེས14ཉིན་བར༼ལུགས་རྙིང་གི་ཟླ7པའི་ཚེས11ནས་ཚེས12བར༽
2.བྱ་འགུལ་ས་གནས། རྨ་ཆུ་རྫོང་བོད་གསུམ་ཕྱུགས་ཟོག་ཉོ་ཚོང་ཚོང་ར།
3.བྱ་འགུལ་གྱི་ཁྱབ་ཁོངས།༡.ནོར་ནག་འགྲེམ་སྟོན་འགྲན་བསྡུར་རྨ་ཆུ་རྫོང་ཁོངས་ཁོ་ན་ཡིན། འབྲོག་ཁྱི་འགྲེམ་སྟོན་ནི་རྒྱལ་ཡོངས་ཀྱི་རྨ་ཁུག་འབྲོག་ཁྱི་དགའ་མོས་ཡོད་མཁན་རྣམས།
4. དགའ་རྟགས་རྣམ་གྲངས་དང་དགའ་རྟགས་དངུལ་སྒོར།
ནོར་ནག་དང་བོད་ལུག་འགྲན་བསྡུར་ལ་ཨང་དང་པོ། གཉིས་པ། གསུམ་པ་ཡོད།
གཡག་འགྲན། ཨང་དང་པོ་གསུམ། བྱ་དགའ་སྒོར་ཁྲི1.5 ཨང་གཉིས་པ་གསུམ། བྱ་དགའ་སྒོར་སྟོང་8 ཨང་གསུམ་པ་བཅུ། བྱ་དགའ་སྒོར་སྟོང་5 ཁྱོན་སྒོར་ཁྲི་15.1ཡིན།
བོད་ལུག་འགྲན་བསྡུར། ཨང་དང་པོ་གསུམ། བྱ་དགའ་སྒོར་ཁྲི1. ཨང་གཉིས་པ་བདུན། བྱ་དགའ་སྒོར་སྟོང་6 ཨང་གསུམ་པ་བཅུ། བྱ་དགའ་སྒོར་སྟོང4 ཁྱོན་སྒོར་ཁྲི11.2ཡིན།
འབྲོག་ཁྱིའི་འགྲན་བསྡུར་ལ༼རྨ་ཁུག་གི་འབྲོག་ཁྱི་མིང་གྲགས་ཅན་བཅུ༽འདེམ་རྒྱུ་ཡིན་ལ། རེ་རེར་སྒོར་ཁྲི་གཅིག་གི་བྱ་དགའ་ཡོད།ཁྱོན་སྒོར་ཁྲི་བཅུ་ཡིན།བྱ་དགའི་སྒོར་ཁྱོན་ལ་སྒོར་ཁྲི36.3ཡོད།༼ཁྲལ་འདུ༽

བདུན། མིང་ཐོ་འགོད་ཡུན།
2016ལོའི་ཟླ7པའི་ཚེས15ནས་ཟླ8པའི་ཚེས11བར༼ལུགས་རྙིང་གི་ཟླ6པའི་ཚེས་12ནས་ཟླ7ཚེས9༽ དུས་ལས་འགྱངས་ཚེ་མིང་ཐོ་མི་འགོད།

བརྒྱད། ཡུལ་དངོས་ནས་མིང་ཐོ་འགོད་ཡུན།
2016ལོའི་ཟླ8པའི་ཚེས12ཉིན་གྱི་ཕྱི་དྲོ་དུས་ཚོད14དང་སྐར་མ30ནས་ཟླ8པའི་ཚེས13ཉིན་གྱི་ཉིན་གུང་གི་དུས་ཚོད12བར་ཡིན།༼ལུགས་རྙིང་གི་ཟླ7པའི་ཚེས10ནས་ཟླ7པའི་ཚེས11བར༽དུས་ལས་འགྱངས་ཚེ་མིང་ཐོ་མི་འགོད།

དགུ འགྲན་སྡུར་དུས་ཚོད།
2016ལོའི་ཟླ8པའི་ཚེས13ནས་ཟླ་8པའི་ཚེས14བར།

བཅུ། བྱ་འགུལ་གཞུང་ལས་ཁང་།
འབྲེལ་གཏུག་ཁ་པར།0941—6121461
བརྙན་སྐྱེལ་ཨང་གྲངས།0941—6121461
འབྲེལ་གཏུག་མི་སྣ། སྐུ་ཞབས་ཙོང་། 13893934076
སྐུ་ཞབས་མཱ། 13909410162

བཅུ་གཅིག ཟུར་བཀོད།

རྨ་ཆུ་རྫོང་གི་སྐབས་བཅུ་བའི་གེ་སར་རྟ་རྒྱུག་དུས་སྟོན་དང་སྐབས་བཞི་བའི་ནོར་ལུག་འབྲོག་ཁྱིའི་འགྲེམ་སྟོན་འགྲན་བསྡུར་གྱི་ཞིབ་ཕྲའི་ཆ་འཕྲིན་དྲ་ཚིགས་ལ་གཟིགས་རོགས།
1.中国甘南网“首页—新闻发布会” (http://www.gannancn.cn/)
2.关注甘南头条(ID:gannantt)
3.玛曲宣传网“首页—玛曲动态”
4.“魅力玛曲”手机客户端。

ཀན་ལྷོ་རྨ་ཆུའི་གེ་སར་རྟ་རྒྱུག་མཐུན་ཚོགས།
རྨ་ཆུ་རྫོང་ནོར་གནག་དང་བོད་ལུག་མཐུན་ཚོགས།
རྨ་ཆུ་རྫོང་འབྲོག་ཁྱིའི་མཐུན་ཚོགས།
2016ལོའི་ཟླ7ཚེས14ཉིན།